རྐང་ཚ་རྫོང་གིས་གཙོ་གནད་རྣམ་གྲངས་ཀྱི་ལས་སྒོ་བསྐྱར་འཛུགས་བྱེད་པའི་མཛད་སྒོ་བསྡུས།
རྐང་ཚ་རྫོང་གིས་གཙོ་གནད་རྣམ་གྲངས་ཀྱི་ལས་སྒོ་བསྐྱར་འཛུགས་བྱེད་པའི་མཛད་སྒོ་བསྡུས།
རྩོམ་ཁུངས། རྐང་ཚ་རྫོང་མི་དམངས་སྲིད་གཞུང་། རྫོང་འཕེལ་རྒྱས་དང་བཅོས་བསྒྱུར་ཅུ།
ཡིག་བསྒྱུར། རྐང་་རིགས་སྐད་ཡིག་གཞུང་སྒྲུབ་ཁང་།
ཟླ4ཚེས9ཉིན། དཔྱིད་འགོ་ཚུགས་པ་ནས་བཟུང་། དཀོན་ལོ་གོང་མ་སྡེ་བའི་སྡེ་མི་ཡི་ཕྱོགས་བསྡུས་ལྟེ་གནས་རྣམ་གྲངས་ཡུལ་དངོས་སུ་རྐོ་འདྲུའི་འཕྲུལ་འཁོར་དང་བཟོ་སྐྲུན་རླངས་འཁོར་སྣ་ཚོགས་ཀྱིས་གྲལ་རྐང་བསྒྲིགས། རྐང་ཚ་རྫོང་གིས་ཁུལ་ཡོངས་དང་མཉམ་དུ2023ལོའི་གཙོ་གནད་རྣམ་གྲངས་གཅིག་བསྡུས་ཐོག་ལས་འགོ་འཛུགས་པའི་མཛད་སྒོ་བསྡུས། རྫོང་ཨུའི་ཧྲུའུ་ཅི་ཀྲུའུ་ཁྲིན་ཆིན་གྱིས་ལས་འགོ་འཛུགས་རྒྱུར་གསལ་བསྒྲགས་བྱས་པ་དང་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་སྟག་ལྷ་ཡིས་གསུངས་བཤད་གནང་།
ཁུལ་དཔོན་གཞོན་པ་ཧྭ་བུན་ཞིག་དང་།རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཡུན་ཏིག་ཧྲིག རྫོང་དཔོན་གཞོན་པ་ལོ་བརྒྱ། རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧེ་ཞོན་བཅས་མཛད་སྒོར་ཞུགས་པ་རེད། རྫོང་ཁོངས་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཛིན་པ་དང་། ལས་བྱེད་དང་ལས་བཟོ་བའི་འཐུས་མི།དེ་བཞིན་ཨར་ལས་སྡེ་ཁག་དང་ཨར་ལས་ལྟ་སྐུལ་དོ་དམ་ཀྱི་འཐུས་མི་བཅས་མཛད་སྒོར་ཞུགས།རྫོང་ཨུའི་རྒྱུན་ཨུ་དང་རྫོང་དཔོན་གཞོན་པ་ཅི་ཧྲི་བེ་ཡིས་མཛད་སྒོ་གཙོ་སྐྱོང་གནང་བ་དང་རྫོང་དཔོན་གཞོན་པ་རིན་ཆེན་གྱིས་2023ལོའི་རྣམ་གྲངས་སྤྱིའི་གནས་ཚུལ་ཁྱབ་བསྒྲགས་གནང་བ་རེད།
སྟག་ལྷ་ཡིས་གསུངས་བཤད་གནང་སྐབས་བསྟན་དོན། “ལས་འགོ་ཚུགས་པ་ནས་ནུས་ཤུགས་འདོན་རྒྱུ”རྩ་དོན་དུ་བཟུང་སྟེ།ང་ཚོས་ཐོག་མཐའ་བར་གསུམ་དུ་“དུས་ཚོད་དམ་འཛིན་བྱས་ནས་ལས་སྒོའི་མྱུར་ཚད་བརྩོན་ལེན་དང་། སླ་བཅོས་སྤུ་ཙམ་མི་བྱེད་པར་སྤུས་ཀ་འཛིན་པ། ནོར་འཕྱུགས་གཏན་ནས་མི་བྱེད་པར་བདེ་འཇགས་སྲུང་བ”བཅས་ཀྱི་ཚད་གཞི་རྒྱུན་འཁྱོངས་མཐའ་གཅིག་ཏུ་བྱས་ནས། “དུས་དང་རྣམ་པ་ཀུན་ཏུ་རྣམ་གྲངས་གཙོ་དམིགས་སུ་འཛིན་པ་དང་། ཡོད་ཚད་རྣམ་གྲངས་ལ་དམིགས་ཏེ་བྱ་བ་བསྒྲུབ་པའི”འདུ་ཤེས་བརྟན་པོ་གཙུག་ཏུ་བཟུང་ནས། མྱུར་དུ“རྣམ་གྲངས་ཤུགས་ཆེར་དང་མགྱོགས་པོ་བསྒྲུབ་པའི”ཚ་རླབས་གསར་པ་འཕྱུར་ཏེ། རང་འགུལ་ངང་རྒྱལ་ཁབ་དང་། ཞིང་ཆེན། ཁུལ་བཅས་ཀྱི་འཐབ་ཇུས་སྦྲེལ་ཆགས་པ་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་བར་ཧུར་ཐག་གིས་ཞུགས་ནས་ཆུ་ཚད་མཐོ་པོས་ཇུས་འགོད་དང་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་དགོས། འགན་ནུས