མཚོ་བྱང་ཁུལ་རྐང་ཚ་རྫོང་དུ་མཚོ་སྐོར་གཞུང་ལམ་གྱི་འགོ་འཛུགས་ལམ་རྟགས་བསྐྲུན་འཆར་ཡོད་པ་རེད།
མཚོ་བྱང་ཁུལ་རྐང་ཚ་རྫོང་དུ་མཚོ་སྐོར་གཞུང་ལམ་གྱི་འགོ་འཛུགས་ལམ་རྟགས་བསྐྲུན་འཆར་ཡོད་པ་རེད།
ཡོང་ཁུངས། ནུབ་མཚོ་གྲོང་ཁྱེར་ཚགས་པར།
ཡིག་བསྒྱུར། རྐང་ཚ་རྫོང་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས།
མིག་སྔར་གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་ཤེས་རྟོགས་བྱུང་བ་ལྟར་ན། རྐང་ཚ་རྫོང་གིས་མཁར་གྲོང་གི་ལྟེ་གནས་སུ་མཚོ་སྐོར་གཞུང་ལམ་གྱི་འགོ་འཛུགས་ལམ་རྟགས་བསྐྲུན་འཆར་ཡོད་པ་རེད།
རྐང་ཚ་རྫོང་ནི་རང་ཞིང་གི་མཁར་གྲོང་ལྟེ་གནས་སུ་ཐོག་མར་འགོ་འཛུགས་ལམ་རྟགས་འཛུགས་པའི་གྲོང་ཁྱེར་ཐོག་མ་དེ་ཡིན་ལ། འགོ་ཚུགས་ལམ་རྟགས་ནི་ས་གནས་ཀྱི་མཚོན་རྟགས་ཤིག་ཡིན་པ་མ་ཟད། ད་དུང་རིག་གནས་དང་ཡུལ་སྐོར་ཁྱབ་ཁོངས་མཚོན་པའི་གྲོང་ཁྱེར་གྱི་མཚོན་རྟགས་ཤིག་ཀྱང་ཡིན་པས། མཁར་གྲོང་མཚོན་བྱེད་ཀྱི་མཛེས་ལྗོངས་ཁུལ་བསྐྲུན་ཆོག་པ་དང་། སྤྱི་ཚོགས་ཀྱི་སྣང་ཚུལ་སྣ་ཚོགས་མཚོན་ལ་རིག་གནས་ཀྱི་དོན་སྙིང་ལྡན་པའི་མཛེས་ལྗོངས་སུ་བསྒྱུར་ཆོག དེ་བཞིན་ས་གནས་རང་གི་ཡུལ་སྐོར་དཔལ་འབྱོར་དང་ཚོང་དོན་ལས་སྒོ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་དང་། རིག་གནས་ཀྱི་སྤུས་ཚད་དང་མཚན་སྙན་ཇེ་རྒྱས་སུ་འགྲོ་བར་སྐུལ་སྤེལ་གཏོང་བར་དོན་སྙིང་གལ་ཆེན་ལྡན།
རྐང་ཚ་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ཁུལ་གསུམ་གྱི་འབྲེལ་མཚམས་སུ་གནས་ཡོད། མཚོ་སྔོན་པོ་ས་བབ་ཆེས་མཐོང་ས་ན་གནས་ཡོད་པ་དང་། གནས་དེའི་མཐོང་རྒྱ་ཡངས་ལ། ཞིང་ཆེན་ནང་ཁུལ་འགྲིམ་འགྲུལ་གྱི་འབྲེལ་མཚམས་སུ་གནས་ཡོད་པས། ས་ཁོངས་ནང་ཁུལ་དུ“ཁུ་ནུ་རིག་གནས”དང་། “སྙན་ངག་རིག་གནས” “རྟ་རྒྱུག་རིག་གནས”“མངོན་མེད་ཤུལ་བཞག་རིག་གནས”སོགས་རིག་གནས་རྒྱུན་འཛིན་གྱི་ཡུན་རིང་ལ། མ་ཟད་ས་ཁོངས་སུ། ལྷ་མོ་ཁུགས་ལྗོངས་ཁུལ་དང་། ཙོང་ཉའི་ཁྱིམ་གཞིས། གཙོད་གྱི་གྲོང་རྡལ་དཔལ་དགེ རྩྭ་ཐང་གི་དམངས་སྲོལ་ཡུལ་སྐོར་ཞབས་ཞུ་ཁུལ་སོགས་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ཡོད་པ་དང་། མཚོ་སྔོན་པོའི་མཚོ་ཆུ་རྒྱས་ཡུལ་ཆེ་ཤོས་དང་ཙོང་ཉ་ཡུལ་སྐོར་བྱ་ཡུལ་ཆེ་ཤོས། འདབ་ཆགས་འཚོ་སྡོད་བྱ་ཡུལ་ཆེ་ཤོས་དང་། མཚོ་སྔོན་པོའི་བརླན་ས་ཆེ་ཤོས་དེ་ཡིན་པ་མ་ཟད། དགོ་དམར་གྱི་འདུས་སྡོད་བྱ་ཡུལ་ཆེ་ཤོས་དེའང་ཡིན་པ་རེད།
2017ལོར་རྐང་ཚ་རྫོང་རྒྱལ་ཁབ་ཀྱིA4རིམ་པའི་ཡུལ་སྐོར་ལྗོངས་རྒྱུ་ས་ཁུལ་དུ་བདམས་པ་དང་། 2018ལོར་མཚོ་སྔོན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས“ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་བྱ་བའི་སྔོན་ཐོན་ལས་ཁུངས”སུ་བདམས། 2020ལོར་རྒྱལ་ཁབ་ཀྱི་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་དུ་བདམས་པ་རེད། རྐང་ཚ་རྫོང་གིས་མཚོ་སྐོར་གཞུང་ལམ་གྱི་འགོ་འཛུགས་ལམ་རྟགས་བསྐྲུན་པའི་ཐད་ལ་ལེགས་ཆ་མང་པོ་ལྡན་ལ། གལ་སྲིད་མཚོ་སྔོན་པོ་དེ“ཆུ་ཚོད”ཅིག་ཡིན་པའི་དབང་དུ་བྱས་ན། རྐང་ཚ་རྫོང་ནི་ཏག་ཏག་ཆུ་ཚོད་ཀྱི“མཚན་མོའི་ཆུ་ཚོད་བཅུ་གཉིས”སྟེང་དུ་གནས་ཡོད། དེས་འགོ་འཛུགས་ས་མཚོན་ཡོད་པས། མཚོ་སྐོར་གཞུང་ལམ་གྱི་འགོ་འཛུགས་ལམ་རྟགས་བསྐྲུན་པའང་དོན་དང་ལྡན་པ་ཞིག་རེད།