རྐང་ཚ་རྫོང་ཏང་སྲིད་རྟོག་ཞིབ་ཚན་ཆུང་ལུའེ་ཁྲིན་དུ་བསྐྱོད་དེ་ཁ་གཏད་རོགས་སྐྱོར་བྱ་བའི་སྙན་ཞུ་དང་འབྲེལ་མཐུད་བྱས།
发布时间:2023年04月14日 消息来源:


 

            རྐང་ཚ་རྫོང་ཏང་སྲིད་རྟོག་ཞིབ་ཚན་ཆུང་ལུའེ་ཁྲིན་དུ་བསྐྱོད་དེ་ཁ་གཏད་རོགས་སྐྱོར་བྱ་བའི་སྙན་ཞུ་དང་འབྲེལ་མཐུད་བྱས།

                                     ཡོང་ཁུངས། གངས་ལྗོངས་འཕྲིན་གསར།   འཕྲིན་གཏོང་བ། སངས་རྒྱས་ཚེ་རིང་།

ཉེ་ཆར། རྐང་ཚ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་སྟག་ལྷས་རྐང་ཚ་རྫོང་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཧྲན་ཏུང་ཞིང་ཆེན་ལུའེ་ཁྲིན་གྲོང་ཁྱེར་དུ་ཁ་གཏད་རོགས་སྐྱོར་བྱ་བའི་སྙན་ཞུ་དང་འབྲེལ་མཐུད་བྱས་ཤིང་། བཞུགས་མོལ་བརྗེ་རེས་དང་ཡུལ་དངོས་རྟོག་ཞིབ་སོགས་ཀྱི་བྱེད་ཐབས་བརྒྱུད་ས་གནས་གཉིས་ཀྱི་ཁ་གཏད་རོགས་སྐྱོར་གྱི་མཉམ་ལས་འཕེལ་རྒྱས་ཆུ་ཚད་ཀྱི་སྔོན་དཔག་ཕན་འབྲས་སྔར་ལས་མཐོ་རུ་བཏང་། རྐང་ཚ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་གཞོན་པ་སུང་ཅན་ཏི་དང་། རྐང་ཚ་རྫོང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་ཁྲིན་ཞའེ་ཆིན། རྐང་ཚ་རྫོང་གི་རྫོང་དཔོན་གཞོན་པ་ལོ་བརྒྱ་དང་མ་ཧྲིན་ལིན། ཡུལ་ཚོ་དང་གྲོང་རྡལ་སོ་སོའི་མི་དམངས་སྲིད་གཞུང་། རྫོང་སྲིད་གཞུང་གཞུང་ལས་ཁང་། རྩ་འཛུགས་པུའུ། འཕེལ་སྒྱུར་ཨུ་ལྷན། བཟོ་འཕྲིན་སོགས་སྡེ་ཁག་གི་འགན་འཁུར་བློ་མཐུན་རྟོག་ཞིབ་ནང་ཞུགས།

 

རྟོག་ཞིབ་ཚོགས་པ་འཁོར་དང་བཅས་པས་སྔ་གཞུག་ཏུ་ལུའེ་ཁྲིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལིས་ཁྲང་ཕིན་དང་། གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་གྲོང་དཔོན་པའེ་ཧྲོན་ལ་མཇལ་འཕྲད་གནང་ཞིང་། ལུའེ་ཁྲིན་གྲོང་ཁྱེར་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་སོ་སོ་དང་མཉམ་འབྲེལ་ཚོགས་འདུ་འཚོགས་ཏེ། ས་གནས་གཉིས་ཀྱི་ཁ་གཏད་རོགས་སྐྱོར་བྱ་བར་སྔར་བས་ཤུགས་སྣོན་པའི་ཐད་བཞུགས་མོལ་གནང་། དེའི་རིང་། བཞུགས་མོལ་ཚོགས་འདུ་ཐེངས7འཚོགས་ནས་ཁ་གཏད་རོགས་སྐྱོར་གྱི་དོན་གནད་གཞི་རྩའི་སྟེང་གཏན་འཁེལ་བྱས།

