རྒྱལ་རབས་འདིའི་སྐབས་ཀྱི་ལྕགས་རི་རིང་པོའི་རྗེས་ཤུལ་རྙེད་འདུག
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མི་དམངས་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་ཆར། པེ་ཅིང་གྲོང་ཁྱེར་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་གནའ་རྫས་རྟོག་ཞིབ་མི་སྣས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་གནའ་རྫས་རྟོག་ཞིབ་རིག་གཞུང་སྤེལ་རེས་བྱེད་སྒོ་སྐབས་བཞི་པའི་ཐོག པེ་ཅིང་ཁྲང་ཕིང་ཏ་ལིང་ལུང་ཤུར་དུ་གནའ་བོའི་ལྕགས་རི་རིང་པོའི་སྲུང་མཁར་སྐོར་དུ་གནའ་རྫས་རྟོག་ཞིབ་གྲུབ་འབྲས་ཁྱབ་བསྒྲགས་བྱས་པ་རེད།

གནའ་རྫས་རྟོག་ཞིབ་བྱས་པ་བརྒྱུད། ས་འོག་ནས་ཐོན་པའི་ཤུལ་བཞག་དངོས་པོ་སྔོག་འདོན་བྱས་པ་དང་། ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆ་དང་ཟུང་འབྲེལ་བྱས་ཏེ་རིགས་གཅིག་མཁས་ཅན་གྱིས་རིགས་པས་ཁུངས་སྐྱེལ་དང་ཕྱོགས་བསྡུས་བརྡར་ཤ་བཅད་དོན། ཁྲང་ཕིང་ཏ་ལིང་ལུང་ཤུར་དུ་སྔ་དུས་ཀྱི་ལྕགས་རི་རིང་པོའི་སྲུང་མཁར་རྗེས་ཤུལ་གྱི་དུས་གཙོ་བོ་ནི་ཆི་རྒྱལ་རབས་བྱང་མ་དང་། སུའེ་རྒྱལ་རབས། ཅིན་རྒྱལ་རབས་བཅས་ཀྱི་སྐབས་སུ་སྤྱོད་ཀྱི་ཡོད་པ་རེད།


