ཞིང་ཆེན་མདའ་འཕེན་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་བཅས་པ་རྐང་ཚ་རུ་སྐབས་བརྒྱད་པའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་བསྡུར་གྲ་སྒྲིག་བྱ་བར་བརྟག་ཞིབ་དང་མཛུབ་སྟོན་གནང་བར་ཕེབས་པ།
发布时间:2023年05月11日
消息来源:
ཞིང་ཆེན་མདའ་འཕེན་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་བཅས་པ་རྐང་ཚ་རུ་སྐབས་བརྒྱད་པའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་བསྡུར་གྲ་སྒྲིག་བྱ་བར་བརྟག་ཞིབ་དང་མཛུབ་སྟོན་གནང་བར་ཕེབས་པ།
ཡོང་ཁུངས། རྫོང་མི་དམངས་སྲིད་གཞུང་དང་རིག་གནས་ཡུལ་སྐོར་ཅུ།
ཡིག་བསྒྱུར། རྐང་ཚ་རྫོང་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས།
ཟླ5བའི་ཚེས8ཉིན།ཞིང་ཆེན་མདའ་འཕེན་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་བཅས་པ་རྐང་ཚ་་རུ2023ལོའི་སྐབས་བརྒྱད་པའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་བསྡུར་གྲ་སྒྲིག་བྱས་པའི་གནས་ཚུལ་ལ་བརྟག་ཞིབ་དང་མཛུབ་སྟོན་གནང་བར་ཕེབས་པ། ཁོས་གསུངས་དོན། ཕྱོགས་ཡོངས་ནས་སྟབས་བདེ་དང་བདེ་འཇགས།ངོ་མཚར་ལྡན་པའི་སྒོ་ནས་འགྲན་བསྡུར་སྤེལ་དགོས་པའི་བླང་བྱ་དོན་འཁྱོལ་ཡོང་བར་བྱས་ཏེ། ཚད་མཐའི་རིག་ལམ་ཇེ་གསལ་དུ་གཏོང་བ་དང་བྱ་བའི་སྒྲིག་སྲོལ་ཇེ་ཞིབ་ཏུ་བཟོས་ནས། སྟོབས་ཤུགས་གཅིག་སྒྲིལ་དང་བབ་བསྟུན་འཕྲལ་སྒྲུབ་ཀྱིས་ཐེངས་འདིའི་མདའ་འཕེན་འགྲན་བསྡུར་དེ་ཁྱད་ཆོས་འབུར་དུ་ཐོན་པ་དང་ནང་དོན་ཕུན་སུམ་ཚོགས་པའི་ངང་ནས་སྤེལ་དགོས་པ་བསྟན། རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་སྟག་ལྷ་དང་རྫོང་ཨུའི་རྒྱུན་ཨུ། རྫོང་དཔོན་གཞོན་པ་ཅིས་ཧྲི་ཝེས།རྫོང་རིག་གནས་ཡུལ་སྐོར་དང་འཕེལ་རྒྱས་བཅོས་བསྒྱུར།སྡོད་ཁང་འཛུགས་སྐྲུན་སོགས་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་མཉམ་དུ་བརྟག་ཞིབ་གནང་།

