སྲོག་ཆགས་འདི་འདྲ་ཞིག་རྙེད་འདུག
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མི་དམངས་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཀུའེ་ཀྲོའུ་ཞིང་ཆེན་ས་གཤིས་རྟེན་རྫས་བཤམས་མཛོད་ཁང་གིས་པེ་ཅིང་སློབ་ཆེན་དང་། ཨ་རིའི་ཅ་ཀྲོའུ་སློབ་ཆེན་ཏའེ་ཝེ་སི་ཡན་ལག་སློབ་གྲྭའི་མཁས་དབང་ལས་གྲུབ་པའི་རྒྱལ་སྤྱིའི་མཉམ་ལས་ཞིབ་འཇུག་ཚོགས་པས་མཉམ་འབྲེལ་བྱས་ཏེ་ཀུའེ་ཀྲོའུ་ཀོན་ལིང་རྫོང་དུ་སུམ་བརྩེགས་དུས་རབས་ཕྱི་མའི་ས་གཞི་ཆགས་རིམ་ལས་རྙེད་པའི་རུས་པའི་འགྱུར་རྡོ་ཆ་ཚང་གཉིས་ལས། ད་བར་ལོ་དུང་ཕྱུར་2.37ཙམ་གྱི་སྐམ་ཆུ་གཉིས་ཀར་འཚོ་བའི་མཚོ་རྩངས་བྱ་བའི་སྲོག་ཆགས་རྙེད་ཡོད།

ཞིབ་འཇུག་མི་སྣས་སྲོག་ཆགས་མཚོ་རྩངས་ཀྱི་རྣམ་པ་སླར་གསོ་བྱས་གསལ་དུ། དེའི་ལུས་པོ་ལེབ་མོ་དང་། ལུས་པོར་རུས་ཁྲབ་མཐུག་པོ་ཡོད་པ། མགོ་ཆེ་བ། ཁ་ཆེ་བ། རྣ་གཤོག་གཞུ་དབྱིབས་འདྲ་བ་སྲ་ཞིང་བརྟན་པ་བཅས་ཡོད། དཔྱད་རྩོམ་གྱི་ཐུན་མོང་འཕྲིན་གཏོང་རྩོམ་པ་པོ་པེ་ཅིང་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཅང་ཏ་ཡུང་གིས། དེའི་གོང་ལ་རིག་གཞུང་ལས་རིགས་ཀྱིས་རྒྱ་མཚོའི་ཁོར་ཡུག་ཏུ་འཚོ་གནས་ཐུབ་པའི་སྐམ་ཆུ་གཉིས་ཀར་འཚོ་བའི་སྲོག་ཆགས་ད་བར་ཤེས་རྟོགས་བྱུང་མེད་མོད། འོན་ཀྱང་སྲོག་ཆགས་མཚོ་རྩངས་ནི་ད་ལྟའི་བར་ཤེས་རྟོགས་བྱུང་བའི་རྒྱ་མཚོའི་ཁོར་ཡུག་ཏུ་འཚོ་གནས་ཐུབ་པའི་སྐམ་ཆུ་གཉིས་ཀར་འཚོ་བའི་སྲོག་ཆགས་ཐོག་མ་དེ་རེད་གསུངས།

འབྲེལ་ཡོད་གྲུབ་འབྲས་པེ་ཅིང་གི་དུས་ཚོད་ཟླ་10ཚེས་27ཉིན་དྲ་ཐོག་ནས་རྒྱལ་སྤྱིའི་རིག་གཞུང་དུས་དེབ་《རང་བྱུང་-སྣོད་བཅུད་དང་འཕེལ་འགྱུར》ཞེས་པའི་ཐོག་སྤེལ་བ་རེད།