རྟོག་ཞིབ་ཚོགས་པ་འཁོར་དང་བཅས་པས་སྔ་རྗེས་སུ་བློ་མཐུན་ཁུང་ཧྥན་སིན་གྱི་དྲན་གསོ་ཁང་དང་། ལུའེ་ཁྲིན་ས་ཨུའི་ཆེད་མངགས་ཧྲུའུ་ཡི་གནའ་ཤུལ། ལིན་ཏིང་དམག་དཔོན་གྱི་གཙང་བརྒལ་བཀོད་འདོམས་པུའུ་ཡི་གནའ་ཤུལ་དྲན་གསོ་ཁང་། ཀྲུང་གུང་ཧྲན་ཏུང་ནུབ་བྱང་ས་ཨུའི་གནའ་ཤུལ་དྲན་གསོ་ཁང་སོགས་སུ་བསྐྱོད་དེ་གསར་བརྗེའི་སློབ་གསོ་དང་ལེན་བྱས་ཤིང་། རྟོག་ཞིབ་ཚོགས་པའི་ཁོངས་མིས་མུ་མཐུད་དུ་ཏང་གི་གསར་བརྗེའི་ཁྲག་རྒྱུན་དང་ཏང་གི་སྲོལ་རྒྱུན་བཟང་བོ་དར་སྤེལ་བཏང་སྟེ། རྐང་ཚའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་གསར་བ་འབུལ་རྒྱུའི་རང་རྟོགས་རང་བཞིན་མངོན་གསལ་ཡོང་བར་བྱས། དུས་མཚུངས་སུ། ལུའེ་ཁྲིན་གྲོང་ཁྱེར་གྱི་གསར་བརྗེའི་རིག་གནས་སྔོག་འདོན་དང་ཐོན་ཁུངས་ལེགས་སྒྲིལ། འགྲེམ་ཁང་འགྲེམ་སྟོན། ལམ་ཕྱོགས་ཇུས་འགོད། དྲིལ་སྒྲོག་འགྲེལ་བཤད་སོགས་ཐད་བླངས་པའི་ཡོངས་འགྲུབ་བྱེད་ཐབས་སློབ་སྦྱོང་དང་དཔྱད་གཞིར་བཟུང་བས། རྐང་ཚའི་གོམ་སྟབས་རྗེས་མར་གསར་བརྗེའི་ཡུལ་སྐོར་སྔོག་འདོན་དང་གསར་སྐྲུན་ལ་ཟུར་ལྟའི་ལེབ་མཐོང་གི་ཉམས་མྱོང་བཟང་བོ་མཁོ་འདོན་བྱས།

ལུའེ་ཁྲིན་སློབ་འབྲིང་གསུམ་པ་རུ། སྟག་ལྷ་མཚོ་བྱང་འཛིན་གྲྭའི་དགེ་སློབ་རྣམས་ལ་སྐོར་རྒྱག་ཏུ་ཕྱིན་པ་དང་། སློབ་མ་ཚོར་དུས་དང་རྣམ་པ་ཀུན་ཏུ“རྒྱལ་ཁབ་སྟོབས་ཆེར་གཏོང་བར་ང་རང་ཡོད”ཅེས་པའི་དམ་བཅའ་བརྟན་པོ་ཡིད་ལ་བཅངས་ཏེ། རྟག་ཏུ་དྲིན་ཚོར་དང་མཚོ་བྱང་གི་དགོས་མཁོ་བསམ་པ། ཕ་མའི་རེ་སྒུག་དང་དགེ་རྒན་གྱི་སློབ་གསོ་བློ་ལ་བཅངས་པ། ཡུལ་གཞན་དུ་སློབ་སྦྱོང་བྱེད་པའི་གོ་སྐབས་ལ་གཅེས་སྤྲས་བྱེད་པ། “ནམ་ཡང་ཕམ་མི་སྲིད”པའི་འབད་འཐབ་རྣམ་འགྱུར་དང་སྤྲོ་སྣང་ཡར་བརྩོན། སྙིང་རུས་ཆེན་པོས་སློབ་སྦྱོང་བྱས་ཏེ་ཕུགས་བསམ་གྱི་སློབ་ཆེན་དུ་རྒྱུགས་སྤྲད་ནས་ཕྱིར་སྤྱི་ཚོགས་དང་མེས་རྒྱལ་ལ་དྲིན་ལན་འཇལ་དགོས་པའི་སྐུལ་མ་གནང་།

