ཤ་བོ་སྐྱབས་ཀྱིས“སྨྱུང་གནས་དུས་ཆེན”ཐོན་ལ་ཉེ་སྐབས་འཚམས་འདྲིའི་བྱེད་སྒོ་སྤེལ།
发布时间:2023年04月24日
消息来源:
ཤ་བོ་སྐྱབས་ཀྱིས“སྨྱུང་གནས་དུས་ཆེན”ཐོན་ལ་ཉེ་སྐབས་འཚམས་འདྲིའི་བྱེད་སྒོ་སྤེལ།
སྒྲིག་སྒྱུར། སངས་དོན། ཡོང་ཁུངས། མཚོ་བྱང་ཏང་དོན། བཤེར་འབེབས། རིན་ཆེན་ཚེ་རིང་།
སྨྱུང་གནས་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་རྐང་ཚ་རྫོང་གི་དབྱི་སི་ལན་ཕྱག་ཁང་དུ་ཕེབས་ནས་དམངས་གཙོ་དོ་དམ་ཨུ་ལྷན་གྱི་ཁོངས་མི་དང་དགེ་རྒན། ལས་བཟོ་མི་སྣར་འཚམས་འདྲི་གནང་། ཁོང་ཚོ་དང་དེ་བཞིན་ཁུལ་ཡོངས་ཀྱི་རྒྱ་ཆེའི་ཧེ་རིགས་དང་ས་ལར་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་སྤུན་ཟླར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་གནང་བ་དང་། དུས་ཆེན་གྱི་སྨོན་འདུན་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས།
རྐང་ཚ་རྫོང་གི་དབྱི་སི་ལན་ཕྱག་ཁང་དུ་ཤ་བོ་སྐྱབས་ཀྱིས་དམངས་གཙོ་དོ་དམ་ཨུ་ལྷན་གྱི་ཁོངས་མི་དང་དགོན་པའི་ཨ་ཧོང་དང་བྱམས་བརྩེའི་ངང་བཞུགས་མོལ་བྱས་ཏེ། འཚོ་བའི་ཁྲོད་འཕྲད་པའི་དངོས་ཡོད་དཀའ་ངལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་དང་། ས་གནས་དེ་གའི་ཏང་ཨུ་དང་སྲིད་གཞུང་གིས་དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་དོན་ལ་སྤྱི་འདོམས་ཀྱིས་རྒྱབ་སྐྱོར་བྱེད་པ་དང་། དགོན་སྡེའི་རང་ཁ་རང་གསོའི་ནུས་པ་ཆེ་རུ་གཏོང་དགོས་པའི་བཀའ་མངགས་གནང་། ཁོང་གིས་བསྟན་དོན། དགོན་སྡེ་དམངས་གཙོ་དོ་དམ་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་ལ་རང་རྟོགས་ངང་སློབ་སྦྱོང་དང་། ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། དགོན་སྡེའི་དམངས་གཙོ་དོ་དམ་ཨུ་ལྷན་དང་ཆོས་ལུགས་ལས་དོན་མི་སྣས་“ཝོར་ཙེའི”སྒྲོག་འགྲེལ་སོགས་ཀྱི་བྱེད་སྒོ་བརྒྱུད་ནས་དད་ལྡན་མང་ཚོགས་ལ་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུའི་ཁྲིད་སྟོན་བྱེད་པ་དང་། ལས་སླ་པོར་བྱུང་བ་ཞིག་མིན་པའི་བདེ་སྐྱིད་འཚོ་བ་དང་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོར་གཅེས་སྤྲས་ལྡབ་འགྱུར་བྱེད་པ། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཆོད་སེམས་སྔར་བས་བརྟན་དུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་དུ་ཏན་ཏིག་གཏོང་བ་དང་། མི་རིགས་མཐུན་སྒྲིལ་དགོན་སྡེར་སྐྱོད་པའི་བྱེད་སྒོ་གཏིང་ཟབ་སྤེལ་བ། ཆོས་ལུགས་ལས་དོན་མི་སྣ་ཁག་དབར་ཕན་ཚུན་འགྲོ་འོང་དང་། ཕན་ཚུན་སློབ་སྦྱོང་། དགེ་ལེན་སྐྱོན་སེལ་བཅས་བྱེད་པ། ཁྲིམས་ལྟར་ཆོས་ལུགས་ལས་དོན་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་མཐུན་སྒྲིལ་དགོན་པ་འཛུགས་སྐྱོང་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཆོས་ལུགས་ཞི་མཐུན་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། དེ་དང་ཆབས་ཅིག ཁུལ་དང་རྫོང་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་སྡེ་ཚན་གྱིས་དགོན་སྡེ་ཁག་ལ་དཔེ་དེབ་ལྟ་ཀློག་ཁང་ཡག་པོ་སྐྲུན་པ་དང་། དོ་དམ་ཡག་པོ། བེད་སྤྱོད་ཡག་པོ་བཅས་བྱ་རྒྱུར་མཛུབ་ཁྲིད་བྱས་ཏེ《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དང《རྩ་ཁྲིམས》སོགས་སློབ་སྦྱོང་ཡག་པོ་བྱས་ནས་ཆོས་ལུགས་མི་སྣར་ཏང་ལ་དགའ་ཞེན་དང་། རྒྱལ་གཅེས་དང་སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱེད་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏོང་རྒྱུར་སྔར་བས་ཁྲིད་སྟོན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
ཁུལ་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་མགོན་པོ་ཚེ་བརྟན་དང་། ཁུལ་ཨུའི་རྒྱུན་ཨུ། དྲུང་ཡིག་ཆེན་མོ་ཝང་ཡུང་ཁྲང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་མཱ་རུའུ་ཞང་། རྐང་ཚ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ལས་བགོས་འགན་འཁུར་བློ་མཐུན་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཀྱིས་མཉམ་དུ་འཚམས་འདྲི་གནང་།
