网站无障碍
མཚོ་བྱང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་གསར་འགྱུར་བརྩམས་ཆོས12ལ་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་བཞི་བའི་སྟེང་བྱ་དགའ་ཐོབ།
发布时间:2026年10月29日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

  ཉེ་ཆར། རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་བཞི་བ་བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་གྲོལ།

图片

  རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་ཚོགས་འདུར་པེ་ཅིང་དང་། བོད་ལྗོངས། ཀན་སུའུ། སི་ཁྲོན། མཚོ་སྔོན། ཡུན་ནན་སོགས་ནས་ཕེབས་པའི་བོད་ཡིག་གི་སྨྱན་སྦྱོར་ལས་ཁུངས29ཡི་འཐུས་མི60ཚོགས་འདུར་ཞུགས་ཤིང་། དུས་མཚུངས་སུ་ཕུལ་བྱུང་བརྩམས་ཆོས་དཔྱད་ཞིབ་བྱ་བ་སྤེལ། ཚོགས་འདུ་འདི་ནི་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་ཁྱབ་ཁོངས་ཀྱི་ཚད་གཞི་མཐོ་བ་དང་ཆེད་ལས་རང་བཞིན་ཆེ་བ། ཤུགས་རྐྱེན་ཐེབས་ཤུགས་ཆེ་བ་བཅས་ཀྱི་ལས་རིགས་ཚོགས་འདུ་གཟབ་རྒྱས་ཤིག་རེད།   

图片

图片

  ཐེངས་འདིར་རྒྱལ་ཡོངས་བོད་འབྲེལ་ས་ཁུལ་གྱི་སྨྱན་སྦྱོར་ལས་ཁུངས29ནས་ཁྱོན་བསྡོམས་བརྩམས་ཆོས622འབྱོར་བ་དང་། དེ་དག་ལས་བརྩམས་ཆོས416དཔྱད་འདེམ་གྱི་གོ་རིམ་དངོས་ལ་ཚུད་པར་མ་ཟད། དཔྱད་ཞིབ་ཚན་ཆུང་གིས་ཉིན་གཉིས་རིང་ལ་དྲང་བདེན་དང་འདྲ་མཉམ་གྱི་རྩ་དོན་གཞིར་བཟུང་། དཔྱད་འདེམ་ནན་མོ་བྱས་པ་བརྒྱུད་དམིགས་བསལ་རིམ་པའི་བྱ་དགའ12དང་། བྱ་དགའ་ཨང་དང་པོ89། བྱ་དགའ་ཨང་གཉིས་པ125། བྱ་དགའ་ཨང་གསུམ་པ190བཅས་བདམས་ཐོན་བྱུང་ཞིང་། དེའི་ཁྲོད། མཚོ་བྱང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་བརྩམས་ཆོས12ལ་བྱ་དགའ་ཐོབ་ཡོད།    

图片