བརྟག་ཞིབ་ཚོ་ཆུང་དང་བཅས་པས་འགྲན་བསྡུར་གྲ་སྒྲིག་བྱས་ཚུལ་གྱི་སྙན་ཞུ་ཉན་པ་མ་ཟད། སྔ་རྗེས་སུ་རྫོང་རྟ་རྒྱུག་ཐང་དང་རྫོང་མི་རིགས་སློབ་འབྲིང་གི་ཡུལ་དངོས་སུ་ཕྱིན་ཏེ་འགྲན་བསྡུར་ལ་གྲ་སྒྲིག་བྱས་པའི་གནས་ཚུལ་ལ་ལྟ་ཞིབ་གནང་། མགོན་པོ་བཀྲ་ཤིས་ཀྱིས་རང་རེའི་
རྫོང་གི་འགྲན་བསྡུར་གྲ་སྒྲིག་བྱ་བར་ཁས་ལེན་གང་ལེགས་གནང་བ་མ་ཟད། གཅིག་ནི་ངོས་འཛིན་མཐོ་རུ་བཏེགས་ཏེ་སྒྲིག་འཛུགས་ཞིབ་ཚགས་བྱེད་དགོས། སྐབས་བརྒྱད་པའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་བསྡུར་ནི་དུས་རབས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས།ས་གནས་ཀྱི་ཁྱད་ཆོས་བཅས་མངོན་དགོས་ལ།ལོ་རྒྱུས་རིག་གནས་དང་མི་རིགས་ཀྱི་སྲོལ་རྒྱུན།མདའ་འཕེན་ལག་རྩལ་བཅས་རྒྱུན་འཛིན་བྱེད་པའི་གཞི་རྟེན་གལ་ཆེན་དང་ཐབས་ལམ་ནུས་ལྡན་ཞིག་ཡིན། གཉིས་ནི་བྱེད་ཐབས་ཞིབ་ཕྲ་བཟོས་ཏེ་འགན་སྲུང་ནུས་ཤུགས་ཇེ་ཆེར་གཏོང་དགོས། རྐང་ཚ་རྫོང་གིས་འགྲན་བསྡུར་དང་ཕྱིར་བསྐྱོད།ཞག་སྡོད།ཟས་རིགས།འགྲན་ཞུགས་བཅས་ཀྱི་བྱེད་སྒོ་རེ་རེ་དང་ལམ་མཚམས་རེ་རེ།ལས་གནས་རེ་རེ་བཅས་ནས་འགོ་བཙུགས་ཏེ།ནུས་ཤུགས་ཡོད་རྒུས་འགྲན་ཞུགས་ལུས་རྩལ་པའི་ཞབས་ཞུའི་ལས་དོན་སྣ་ཚོགས་ལ་འགན་སྲུང་ཡག་པོ་བྱེད་དགོས། གཙོ་བོ་མདའ་འཕེན་ལུས་རྩལ་པ་དང་ཤན་འབྱེད་པ།རྩལ་འཁྲིད་པ་གདན་འདྲེན་ཞུ་བའི་བྱ་བ་ལེགས་པོ་བསྒྲུབ་སྟེ།འགྲན་བསྡུར་བྱེད་ས་དང་འགྲན་བསྡུར་ཡོ་བྱད་གྲ་སྒྲིག མཁོ་སྒྲུབ་ཀྱི་ཞབས་ཞུ་སོགས་ལ་འགན་སྲུང་བྱེད་དགོས། གསུམ་ནི་དོན་འཁྱོལ་དམ་འཛིན་བྱས་ཏེ་བདེ་འཇགས་འགན་སྲུང་བྱ་དགོས། འགྲན་བསྡུར་བྱེད་སྒོའི་ཁྲོད་ཐོན་པའི་གནས་ཚུལ་གསར་བ་དང་གནད་དོན་གསར་བ། འགྲན་རྩོད་གསར་བ་བཅས་ཁོང་དུ་ཆུད་དེ་འགྲན་བསྡུར་ཁྲོད་ཀྱི་ཉེན་ཁ་འགོག་སྲུང་གི་ཇུས་གཞི་སྔར་ལས་འཐུས་ཚང་དུ་གཏོང་བ་དང་།འཁྲབ་སྦྱོང་དང་འགྲན་བསྡུར་གྱི་མགོ་མཇུག་བར་གསུམ་གྱི་ཉེན་ཁ་ཚོད་འཛིན་ལ་ཤུགས་སྣོན་བྱས་ནས།འགྲན་བསྡུར་སྤེལ་བ་དང་འགྲན་བསྡུར་ལ་ཞུགས་པའི་བདེ་འཇགས་ལ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

