网站无障碍
རྐང་ཚ་རྫོང་གིས་སྟོན་བསྡུའི་ལས་འགན་གལ་ཆེན་ལ་གདོང་གཏད་དེ་འབྲུ་རིགས་མཛོད་འཇུག་གི་བྱ་བར་གཞོགས་འདེགས་བྱས།
发布时间:2026年10月14日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས།  མཚོ་བྱང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

  མཐོ་སྒང་སྟོན་བསྡུའི་གནད་འགག་གི་དུས་ལ་སླེབས་པ་དང་བསྟུན་ནས། རྐང་ཚ་རྫོང་གིས"ཉིན100ལ་ཤུགས་ཀྱིས་བསྒྲུབ་ནས་ལོ་འཁོར་མོར་རྒྱལ་ཁ་ལེན་པའི"དམིགས་འབེན་ལ་དམ་པོར་དམིགས་ནས། འབྲུ་རིགས་བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱས་ཡོད། ལས་སྒྲུབ་མི་སྣས་གནམ་གཤིས་ཀྱི་འགྱུར་ལྡོག་ལ་དོ་སྣང་ཆེན་པོ་བྱས་ནས། ཞིང་ལས་འཕྲུལ་ཆས་ཀྱི་སྟོབས་ཤུགས་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་པ་དང་། ཞིང་ཕྱུགས་ལག་རྩལ་མི་སྣ་ཞིང་ཁར་བསྐྱོད་དེ་ཡུལ་དངོས་སུ་ཞིང་ལས་འཕྲུལ་ཆས་སྒྲིག་སྦྱོར་དང་ཞིང་ལས་སྲུང་སྐྱོང་དོ་དམ་བཅས་ལ་མཛུབ་སྟོན་བྱས་ཏེ། ཞིང་བ་རྣམས་ཀྱི་བརྔ་བསྡུའི་དཀའ་ཁག་དུས་ཐོག་ཏུ་ཐག་གཅོད་བྱས་ཤིང་ཞིང་ལས་དུས་ཚིགས་ལེགས་པོ་འདིར་དམ་འཛིན་ཤུགས་ཆེན་བྱས་ནས། འབྲུ་རིགས་ཚང་མ་འབྲུ་མཛོད་དུ་བདེ་བླག་ངང་འཇུག་ཐུབ་པར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད།

图片

  རྐང་ཚ་རྫོང་གིས་འབྲུ་རིགས་བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་དང་། གནམ་གཤིས་ཀྱི་འགྱུར་ལྡོག་ལ་དོ་སྣང་ཆེན་པོ་བྱས་ནས།  ཞིང་ལས་འཕྲུལ་ཆས་ཀྱི་སྟོབས་ཤུགས་གཅིག་གྱུར་འཆར་འགོད་བྱས་པ་དང་། ལག་རྩལ་མི་སྣ་ཞིང་ཁར་བསྐྱོད་དེ་ཡུལ་དངོས་སུ་ཞིང་ལས་བྱ་བར་མཛུབ་ཁྲིད་བྱས་པ་བརྒྱུད་ཞིང་བ་མང་ཚོགས་ཀྱི་བརྔ་བསྡུའི་དཀའ་ཁག་སེལ། ཡུལ་ཚོ་སོ་སོས་གནམ་གཤིས་བཟང་བའི་གོ་སྐབས་དམ་འཛིན་བྱས་ཏེ། ནས་དང་ལོག་དཀར། ཡུག་པོ་བཅས་བརྔ་བསྡུ་དང་སྐམ་གསེད་བྱེད་པའི་བྱ་བ་ཇེ་མགྱོགས་སུ་བཏང་ནས། ཞིང་ཁར་ལོ་ལེགས་བྱུང་བའི་རྣམ་པ་ལེགས་པོ་ཞིག་མངོན་ཡོད།

  མིག་སྔའི་བར་དུ་རྫོང་ཡོངས་སུ་སྟོན་བསྡུ་རྒྱ་ཁྱོན་མུའུ་ཁྲི་བཞི་དང་སྟོང་གཅིག་སུམ་བརྒྱ་ཉི་ཤུ་བསྡུས་ཟིན་པ་དང་། དེའི་ཁྲོད་དུ་ནས་མུའུ་སྟོང་བདུན་བརྒྱ་དང་སུམ་བཅུ་དང་། ལོག་དཀར་མུའུ་ཁྲི་གཉིས་དང་སྟོང་དགུ་དྲུག་བརྒྱ་ཉི་ཤུ།  ཡུག་པོ་མུའུ་སྟོང་བཞི་ལྔ་བརྒྱ་བདུན་བཅུ་བཅས་ཚུད་ཡོད་པ་མ་ཟད། རྫོང་ཡོངས་ཀྱི་མུའུ་འབུམ་གཅིག་ཁྲི་གཅིག་དང་སྟོང་ལྔའི་ཞིང་ལས་འགན་བཅོལ་ཉོས་ཡོད་པས་སྟོན་བསྡུ་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།