网站无障碍
2031ལོའི་སྔ་གཞུག་ཏུ་སྐར་མ་མིག་དམར་གྱི་མ་དཔེ་འཁྱེར་ཡོང་འཆར་ཡོད།
发布时间:2026年10月13日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

     སྐར་མ་མིག་དམར་ནི་མིའི་རིགས་སའི་གོ་ལ་དང་། ཟླ་བའི་གོ་ལའི་མ་ལག་དང་ཁ་བྲལ་ནས་མཁའ་དབྱིངས་སུ་རྒྱུག་པའི་གོ་རིམ་ཁྲོད། འབད་བརྩོན་བྱས་ན་ཐོབ་ཐུབ་པའི་དམིགས་འབེན་ཞིག་རེད། སྐར་མ་ལྷག་པ་ནི་ཉི་མ་དང་ཐག་ཉེ་ཞིང་། པ་སངས་ནི་ཁོར་ཡུག་ཞན་པ། གནམ་གཟུགས་གཞན་པ་དག་རྒྱང་ཐག་ཧ་ཅང་རིང་། དེ་དང་བསྡུར་ན། སྐར་མ་མིག་དམར་གྱི་ཆ་རྐྱེན་ཧ་ཅང་བཟང་སྟེ། དེ་ལ་སྲབ་པའི་རླུང་ཁམས་ཆེན་པོ་དང་། ཆུ་དང་འཁྱགས་ཡོད་ལ། རང་འཁོར་འཁོར་ཡུན་དང་དུས་ཚིགས་བརྗེ་རེས་ནི་སའི་གོ་ལ་དང་ཐག་ཉེ་མཚུངས་རེད། དེར་བརྟེན། སྐར་མ་མིག་དམར་ནི་མིའི་རིགས་སྐར་མཚམས་ཤེས་རིག་གི་ཕྱོགས་སུ་སྐྱོད་པའི་ས་ཚིགས་ཤིག་ཏུ་ཧ་ཅང་འཚམ་པོ་ཞིག་རེད།

图片

    སྐར་མ་མིག་དམར་རུ་གནས་སྤོ་བ་མངོན་འགྱུར་ཡོང་བར་ད་དུང་གནད་དོན་ཆེན་པོ་གསུམ་ཐག་གཅོད་དགོས། གཅིག་ནི་སའི་གོ་ལ་དང་སྐར་མ་མིག་དམར་བར་གྱི་ཆ་འཕྲིན་ཕན་ཚུན་སྤེལ་རེས་བྱེད་དགོས། ཧྲང་ཧའེ་གནམ་དཔྱད་ལས་ཁུངས་ཀྱིས་སྣེ་ཁྲིད་པའི་ཧ་ཅང་རིང་བའི་གཞི་ཐིག་ཐེ་གཏོགས་ཚད་འཇལ(VLBI)ཚད་འཇལ་གཏན་འཁེལ་བྱས་དོན། འཁོར་ལམ་མ་ལག་གིས་སྐར་མ་མིག་དམར་དུ་སྐྱོད་པའི་འཇིག་རྟེན་འཕུར་སྐྱོད་འཕྲུལ་ཆས་ཀྱི་འཁོར་ལམ་ལ་ཞིབ་གཙིགས་ཚད་འཇལ་ཐུབ་པ་དང་། འཁོར་ལམ་དུ་བདེ་བླག་ཡོང་བར་ཁག་ཐེག་བྱེད་ཐུབ། གནམ་འདྲི་ཨང་དང་པོའི་ལས་འགན་ཁྲོད་ཐོག་མའི་ར་སྤྲོད་བྱུང་ཡོད། གཉིས་ནི་སའི་གོ་ལ་དང་སྐར་མ་མིག་དམར་བར་གྱི་དངོས་པོ་ཕན་ཚུན་སྤེལ་རེས་བྱེད་དགོས། ང་ཚོས་འཇིག་རྟེན་འཕུར་སྐྱོད་འཕྲུལ་ཆས་སྐར་མ་མིག་དམར་ལ་སྐྱེལ་ཆོག་མོད། འོན་ཀྱང་མིག་སྔར་སྐར་མ་མིག་དམར་སྟེང་གི་དངོས་པོ་འཚོལ་བསྡུ་བྱས་ནས་ཕྱིར་ལོག་མི་ཐུབ། གནམ་འདྲི་ཨང་གསུམ་པའི་ལས་འགན་འཆར་གཞི་ནི་2028ལོའི་སྔ་རྗེས་སུ་འཕེན་གཏོང་བྱ་རྒྱུ་དང་། 2031ལོའི་སྔ་རྗེས་སུ་སྐར་མ་མིག་དམར་གྱི་མ་དཔེ་འཁྱེར་ནས་སའི་གོ་ལར་ཕྱིར་ལོག་བྱེད་དགོས། གསུམ་ནི་མི་སྣ་འཚོ་གནས་འགན་སྲུང་བྱེད་དགོས། སྐར་མ་མིག་དམར་གྱི་ཕྱི་ངོས་དྲོད་ཚད་དམའ་བ་དང་། ཁྱབ་འགྱེད་མཐོ་བ། ལྗིད་ཤུགས་དམའ་བ། རླུང་གནོན་དམའ་བ། ཆུ་དཀོན་པ། གསོ་རླུང་དཀོན་པ་བཅས་ཀྱི་དབང་གིས་སྐར་མ་མིག་དམར་གྱི་ཐོན་ཁུངས་ཇི་ལྟར་བྱས་ནས་ས་གནས་དེ་གར་བེད་སྤྱོད་བྱ་རྒྱུར་ད་དུང་ཞིབ་འཇུག་བྱེད་དགོས།