མཉམ་འབྲེལ་ཚོགས་འདུའི་ཐོག སྟག་ལྷས་ཀའོ་ཀྲི་གོ་དང་ཏིང་ཡའོ་ཝེ། ལིག་ཀྲི་ཀང་སོགས་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་གྱི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་རབས་གསུམ་གྱི་འཐུས་མིར་དྲན་རྟེན་ལེགས་སྐྱེས་ཕུལ་ཏེ་ཁོ་ཚོའི་སྒེར་སེམས་མེད་པའི་མཛད་པར་བཀའ་དྲིན་ཞུས། ལུའེ་ཁྲིན་གྲོང་ཁྱེར་གྱི་ཏང་སྲིད་མགོ་ཁྲིད་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཤེས་ལྡན་མི་སྣར་རྐང་ཚའི་ས་གཞིར་རྐང་ཚུགས་པར་བྱས་ནས་ཆབ་སྲིད་ཀྱི་འགན་འཁྲི་བརྟན་པོ་འཁུར་བ་དང་། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། སེམས་ཤུགས་ཡོད་རྒུས་རྐང་ཚ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་འགྲོ་རྒྱུར་ཞབས་འདེགས་ཞུས་ཏེ། ཁ་གཏད་རོགས་སྐྱོར་དང་མཉམ་ལས་བརྗེ་རེས་ཀྱི་བྱ་བ་སོ་སོར་རྣམ་པ་གསར་བ་གཏོད་དགོས་པའི་བླང་བྱ་བཏོན།

ལུའེ་ཁྲིན་དབྱང་ཀུའུ་དང་ཀོན་རྫོང་། ཧྲི་ཕིང་སོགས་རྫོང་ཁགཆུསཏུ། རྟོག་ཞིབ་ཚོགས་པས་རྐང་འཛིན་བཟོ་ལས་ཁེ་ལས་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ལྗོངས་ཁུལ། ཞིབ་ཚགས་ལས་སྣོན་ཁེ་ལས་བཅས་ལ་ཡུལ་དངོས་ནས་རྟོག་ཞིབ་བྱས། ཚང་མས་མགྲིན་གཅིག་ཏུ་བསྟན་དོན། ལུའེ་ཁྲིན་གྲོང་ཁྱེར་དུ་རྒྱལ་ཁབ་ཀྱི་གཙོ་གནད་ཁེ་ལས་དང་། ཞིང་ཆེན་དང་གྲོང་ཁྱེར་གྱི་ཁེ་ལས་གྲགས་ཅན་ཡོད་ལ། ད་དུང་གྲོང་གསེབ་ཀྱི་ཁེ་ལས་ཀྱང་ཡོད་པས། ཐོན་ལས“གཅིག་གཉིས་གསུམ”ཁྱོན་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱུང་སྟེ། རྐང་ཚས་ལུའེ་ཁྲིན་ལ་སློབ་སྦྱོང་དང་མིག་དཔེ་ལྟ་བར་སྔར་བས་ཆ་ཚང་ཞིང་མ་ལག་ལྡན་པའི་དཔེ་གཞི་ལེགས་པོ་བསྐྲུན་ཡོད་ཟེར།

