网站无障碍
ལོ་1800གོང་ཆུར་ནུབ་པའི་གྲུ་གཟིངས་3རྙེད་འདུག
发布时间:2026年11月03日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མི་དམངས་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

   ཉེ་ཆར།  པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་གནའ་རྫས་རྟོག་ཞིབ་རིག་གཞུང་སྤེལ་རེས་བྱེད་སྒོ་སྐབས་བཞི་པ་དང་2026ལོའི་པེ་ཅིང་སྤྱི་དམངས་གནའ་རྫས་རྟོག་ཞིབ་དུས་ཚིགས་ཀྱི་མཇུག་འགྲིལ་མཛད་སྒོའི་ཐོག གནའ་རྫས་རྟོག་ཞིབ་གསར་ཤོས་རབ་དང་རིམ་པ་ཁྱབ་བསྒྲགས་བྱས་པའི་ནང་། པེ་ཅིང་ཧྥེང་ཐའེ་ནས་ཧན་རྒྱལ་རབས་དང་ཅིན་རྒྱལ་རབས་སྐབས་ཀྱི་ཆུར་ནུབ་པའི་གྲུ་གཟིངས་3རྙེད་འདུག 

图片

པེ་ཅིང་གྲོང་ཁྱེར་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་མི་སྣ་ཏིང་ལི་ནཱ་ཡིས་ཧྥེང་ཐའེ་ཡི་ཧན་དང་ཅིན་རྒྱལ་རབས་སྐབས་ཀྱི་གྲུ་གཟིངས་ནུབ་པའི་སྐོར་གྱི་གནའ་རྫས་རྟོག་ཞིབ་ལ་གྲུབ་འབྲས་གསར་པ་ཐོབ་པ་ངོ་སྤྲོད་བྱས་པ་རེད། 

图片

2025ལོའི་ཟླ་11པ་ནས་ཟླ་12པའི་བར། ཝན་ཆོན་དགོན་གྲོང་ཚོའི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་རྣམ་གྲངས་ལ་གཞོགས་འདེགས་བྱེད་ཆེད། པེ་ཅིང་གྲོང་ཁྱེར་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་དུས་འགོའི་རྩད་ཞིབ་ཀྱི་རྨང་གཞིའི་ཐོག ཧན་རྒྱལ་རབས་དང་ཅིན་རྒྱལ་རབས་སྐབས་ཀྱི་ཆུར་ནུབ་པའི་གྲུ་གཟིངས་3དང་དེ་བཞིན་འབྲེལ་ཡོད་ཆུ་ལམ་གྱི་རྗེས་ཤུལ་རྙེད་པ་རེད། 

图片

གྲུ་གཟིངས་3པོའི་གྲུ་མགོ་ཚང་མ་ལྷོ་ནུབ་ལ་ཕྱོགས་ཡོད་པ་དང་། ད་ལྟའི་ས་ངོས་ནས་སྨི་7ཡོད་པའི་ས་འོག་གི་གནའ་བོའི་ཆུ་ལམ་གྱི་དཀྱོག་མཚམས་སུ་གནས་ཡོད། ད་བར་ལོ་1800ཙམ་སོང་ཡོད།