དཔལ་དགེ་གྲོང་རྡལ་གྱིས2023ལོ་འཁོར་གྱི“སློབ་བྱོལ་འགོག་སྲུང་དང་སློབ་ཞུགས་འགན་སྲུང་བྱེད་པའི”བྱ་བའི་བཀོད་སྒྲིག་གི་ཚོགས་འདུ་འཚོགས།
发布时间:2023年03月31日 消息来源:

དཔལ་དགེ་གྲོང་རྡལ་གྱིས2023ལོ་འཁོར་གྱི“སློབ་བྱོལ་འགོག་སྲུང་དང་སློབ་ཞུགས་འགན་སྲུང་བྱེད་པའི”བྱ་བའི་བཀོད་སྒྲིག་གི་ཚོགས་འདུ་འཚོགས།

རྩོམ་འབྲི་བ།  རྡོ་རྗེ་གཡང་འབུམ།

རྩོམ་སྒྲིག་པ།  མཱ་ཧོང་ལེན།

ཞིབ་བཤེར་གཏན་འབེབས་མཁན།  ལིས་ཅིན་ལེན།

ཡིག་བསྒྱུར།  རྫོང་མི་རིགས་སྐད་ཡིག་གཞུང་ལས་ཁང་།

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དེ་གྲོང་སྡེ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་ཡོང་བའི་བྱ་བའི་ཇུས་གཞིའི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ཏེ། འོས་འགན་སློབ་གསོར་འགན་ལེན་ཁག་ཐེག་ཡོད་པ སློབ་བྱོལ་སྔོན་འགོག་སྲུང་དང་སློབ་ཞུགས་འགན་སྲུང་བྱེད་པརགཙང་སེལ་རྒྱུན་རྣམ་ཅན”དུ་འགྱུར་བའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱ་ཆེད། ཉེ་ཆར་དཔལ་དགེ་གྲོང་རྡལ་གྱིས2023ལོ་འཁོར་གྱི“སློབ་བྱོལ་སྔོན་འགོག་སྲུང་སློབ་ཞུགསའགན་སྲུང་བྱེད་པའི”བྱ་བའི་བཀོད་སྒྲིག་གི་ཚོགས་འདུ་འཚོགས་པ་རེད།   

ཚོགས་ཐོག་ཏུ། དཔྱིད་དུས་སུ་སློབ་འགོ་ཚུགས་པ་ནས་བཟུང་རང་གྲོང་རྡལ་གྱིསབྱིས་པ་སློབ་བྱོལ་འགོག་སྲུང་དང་སློབ་ཞུགསའགན་སྲུང་བྱེད་པའི་བྱ་བབསྒྲུབ་པར་བརྡ་ཁྱབ་སྤེལ་ཏེ། ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་ཞིང་ཕན་དམངས་ཕན་གྱི་སློབ་གསོའི་སྲིད་ཇུས་ཁག་ལ་གཅིག་སྡུད་ཀྱིས་སློབ་སྦྱོང་བྱས་པ་མ་ཟད། འབྱུང་འགྱུར་གྱི་བྱ་བར་བཀོད་སྒྲིག་ཀྱང་བྱས་པ་རེད།

  

  གྲོང་རྡལ་གྱི་ཏང་ཨུའིཧྲུའུ་ཅི་འགྱུར་མེད་རྡོ་རྗེ་ཡིས་བསྟན་དོནགཅིག་ནི་འགན་འཁྲི་གསལ་རྟོགས་བྱས་ཏེ་བྱ་བ་ནན་ཏན་གྱིས་སྤེལ་དགོས། སྡེ་བ་སོ་སོ་ཡིསབྱིས་པ་སློབ་ཞུགས་བྱེད་མཚམས་མི་ཆད་པ་བྱས་ནས་སློབ་ཞུགས་བྱེད་ཚད་འགན་སྲུང་བྱ་རྒྱུ་དེ་སྔར་ས་ཀྱང་གལ་འགངས་ཆེ་བའི་བྱ་བར་དམིགས་ཏེ། དུས་ལྟར་ཁྱོན་ཡོངས་་གྲལ་བཤེར་བྱས་ཏེ་སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་ཞུགས་རྒྱུར་ཁ་ཏ་བསླབ་བྱ་གཏོང་བའི་བྱ་བ་བསྒྲུབ་དགོས་ལ། དེ་དང་ཆབས་ཅིག གོང་བསྒྲགས་ཀྱི་ཡིག་ཆ་གཞིར་བཟུང་ནས་བྱིས་པ་སློབ་གྲྭར་ཞུགས་རྒྱུར་ཁ་ཏ་བསླབ་བྱ་བཏང་བར་ཟིན་ཐོར་དགོད་རྒྱུར་གྲ་སྒྲིག་བྱེད་དགོས། གཉིས་ནི་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་སྟེ་བཅའ་ཁྲིམས་སྲིད་ཇུས་ཤེས་རྟོགས་བྱུང་ཚད་མཐོ་རུ་གཏོང་དགོས། སྡེ་བ་སོ་སོའི་འགན་འཛིན་པ་དང་སྡེ་སྡོད་ལས་བྱེད་པ། ལྟེ་བ་གཅིག་དང་དཔུང་ཁག་ལྔའི་རིག་གནས་དྲིལ་བསྒྲགས་ཁོངས་མི་བཅསངེས་པར་དུ་ཁོངས་གཏོགས་ས་ཁུལ་དུ་ཕྱིན་ཏེཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་བཅའ་ཁྲིམསདངར་མ་སོན་པའི་མིར་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམསཀྱི་འབྲེལ་ཡོད་ནང་དོན་དྲིལ་བསྒྲགས་བྱས་ནསཁྱིམ་བདག་དང་སློབ་མའི་འབྲེལ་ཡོད་བཅའ་ཁྲིམས་ལ་ཤེས་རྟོགས་བྱུང་ཚད་མཐོར་འདེགས་སུ་བཏང་ནས། བཅའ་ཁྲིམས་ཁྲིམས་སྲོལ་གཞིར་བཟུང་ནས་འོས་འགན་སློབ་གསོ་འགན་ལེན་བྱེད་པར་ཁག་ཐེག་བྱེད་དགོསགསུམ་ནི་ལས་བགོས་ཁ་གསལ་དང་དམིགས་ཚད་འགན་འཁྲི་ཞིབ་ཕྲ་བཟོ་དགོས།  སྡེ་བའིལྟེ་བ་གཅིག་དང་དཔུང་ཁག་ལྔ  སྡེ་བའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལ་སོགས་ཀྱི་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། འོས་འགན་སློབ་གསོ་དང་ལེན་བྱེད་པའི་གནས་ཚུལ་སྡེ་སྲོལ་དམངས་ཆིངས་ནང་བཅུག་ནས་དུས་ཐོག་ཏུ་བྱིས་པ་རྣམས་ཀྱིས་འོས་འགན་སློབ་གསོ་མྱངས་བར་འགན་ལེན་བྱེད་པའི་ཐབས་ཇུས་ལག་ལྟར་བྱས་ནས་གཅིག་ཀྱང་མི་ཉུང་བ་བྱེད་ཐུབ་རྒྱུར་འབད་བརྩོན་བྱེད་དགོས།