ལུའེ་ཁྲིན་དང་རྐང་ཚའི་རིག་གནས་ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་དང་རིག་གནས་བརྗེ་རེས་འཁྲབ་སྟོན་བྱེད་སྒོའི་ཁྲོད། རྐང་ཚ་རྫོང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་ཁྲིན་ཞའེ་ཆིན་དང་ལུའེ་ཁྲིན་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུའུ་ཡི་ཅུའུ་ཀྲང་ཀྲིག་ཅང་ཐའོ་ཡིས་ས་གནས་གཉིས་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་བྱས། དེ་དང་ཆབས་ཅིག རྐང་ཚ་རྫོང་གི་རྩྭ་ཐང་སྒྱུ་རྩལ་ཚོགས་པས་ལུའེ་ཁྲིན་གྲོང་ཁྱེར་དང་དབྱང་ཀུའུ་རྫོང་། ཀོན་རྫོང་བཅས་སུ་ཡོངས་བསྒྲགས་འཁྲབ་སྟོན་ཐེངས3བྱས་ནས་རིག་གནས་བརྗེ་རེས་མཉམ་འདྲེས་ཀྱི་ལས་སྟེགས་བཏོད་དེ། ས་གནས་གཉིས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འབྲེལ་མཐུད་དང་རིག་གནས་ཡུལ་སྐོར་གྱི་ལས་གཞིར་གོ་སྐབས་གསར་བ་བསྐྲུན་ནས་ས་གནས་གཉིས་ཀྱི་རིག་གནས་ཡུལ་སྐོར་ལས་གཞིའི་ལེའུ་གསར་བ་བརྩམས།ས་གནས་གཉིས་ཀྱི་སློབ་གསོ་སྡེ་ཁག་གིས་ཆ་སྒྲིག་རོགས་སྐྱོར་གྱི་གྲོས་ཆིངས་ཡི་གེར་མིང་རྟགས་བཀོད་པ་དང་། ས་གནས་གཉིས་ཀྱི་འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིསམཉམ་ལས་སྒྲོམ་གཞིའི་གྲོས་ཆིངསལ་མིང་རྟགས་བཀོད། ས་གནས་གཉིས་པོའི་རིག་གནས་ཡུལ་སྐོར་སོ་སོསལུའེ་ཁྲིན་ཁ་གཏད་རོགས་སྐྱོར་གྱི་རྐང་ཚའི་རིག་གནས་ཡུལ་སྐོར་མཉམ་ལས་ཀྱི་གྲོས་ཆིངསལ་མིང་རྟགས་བཀོད། ཀྲོང་ཡང་ཚན་རྩལ་སྡེ་ཚོགས་ཚད་ཡོད་ཀུང་སིས་རྐང་ཚ་རྫོང་གི་བོད་ཡིག་པར་གཞིའི་ཆ་འཕྲིན་མ་ལག་བཀོལ་བར་སྐུལ་འདེད་བྱ་རྒྱུ་ཡིན་པར་བསྟན། གཞན་ད་དུང་གྲོས་ཆིངས་མང་བོ་བཞག་ཡོད་ཅིང་ད་ལོའི་ཟླ་བདུན་པར་ལུའེ་ཁྲིན་གྱི“བརྒྱད་གཏད་བརྒྱད”ཁ་གཏད་རོགས་སྐྱོར་གྱིས་རྫོངཆུསལ་འཚམས་འདྲི་རྟོག་ཞིབ་བྱེད་སྐབས། རོགས་སྐྱོར་མ་དངུལ་དང་བྱ་བ་སྔར་བས་དོན་འཁྱོལ་བྱས་ཏེ་སྒྲོམ་གཞིའི་གྲོས་ཆིངས་འགར་ཡང་མིང་རྟགས་འགོད་རྒྱུ་རེད།ཐེངས་འདིའི་རྟོག་ཞིབ་སློབ་སྦྱོང་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ལ། ལུའེ་ཁྲིན་གྲོང་ཁྱེར་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་ལས་རིགས་སྡེ་ཁག ཁེ་ལས་ཚང་མས“སྲིད་གཞུང་སྐུལ་སྤེལ་དང་བཟང་ཆ་གསབ་རེས། མཉམ་ལས་མཉམ་རྒྱལ”གྱི་བསམ་ཕྱོགས་ལྟར། ལུའེ་ཁྲིན་གྲོང་ཁྱེར་གྱི་ནུས་པའི་ལྕོག་ཚོད་ཀྱིས་མུ་མཐུད་དུ་ཁ་གཏད་རོགས་སྐྱོར་ལ་ཤུགས་སྣོན་དང་ཤེས་ལྡན་མི་སྣ་གསོ་སྐྱོང་། ཐོན་ལས་འཕེལ་རྒྱས། དམངས་འཚོ་འགན་སྲུང་བཅས་ཀྱི་ཐད་དངོས་གཉེར་མཉམ་ཤུགས་ཆེ་རུ་བཏང་སྟེ། བོད་མཁར་རྐང་ཚའི་རྒྱ་ཆེའི་ལས་བྱེད་དང་མང་ཚོགས་དང་མཉམ་དུ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་ཡོང་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། “མཉེན་པའི་ཁོར་ཡུག”འཛུགས་སྐྱོང་གི་ཆུ་ཚད་ཇེ་མཐོ་དང་ཡུན་བརྟན་འཕེལ་རྒྱས་ཀྱི“དངོས་ཤུགས་མཁྲེགས་པོ”ཇེ་ཆེར་གཏོང་བར་རོགས་རམ་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་གསར་བ་ཕུལ་ཏེ་ས་གནས་གཉིས་ཀྱི་ཁ་གཏད་རོགས་སྐྱོར་བྱ་བ་ཐུན་མོང་ཐོག་གཏིང་ཟབ་ཏུ་གཏོང་བར་ལེའུ་གསར་བ་བྲི་རྒྱུ་རེད།