ཞང་ཀང་ནས་ལྷ་ས་བར་ཚུད་པའི་མཁའ་ལམ་གསར་པ་གཉིས་བསྣན་འདུག
发布时间:2026年10月19日
消息来源:
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མི་དམངས་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ལྷ་ས་ནས་འགྲོ་འོང་གི་མཁའ་ལམ་གསར་པ་གཉིས་བསྣན་འདུག
བོད་ལྗོངས་མཁའ་འགྲུལ་གྱི་མཁའ་ལམ་མང་པོ་གསར་སྒྱུར་བྱས་ཡོད། དེའི་ནང་། ལྷ་ས་ནས་ཕར་འགྲོ་ཚུར་འོང་བྱེད་པའི་མཁའ་ལམ་གསར་པ་གཉིས་ཡོད་པ།

ཞང་ཀང་⇌ཁྲེང་ཏུའུ་ཧྲོང་ལིའུ་⇌ལྷ་སའི་དུས་གཏན་གནམ་གྲུ།
ཟླ11ཚེས་29ཉིན་ཤར་གཏོང་ཐུབ་པའི་འཆར་གཞི་ཡོད། ཞང་ཀང་ནས་ཁྲེང་ཏུའུ་ཧྲོང་ལིའུ་བརྒྱུད་ལྷ་སར་ཐད་ཀར་གཏོང་བ་དང་། བར་བརྒྱུད་ཐེངས་མང་བྱེད་དགོས་དོན་མེད་པར་མཐོ་སྒང་གི་གྲོང་ཁྱེར་ལ་སླེབས་ཐུབ། ཁྲེང་ཏུའུ་རུ་འབྱོར་རྗེས་དུས་གཏན་གནམ་གྲུ་བརྒྱུད་ནས་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་འཕུར་ཆོག

ལྷ་ས⇌ཞི་ཨན⇌ཁྲང་ཁྲུན།
དུས་གཏན་གནམ་གྲུའི་ཨང་གྲངས་TV9827/28ཡིན་པ་དང་། གཟའ་འཁོར་རེའི་གཟའ་མིག་དམར། གཟའ་ཕུར་བུ། གཟའ་སྤེན་པ་བཅས་ལ་འཕུར་རྒྱུ།