རྐང་ཚ་རྫོང་གིས་ཐོག་མར་སྣེ་ཁྲིད་དེ་ཁུལ་ཡོངས་སུ་ཐོན་སྐྱེད་བདེ་འཇགས་ཨུ་ཡོན་ལྷན་ཁང་གི“ཀྲུའུ་རིན་གཉིས”ཀྱི་ལམ་ལུགས་ཁྱབ་སྤེལ་བྱས།
发布时间:2023年02月14日 消息来源:

ཉེ་ཆར།རྐང་ཚ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་སྔོན་གྱི་སྲིད་གཞུང་གི་རྫོང་དཔོན་གཅིག་པུསཐོན་སྐྱེད་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་ཁུར་བར་ད་ལྟ་རྫོང་ཨུའི་ཧྲུའུ་ཅི་དང་རྫོང་སྲིད་གཞུང་གི་རྫོང་དཔོན་གཉིས་ཀྱིས་འགན་འཁུར་བར་བྱས་ཏེཀྲུའུ་རིན་གཉིསསུ་བསྒྱུར་བས།ཏང་ཨུ་དང་སྲིད་གཞུང་གི་གཙོ་འགན་བློ་མཐུན་ཚང་མ་ཐོན་སྐྱེད་བདེ་འཇགས་བྱ་བའི་འགན་ཁུར་པ་དང་པོར་གྱུར།ཏང་སྲིད་གཅིག་མཚུངས་འགན་འཁྲི་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས།མཉམ་འཛིན་དོ་དམ།ལས་འཛོལ་བྱུང་ན་འགན་འཁྲི་རྩད་གཅོད་བྱེད་པསྲོག་ཤིང་དུ་འཛིན་པའི་ཐོན་སྐྱེད་བདེ་འཇགས་འགན་འཁྲིའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ།ས་ཁོངས་དང་ལྟ་སྐུལ་དོ་དམ།གཙོ་འགན་དོན་ཐོག་ཏུ་འཁྱོལ་ནས།རྫོང་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་བྱ་བ་བདེ་བླག་ངང་སྤེལ་བར་འགན་ལེན་བྱས།

ད་ཐེངས་ཀྱི་ཐོན་སྐྱེད་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་སྒྲིག་འཛུགས་བྱས་པའི་མགོ་ཁྲིད་ལས་ཁུངས་ལེགས་སྒྲིག་འདིས་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཐོན་སྐྱེད་བདེ་འཇགས་བྱ་བར་དམ་འཛིན་ནན་མོ་བྱེད་པའི་ཆོད་སེམས་བརྟན་པོ་གང་ལེགས་མཚོན་ལ།རྐང་ཚ་རྫོང་གིས་ཕྱོགས་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེང་གིས་ཐོན་སྐྱེད་བདེ་འཇགས་མཛུབ་སྟོན་གལ་ཆེན་གྱི་མཆན་བཀོད་དགོངས་དོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐོན་སྐྱེད་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ཐོན་སྐྱེད་ལ་ཤུགས་སྣོན་རྒྱག་པའི་དོན་ཚན་བཅོ་ལྔའིབྱེད་ཐབས་ཡག་པོ།ས་གནས་ཏང་སྲིད་མགོ་ཁྲིད་ལས་བྱེད་པའི་ཐོན་སྐྱེད་བདེ་འཇགས་འགན་འཁྲིའི་ལམ་ལུགས་ཀྱི་གཏན་འབེབསཀྱི་དངོས་གཉེར་བྱ་ཐབས་དང་བྱེ་བྲག་གི་ལག་ལེན་དོན་ཐོག་ཏུ་འཁྱོལ་ཏེ།རྫོང་ཡོངས་ཀྱི་གོང་འོག་ཚང་མས་ཐུན་མོང་གིས་ཐོན་སྐྱེད་བདེ་འཇགས་བྱ་བ་ཡག་པོ་སྒྲུབ་པའི་འགན་འཁྲིའི་འདུ་ཤེས་དང་འགན་སྒྲུབ་ཆོད་སེམས།དགོས་གཏུག་གི་འདུ་ཤེས་བཅས་སྔར་ལས་མཐོར་འདེགས་སུ་བཏང་ཡོད།

སླད་མར། རང་རེའི་རྫོང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།ཞིང་ཆེན་དང་ཁུལ་གྱི་ཏང་ཨུ་དང་སྲིད་གཞུང་གི་ཐོན་སྐྱེད་བདེ་འཇགས་བྱ་བའི་བཀོད་སྒྲིག་སྐོར་གྱི་བླང་བྱ་གཏིང་ཟབ་ཀྱི་སྒོ་ནས་ལག་ལེན་དོན་འཁྱོལ་བྱེད་པ་དང་ཆབས་ཅིག ཕྱོགས་ཡོངས་ནས་ཐོན་སྐྱེད་བདེ་འཇགས་ཨུ་ཡོན་ལྷན་ཁང་གིཀྲུའུ་རིན་གཉིསདོན་ཐོག་ཏུ་འཁྱོལ་བའི་གོ་སྐབས་དམ་འཛིན་བྱས་ཏེ།རང་རེའི་རྫོང་གི་ཐོན་སྐྱེད་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་བྱ་བའི་ལམ་སྲོལ་ཁག་སྔར་ལས་འཐུས་ཚང་དུ་བཏང་ནས།ཕྱོགས་ཀུན་ནསདགོས་ངེས་གསུམགྱི་བླང་བྱ་དོན་འཁྱོལ་བྱས་ཏེ།ཏན་ཏིག་སྒོསཕྱོགས་གཅིག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་གཅིག་གི་བདེ་འཇགས་ལ་འགན་ལེན་བྱེད་པའིཆབ་སྲིད་ཀྱི་འགན་འཁྲི་འཁུར་དགོས།

 

                      རྩོམ་ཁུངས།   རྫོང་མཁོ་བསྟུན་དོ་དམ་ཅུ།

                               སྤེལ་མཁན།  རྐང་ཚ་རྫོང་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས།