འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བས“རྒྱལ་ཡོངས་ཀྱི་དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་སྡེ་བ”ཡི་ཡིག་བྱང་སྤྲོད་པའི་མཛད་སྒོ་བསྡུས།
འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བས“རྒྱལ་ཡོངས་ཀྱི་དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་སྡེ་བ”ཡི་
ཡིག་བྱང་སྤྲོད་པའི་མཛད་སྒོ་བསྡུས།
ཡོང་ཁུངས། རྐང་ཚ་རྫོང་ཁྲིམས་འཛིན་ཅུ།
ཡིག་བསྒྱུར། རྐང་ཚ་རྫོང་སྲིད་གཞུང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།
ཉེ་ལམ། “རྒྱལ་ཡོངས་ཀྱི་དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་སྡེ་བ”ཡི་ཡིག་བྱང་སྤྲོད་པའི་མཛད་སྒོ་དཀོན་ལོ་གོང་མ་སྡེ་བ་ཏང་ཡོན་བྱ་འགུལ་ཁང་དུ་བསྡུས་ཤིང་། རྫོང་ཨུའི་རྒྱུན་ཨུའམ་འོམ་ཆུ་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་ལེན་ཞན་པོ་དང་ རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པའམ་རྫོང་སྤྱི་བདེ་ཅུའི་ཏང་ཨུའི་ཧྲུའུ་ཅི། ཅུ་ཀྲང་ཀྲང་གོ་ཏིག་གིས་དཀོན་ལོ་གོང་མ་སྡེ་བར་ཡིག་བྱང་སྤྲད་དེ་གཟི་བརྗིད་དཔང་ཡིག་བྱིན། རྫོང་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པའམ་ཁྲིམས་འཛིན་ཅུ་ཡི་ཅུ་ཀྲང་དཀོན་མཆོག་བཀྲ་ཤིས་དང་སྡེ་བའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་སོགས་ཡིག་བྱང་འགེལ་བའི་མཛད་སྒོར་ཞུགས།
ཡིག་བྱང་སྤྲོད་པའི་མཛད་སྒོའི་ཁྲོད། ལེན་ཞན་པོ་ཡིས“ཨུ་ལྷན་གཉིས”ཀྱི་ཚན་ཁག་ལ་རྟེན་འབྲེལ་ཞུས་ཏེ་བླངས་ཟིན་པའི་གྲུབ་འབྲས་ལ་ཁག་ཐེག་གང་ལེགས་བྱས་ཤིང་། དཀོན་ལོ་གོང་མ་སྡེ་བ་ཡིས་གཟི་བརྗིད་མཚན་སྙན་ལ་གཅེས་སྐྱོང་བྱས་ནས་སྡེ་བའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིས་ཁྲིམས་སྐྱོང་འཛུགས་སྐྱོང་ཁྲོད་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཏེ། ཁྲིམས་ལྟར་ཏན་ཏིག་སྒོས་བྱ་བ་བསྒྲུབ་པ་དང་། དོན་དག་ལ་འཕྲད་ཚེ་བཅའ་ཁྲིམས་ཀྱིས་སྐྱོང་བ། བཅའ་ཁྲིམས་ཀྱིས་གནད་དོན་ཐག་གཅོད་བྱེད་པ་དང་འགལ་བ་སེལ་སྐབས་བཅའ་ཁྲིམས་ལ་བརྟེན་པ་བཅས་ཀྱིས་ཁྲིམས་སྐྱོང་གི་རྣམ་པ་བཟང་བོ་ཆགས་པར་རེ་བ་བཏོན། ཀྲང་གོ་ཏིག་གིས་དཀོན་ལོ་གོང་མ་སྡེ་བར“རྒྱལ་ཡོངས་ཀྱི་དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་སྡེ་བ”ཡི་མཚན་སྙན་ཐོབ་པ་ནི་དཀོན་ལོ་གོང་མ་སྡེ་བའི་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་ལས་དོན་ལ་ཁག་ཐེག་བྱས་པ་ཞིག་ཡིན་ལ་མ་འོངས་པའི་བྱ་བར་སྐུལ་ལྕག་བྱས་པ་ཞིག་ཀྱང་ཡིན་པས་ངེས་པར་དུ་མཚན་སྙན་ལ་ཡང་དག་གི་ལྟ་ཚུལ་འཛིན་དགོས། སྡེ་བའི“ཨུ་ལྷན་གཉིས”ཀྱིས་ཐེངས་འདི་གོ་སྐབས་སུ་བཟུང་ནས་འགལ་རྩོད་ལ་གྲལ་བཤེར་ཐག་གཅོད་དང་། ཁྲིམས་ལུགས་སློབ་གསོ་དྲིལ་སྒྲོག གྲོང་སྡེ་བཅོས་སྐྱོང་བྱེད་པ་སོགས་ཀྱི་ཐད་མུ་མཐུད་དུ་ཤུགས་བསྣན་ཏེ་སྙིང་རུས་གཏན་འཁྱོངས་ཀྱིས་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་གི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་བཏང་སྟེ“རྒྱལ་ཡོངས་ཀྱི་དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་སྡེ་བ”ཡིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་དགོས།
མ་འོངས་པར། རྫོང་ཁྲིམས་འཛིན་ཅུ་ཡིས“རྒྱལ་ཡོངས་ཀྱི་དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་སྡེ་བ(གཞིས་ཁུལ)འཛུགས་སྐྱོང་བྱེད་སྒོ་གོ་སྐབས་སུ་བཟུང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཟུང་འབྲེལ་གྱིས་ཁྲིམས་ལུགས་ཁྱབ་བརྡལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་དཀོན་ལོ་གོང་མ་སྡེ་བའི་སྤྱི་ཡོངས་ཀྱི་འཆར་འགོད་ལ་དམ་པོར་སྦྲེལ་ནས་རང་འགུལ་གྱིས་ཁྲིམས་སྐྱོང་དང་འབྲེལ་ཆགས་པ་བྱས་ནས་ཁྱད་ཆོས་ལྡན་པའི་ཁྲིམས་སྐྱོང་རིག་གནས་ས་ཁུལ་བཙུགས་ཏེ། ཁྲིམས་སྐྱོང་རིག་གནས་དེ་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་དང་ཐོན་སྐྱེད་ཁྲོད་ཁྱབ་པ་བྱས་ཏེ། གྲོང་སྡེ་དར་སྤེལ་ལ་རོགས་འདེགས་བྱེད་དགོས་ཞེས་བཤད།