རྐང་ཚ་བོད་མཁར་འགྲུལ་སྐྱེལ་བསྡུ་འགྲེམ་ཞབས་ཞུ་ཚད་ཡོད་ཀུང་སིས་རྐང་ཚ་གཞུང་ལམ་འགྲུལ་སྐྱེལ་ལམ་ཐིག་གི་སྐྱེལ་འདྲེན་རིན་གོང་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།
རྐང་ཚ་བོད་མཁར་འགྲུལ་སྐྱེལ་བསྡུ་འགྲེམ་ཞབས་ཞུ་ཚད་ཡོད་ཀུང་སིས་རྐང་ཚ་གཞུང་ལམ་འགྲུལ་སྐྱེལ་ལམ་ཐིག་གི་སྐྱེལ་འདྲེན་རིན་གོང་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།
ཡོང་ཁུངས། རྐང་ཚ་རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས།
来源:刚察县融媒体中心
རྩོམ་སྒྲིག་འགན་ཁུར་བ། སངས་རྒྱས་ཚེ་རིང་།
责编:桑吉才让
ལྟ་སྐུལ་བ། ཚེ་བྱམས་རྒྱལ།
监制:才新木加
སྤྱིའི་ལྟ་སྐུལ་བ། ཉིས་ལིན་ཆིས།
总监制:聂连其
《མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱི་ཞིང་ཆེན་ཡོངས་ཀྱི་གཞུང་ལམ་འགྲུལ་སྐྱེལ་ལམ་ཐིག་གི་སྐྱེལ་འདྲེན་རིན་གོང་དང་རླངས་འཁོར་འགྲུལ་སྐྱེལ་ས་ཚིགས་ཀྱི་གྲོན་བསྡུ་དོ་དམ་གྱི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》(མཚོ་སྔོན་འགྲིམ་འགྲུལ〔2022〕ཡིག་ཨང47པ)དང《མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གཞུང་ལས་ཁང་གི་ཞིང་ཆེན་ཡོངས་ཀྱི་གཞུང་ལམ་འགྲུལ་སྐྱེལ་ལམ་ཐིག་གི་སྐྱེལ་འདྲེན་རིན་གོང་དང་རླངས་འཁོར་འགྲུལ་སྐྱེལ་ས་ཚིགས་ཀྱི་གྲོན་བསྡུ་དོ་དམ་གྱི་འབྲེལ་ཡོད་ལས་དོན་དོན་འཁྱོལ་གང་ལེགས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》(མཚོ་སྔོན་འགྲིམ་འགྲུལ་གཞུང་ལས་ཁང〔2022〕ཡིག་ཨང73པ)ཡིག་ཆའི་བླང་བྱ་གཞིར་བཟུང་། ད་ལྟ་ང་ཚོས་འགྲུལ་སྐྱེལ་ས་ཚིགས་ཀྱི་འགྲུལ་སྐྱེལ་ལམ་ཐིག་གསར་བའི་ལག་བསྟར་རིན་གོང་སྤྱི་བསྒྲགས་བྱས་པ་ཡིན་ལ། སྤྱི་བསྒྲགས་ཀྱི་དུས་ཚོད་ནི2023ལོའི་ཟླ4བའི་ཚེས2ཉིན་ནས2023ལོའི་ཟླ4བའི་ཚེས8ཉིན་བར་ཡིན་པ་དང་། པ་སེའི་རིན་གོང་གསར་བ2023ལོའི་ཟླ4བའི་ཚེས9ཉིན་བཟུང་ལག་བསྟར་བྱ་རྒྱུ་ཡིན།
ཆེད་དུ་བརྡ་ཐོ་འདི་སྤེལ་བ་ཡིན་པས། རྒྱ་ཆེའི་འགྲུལ་བཞུད་པ་རྣམས་ཀྱིས་ཤེས་པར་ཞུ།
རྐང་ཚ་བོད་མཁར་འགྲུལ་སྐྱེལ་བསྡུ་འགྲེམ་ཞབས་ཞུ་ཚད་ཡོད་ཀུང་སི།
2023ལོའི་ཟླ4བའི་ཚེས2ཉིན།