རྐང་ཚ་རྫོང་སྲིད་གཞུང་གཞུང་ལས་ཁང་གི་ཏང་ཀྲི་པུའུ་ཧེ་ཡན་རྫོང་སྨོན་ལམ་མཐོན་པོ་རུ་བསྐྱོད་དེ་ཏང་གི་བརྗོད་དོན་ཉིན་མོའི་བྱེད་སྒོ་སྤེལ་བ།
发布时间:2023年03月22日 消息来源:

རྐང་ཚ་རྫོང་སྲིད་གཞུང་གཞུང་ལས་ཁང་གི་ཏང་ཀྲི་པུའུ་ཧེ་ཡན་རྫོང་སྨོན་ལམ་མཐོན་པོ་རུ་བསྐྱོད་དེ་ཏང་གི་བརྗོད་དོན་ཉིན་མོའི་བྱེད་སྒོ་སྤེལ་བ།

ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས། 

  ཏང་ཡོན་ལས་བྱེད་པའི་ཏང་གཤིས་བསམ་བློ་སྔར་ལས་མཐོར་འདེགས་སུ་གཏོང་བ་དང་གསར་བརྗེའི་སྔོན་བྱོན་པ་ཚོའི་ཧུར་ཐགགི་སྙིང་སྟོབས་དར་སྤེལ་གཏོང་བ།ཏང་ཡོན་ལས་བྱེད་པས་ཏང་གི་འོད་སྟོང་འབར་བའི་ལོ་རྒྱུས་ཁྲོད་ནས་འབད་འབུངས་ཡར་བརྩོན་གྱི་བསམ་པའི་སྟོབས་ཤུགས་བསྡུ་ལེན་བྱ་རྒྱུར་ཁྲིད་སྟོན་བཅས་བྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་འི་དགོངས་དོན་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲས་པ་དང་མཐའ་གཅིག་ཏུ་མདུན་སྐྱོད་བྱེད་དགོས། 

  

ཟླ3པའི་ཚེས20ཉིན་གྱི་སྔ་དྲོར། རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་བློ་མཐུནསུང་ཅན་ཏིག་དང་རྫོང་དཔོན་གཞོན་པ་དག་གིས་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་སྔ་རྗེས་སུ་ཧེ་ཡན་རྫོང་དུས་རབས་ཀྱི་དཔེ་བཟང་དྲན་རྟེན་ཁང་དང་སྨོན་ལམ་མཐོན་པོའི་གསར་བརྗེཞིབ་འཇུག་སློབ་སྦྱོང་རྟེན་གཞིར་བསྐྱོད་དེརྫོང་སྲིད་གཞུང་གཞུང་ལས་ཁང་གི་ཏང་ཀྲི་པུའུ་ཡིས“གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་བསམ་པའི་སྟོབས་ཤུགས་བསྡུ་ལེན་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་འི་དགོངས་དོན་ལག་བསྟར་མཁན་ཞིག་བྱེད་”ཞེས་པའི་ཏང་གི་བརྗོད་དོན་ཉིན་མོའི་བྱེད་སྒོར་ཞུགས་པ་ཡིན།


  དུས་རབས་ཀྱི་དཔེ་བཟང་དྲན་རྟེན་ཁང་དུ་ཏང་ཡོན་ཚང་མས་བློ་མཐུན་སྐལ་བཟང་གིས་ཏང་ལ་བློ་དཀར་གཞུང་དྲང་དང་དཀའ་སྤྱད་འབད་བརྩོན།སྒེར་སེམས་མེད་པ་བཅས་ཀྱི་སེམས་འགུལ་ཐེབས་པའི་བྱས་རྗེས་ནན་ཏན་ངང་ཉན་པ་དང་འབྲེལ་དྲན་རྟེན་ཁང་དུ་ཉར་ཚགས་བྱས་པའི་དངོས་པོ་རེ་རེ་དང་པར་རིས་རེ་རེ་བལྟས་ན་དུས་རབས་ཀྱི་དཔེ་བཟང་བློ་མཐུན་སྐལ་བཟང་གིས་སྲིད་དོན་སྒྲུབ་པའི་ལོ་ངོ་དྲུག་ཅུའི་འོད་སྟོང་འབར་བའི་ལོ་རྒྱུས་དངབདག་འཛིན་མེད་པའིའགན་འཁྲི་ཁུར་ཕོད་པ་ཚོར་ཡོང་།  སྨོན་ལམ་མཐོན་པོ་རུ་ཏང་ཡོན་ཚང་མས་ཏང་ནང་ཞུགས་པའི་དམ་བཅའ་བསྐྱར་དྲན་དང་འོས་འགན་ངལ་རྩོལ་བྱས་ནས།ཏང་ཡོན་གྱིས་སྣེ་ཁྲིད་དེ་མིག་དཔེ་སྟོན་པའི་རྣམ་པ་མངོན་ཞིངཏང་ཡོན་གཅིག་དང་དར་ཆ་གཅིགགི་སྣང་བརྙན་ཡག་པོ་བསྐྲུན་ཏེ།ཏང་ཀྲི་པུའུ་ཡི་སྟོབས་ཤུགས་གཅིག་སྒྲིལ་དང་འཐབ་འཛིང་གི་ནུས་ཤུགས་ཇེ་ཆེར་བཏང་ཡོད།


ཏང་ཡོན་ཚང་མས་གཅིག་རྗེས་གཉིས་མཐུད་ངང་ནས“ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་འི་དགོངས་དོན་སློབ་སྦྱོང་ཡག་པོ་དང་དྲིལ་བསྒྲགས་ཡག་པོ།ལག་བསྟར་ཡག་པོ་བཅས་བྱ་བའི་དོན་དངོས་ཀྱི་ཁྲོད་དོན་ཐོག་ལ་འཁྱོལ་ཏེཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ།དཔེ་བཟང་གི་སྙིང་སྟོབས་ཀྱིས་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཞིང་མདུན་སྐྱོད་ཀྱི་ཁ་ཕྱོགས་བརྟན་པོ་ཚུགས་ནས།  “བྱ་བ་སྒྲུབ་སྐབས་ཉེན་ཁར་མི་གཡོལ་བ་དང་དཀའ་བ་ཁྱད་བསད་ཀྱིས་དོན་དངོས་སྒྲུབ་པའི”རྣམ་འགྱུར་ཐོག་ནས“རྒྱུགས་སྤྲོད”ཀྱི་རིག་པ་གསལ་བོ་དང་བློ་བརྟན་འགྱུར་མེད་ངང་རྒྱུན་འཛིན་བྱས་ཏེདུས་རབས་གསར་འིརྒྱུགས་སྤྲོདཀྱི་ལམ་བུར་བསྐྱོད་པ་དང་དུས་རབས་གསར་འི་བསྐྱར་དར་གྱི“རྒྱུགས་གཞིརལན་བཏབ་པ་ཡིན།