རྐང་ཚ་རྫོང་གི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་བྱ་བ་དངོས་སུ་སྤེལ་འགོ་ཚུགས་པ།
发布时间:2023年03月22日 消息来源:

རྐང་ཚ་རྫོང་གི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་བྱ་བ་དངོས་སུ་སྤེལ་འགོ་ཚུགས་པ།

ཡོང་ཁུངས།    རྐང་ཚ་རྫོང་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས།


ཟླ3པའི་ཚེས20ཉིནརྐང་ཚ་རྫོང་གི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཅུས་སྲིད་འཛིན་ཁྲིམས་བསྟར་བྱ་བའི་སྐུལ་སྤེལ་གྲོས་ཚོགས་ཐེངས་དང་པོ་འཚོགས་ནས“ཁྲིམས་བསྟར་རུ་དཔུང་ཁག་གིས་ས་ཁོངས་དོ་དམ་རྩ་དོན་ལ་གཞིགས་ཏེའཕྲལ་མར་སོ་སོའི་མངའ་ཁུལ་དུ་ཁྲིམས་བསྟར་ཞིབ་བཤེར་བྱ་བ་སྤེལ་དགོས”ཞེས་བླང་བྱ་བཏོན་པ་རེད།  

  

དེར་བརྟེན་རང་རེའི་རྫོང་གི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཅུས་ཁྲིམས་བསྟར་རུ་དཔུང་ཁག་གིས་མྱུར་དུ་འགུལ་སྐྱོད་བྱས་ནས་སོ་སོའི་མངའ་ཁུལ་དུ་སྲིད་འཛིན་ཁྲིམས་བསྟར་ཞིབ་བཤེར་བྱ་བ་སྤེལ་གྱི་ཡོད། ཅུཀྲང་གཞོན་པ་ཨན་ཅུན་ཆིས་ཀྱིས་ཞིང་ཆེན་ཏང་ཨུའི་ལྟ་བཤེར་ཚན་ཆུང་དང་མཉམ་དུ་མཚོ་སྐོརབྱང་རྒྱུད་ཀྱི“སྒེར་བཙུགས”མཛེས་ལྗོངས་ས་ཁུལ་བཅོས་སྐྱོང་གནས་ཚུལ་ལ་ཞིབ་བཤེར་བྱས་པ་མ་ཟད་རྐང་ཚ་རྫོང་ལྷ་མོ་གཞོངས་མཛེས་ལྗོངས་ས་ཁུལ་དང་མཚོ་འཁྱིལ་སྐྱེ་ཁམས་སྲུང་སྐྱོང་ཉམས་ལེན་ས་ཁུལ།མཚོ་འཁྱིལ་ཆུ་མིག་སོགས་སུ་བཅོས་སྐྱོང་གནས་ཚུལ་ལ་དངོས་སུ་ལྟ་ཞིབ་བྱས་པ་རེད། གཞི་རིམ་གྱི་རུ་དཔུང་ཁག་གིས་སོ་སོའི་མངའ་ཁུལ་གྱི་མིག་སྔའི་བྱ་བ་གཙོ་བོར་ཞིབ་འཇུག་བརྡར་གཅོད་བྱས་ནས་ཁག་བགོས་ཀྱིས་ཁྲིམས་བསྟར་ཞིབ་བཤེར་བྱ་བ་སྤེལ་བ་རེད།