རྫོང་སློབ་གསོ་ཅུས་སློབ་གྲྭ་ཆུང་འབྲིང་དུ“འཆད་ཁྲིད”བྱེད་སྒོ་སྤེལ།
རྫོང་སློབ་གསོ་ཅུས་སློབ་གྲྭ་ཆུང་འབྲིང་དུ“འཆད་ཁྲིད”བྱེད་སྒོ་སྤེལ།
ཡོང་ཁུངས། རྐང་ཚ་རྫོང་སློབ་གསོ་ཅུ།
ཡིག་བསྒྱུར། རྐང་ཚ་རྫོང་སྲིད་གཞུང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།
ཟླ3པའི་ཟླ་དཀྱིལ་ནས་བཟུང“གཉིས་འཕྲིའི”ལས་དོན་དང“དོ་དམ་ཁག་ལྔའི”སྲིད་ཇུས་དོན་ཐོག་ལ་འཁྱོལ་བར་སྔར་ལས་སྐུལ་འདེད་བཏང་སྟེ།《མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་གཉེར་ནས་སློབ་གསོའི་སྤུས་ཚད་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》གྱི་ཡིག་ཆའི་བླང་བྱ་ལག་ལེན་དོན་འཁྱོལ་བྱས་ཏེ། སློབ་གསོའི་སློབ་ཁྲིད་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་དགེ་རྒན་གྱི་སློབ་ཁྲིད་བྱེད་ཐབས་སྔར་ལས་ཚད་ལྡན་དུ་གཏོང་ཆེད། རྫོང་སློབ་གསོ་ཅུས་རྩ་འཛུགས་ལྟར་སློབ་གྲྭ་ཆུང་འབྲིང་དུ“འཆད་ཁྲིད”བྱེད་སྒོ་སྤེལ། རྫོང་སློབ་གསོ་ཅུའི་འགོ་ཁྲིད་དང་སློབ་དཔྱོད་ཁང་གི་ཚན་ཁག་སོ་སོའི་འགན་ཁུར་བ་རྣམས་རང་རྫོང་གི་སློབ་གྲྭ་ཆུང་འབྲིང་དུ་ཟབ་ཞུགས་བྱས་ཏེ་སློབ་ཁྲིད་ལ་ཉན་རྗེས་ཆེད་ལས་རང་བཞིན་གྱི་མཛུབ་སྟོན་དང་དཔྱད་བརྗོད་གནང་།
རྫོང་སློབ་གསོ་ཅུ་དང་སློབ་གྲྭ་ཆུང་འབྲིང་ཁག་གིས་ཐེངས་འདིའི་བྱེད་སྒོ་ལ་དམ་འཛིན་ནན་མོ་བྱས་ཏེ། རྒྱ་ཡིག་དང་བོད་ཡིག རྩིས་རིག དབྱིན་ཡིག་བཅས་རིག་ཚན་བཞི་གཙོ་བོར་བཟུང་ནས། རྐང་འཛིན་དགེ་རྒན་གྱི་དཔེ་སྟོན་སློབ་ཁྲིད་དང་ན་གཞོན་དགེ་རྒན་གྱི་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བ་སོགས་གཞིར་བཟུང་སྟེ། སློབ་གྲྭའི་དོན་དངོས་ལ་གཞིགས་ནས་སློབ་ཁྲིད་བྱེད་པ་དང་ས་ཁོངས་ལས་བརྒལ་བའི་མཉམ་ལས་སོགས་ཀྱི་བྱ་ཐབས་སྤྱད་དེ། སློབ་གྲྭ་སོ་སོའི་དགེ་རྒན་ཡོངས་ཀྱིས་མཉམ་ལས་དང་རོགས་འདེགས་ཀྱི་སློབ་དཔྱོད་བྱེད་སྒོ་ཆེ་གྲས་ཤིག་སྤེལ། སློབ་མར་དམིགས་སུ་བཟུང་ནས་སློབ་གྲྭ་ཁག་གི་བསླབ་ཚན་དགེ་རྒན་གྱིས་སློབ་ཁྲིད་གྲ་སྒྲིག་དང་བསླབ་གཞི་སྔོག་འདོན་བྱས་ཤིང་གོ་རིམ་ལྡན་པའི་སློབ་ཁྲིད་ཀྱི་རྩ་འཛུགས་དང་ནང་དོན། བྱེད་ཐབས། བརྒྱུད་རིམ། གཙོ་གནད་སོགས་ཀྱི་ཐད་རང་གི་བསམ་ཚུལ་གླེང་སྟེ་དཔྱད་བསྡུར་དང་སྐུལ་འདེད་བྱས་ནས་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་སུ་བཏང་།
“འཆད་ཁྲིད”བྱེད་སྒོ་སྤེལ་བ་དེས་རང་རྫོང་གི་དགེ་རྒན་གྱི་སློབ་ཁྲིད་བྱེད་སྟངས་གསར་བཅོས་དང་རང་ངོས་ཀྱི་ཆེད་ལས་ཆུ་ཚད་མཐོ་རུ་གཏོང་བ། སློབ་ཁྲིད་བཅོས་སྒྱུར་ལ་སྔར་ལས་ལྷག་པའི་སྐུལ་འདེད་བཏང་སྟེ་སློབ་ཁྲིད་ཀྱི་སྤུས་ཚད་དང་སློབ་ཚན་གསར་བ་ལག་ལེན་བྱས་ཏེ། ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུར་རྨང་གཞི་བཏང་། རྫོང་སློབ་གསོ་ཅུའི་སློབ་ཁྲིད་ཞིབ་འཇུག་གི་རྣམ་པ་མུ་མཐུད་དུ་འཐུས་ཚང་དུ་བཏང་ནས་སློབ་ཁྲིད་ལ་ཉན་པའི་བྱེད་སྒོ་བརྒྱུད་དེ། དགེ་རྒན་དཔུང་ཁག་གི་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་བཏང་སྟེ་མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཁྲིད་སྟོན་བྱས།