་སྡེ་ཁག་སོ་སོས“བརྟན་བརླིང”གཉིས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས།ཚོང་ལས་གྱི་མཁའ་དབུག་གསར་བ་བསྐྲུན་དགོས།ཁོར་ཡུག་བཟང་བོ་ལ་བརྟེན་ནས་རྣམ་གྲངས་སོར་འཇོག་དང་ཞབས་ཞུ་ལེགས་པོ་ལ་བརྟེན་ནས་རྣམ་གྲངས་ལ་སྐུལ་འདེད་གཏོང་དགོས། ཁྱོན་ཡོངས་ནས་ཟླ་རེར་བཀོད་གཏོང་དང་དུས་སྐབས་རེ་་རེ་ཡི་ཞིབ་འཇུག་བརྡར་གཅོད་སོགས་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་ལམ་ལུགས་དོན་འཁྱོལ་བྱེད་དགོས། ནུས་ཤུགས་ཡོད་རྒུས་རྣམ་གྲངས་འཛུགས་སྐྲུན་ལ་སྲུང་སྐྱོང་བྱོས་ནས་རྣམ་གྲངས་ཀྱི་ལས་ཕྱོད་ཆེ་བ་དང་ཆུ་ཚད་མཐོ་བའི་ལག་བསྟར་ལ་ཁག་ཐེག་བྱས་ཏེ། བཟོ་སྐྲུན་ཁེ་ལས་ཁག་གིས་གཙོ་གནད་ལས་འགན་འཁུར་དགོས། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་དང་བདེ་འཇགས་སྒོས་ཐོན་སྐྱེད་ཀྱི་མཐའ་ཚད་བརྟན་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཞིབ་ཕྲའི་བྱ་བ་རེ་རེ་ལེགས་པོར་བསྒྲུབ་པ་དང་འགག་སྒོ་རེ་རེ་དམ་པོར་བསྲུངས་དགོས། བདེ་འཇགས་དང་སྤུས་ལེགས། སྐྱེ་ཁམས་དང་ཚད་ལྡན་གྱི་བཟོ་སྐྲུན་རེ་རེ་འཛུགས་སྐྲུན་བྱས་ནས་ནམ་ཡང་ཞིབ་བཤེར་ཚད་ལེན་ཐུབ་པ་བྱ་དགོས། ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་རྒྱལ་ཁབ་དང་ཞིང་ཆེན། ཁུལ་དང་རྫོང་བཅས་ཀྱི་འབྲེལ་ཡོད་བཟོ་སྐྲུན་ཁེ་ལས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་བྱ་ཐབས། ཚད་གཞི་བཅས་ལ་གཞིར་འཛིན་པ་དང་། ནན་ཏན་སྒོས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ལག་བསྟར་བྱས་ཏེ། ཨར་ལས་རྒྱུ་ཆ་དང་སྒྲིག་ཆས། མྱུར་ཚད། བཟོ་རྩལ་སོགས་རྣམ་གྲངས་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར་ཚད་མཐོ་བའི་ལྟ་སྐུལ་དོ་དམ་བྱ་རྒྱུ་དང་། ཁྱོན་ཡོངས་ནས་ཨར་ལས་ཀྱི་སྤུས་ཚད་ནན་སྲུང་བྱས་ཏེ་བཟོ་སྐྲུན་བདེ་བླག་ངང་ལག་བསྟར་དང་དུས་བཀག་ལྟར་ལས་མཇུག་འགྲིལ་རྒྱུའི་འགན་ལེན་བྱེད་དགོས།
ཨར་ལས་སྡེ་ཁག་གི་འཐུས་མི་དང་། ལྟ་ཞིབ་དོ་དམ་སྡེ་ཁག་གི་འཐུས་མི། ཨར་ལས་འཛུགས་བསྐྲུན་ཀྱི་འཐུས་མི། ཀ་པ་ཕྱོགས་ཀྱི་འཐུས་མི་བཅས་ཀྱིས་སྲིད་གཙང་གི་དམ་བཅའ་དང་ཁོར་ཡུག་སྲུང་སྐྱོང་གི་དམ་བཅའ་བཞག་སྟེ་སྤུས་ཚད་དང་བདེ་འཇགས་ནི་ཁེ་ལས་འཕེལ་རྒྱས་ཀྱི་སྲོག་ཤིང་དང་མ་མཐའི་ཚད་ཐིག་ཏུ་བརྩིས་ནས་ལས་ཡུན་དམ་འཛིན་དང་། ཐབས་བརྒྱ་ཇུས་སྟོང་གིས་ལས་ཕྱོད་ཇེ་མགྱོགས་སུ་གཏོང་བ། ནུས་ཤུགས་ཡོད་རྒུས་སྤུས་ཚད་འགན་ལེན་བྱེད་པ་བཅས་བྱས་ནས་ཕུལ་བྱུང་གི་རྣམ་གྲངས་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་རྐང་ཚའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་སྒུལ་ཤུགས་ཆེན་པོ་སྣོན་ཡོད་ཅེས་བསྟན།