གཞུང་དོན་རླངས་འཁོར་ཚོགས་འཚོང་བརྡ་ཁྱབ།

发布时间:2023年05月24日 消息来源:

གཞུང་དོན་རླངས་འཁོར་ཚོགས་འཚོང་བརྡ་ཁྱབ།


 

  ཡོངས་ཁུངས།  རྫོང་ཐད་གཏོགས་ལས་ཁུངས་ལས་དོན་དོ་དམ་ཅུ།

  ཡིག་བསྒྱུར།  རྫོང་སྲིད་གཞུང་བོད་སྐད་ཡིག་བྱ་བའི་ལས་དོན་ལྟེ་གནས།

 

མཚོ་སྔོན་ཐེན་ཝེ་ཚོགས་འཚོང་ཀུང་སི་ཡིས་རྫོང་གཏོགས་ལས་ཁུངས་དོ་དམ་ཅུ་ཡི་མངགས་བཅོལ་དང་དུ་བླངས་ཏེ། ཀྲུང་གོ་ཚོགས་འཚོང་ལས་རིགས་ཐུན་ཚོགས་དྲ་ལམ་ཚོགས་འཚོང་སྟེགས་བུའི་སྟེང་། གཞུང་དོན་རླངས་འཁོརཁྱོན་བསྡོམས8ལྷག་སྤྱི་ཚོགས་ལ་ཁ་ཕྱོགས་ཏེ་རིན་གོང་ཡོངས་བསྒྲགས་བྱས་ནས་འཚོང་རྩིས་ཡོད་ལ། རླངས་འཁོར་གྱི་སྤུས་རྟགས་སུ་སན་ལི་ཕ་ཅེ་འོ་དང་།   ཉི་སང་ཕ་ལ་ཏེན།  ཅེ་ཏ་སོགས་ཚུད་ཡོད་པ་རེད།   

ཚོགས་འཚོང་གི་ས་གནས་དང་དུས་ཚོད།

འགྲེམ་འཚོང་དུས་ཚོད།   ༢༠༢༣ལོའི་ཟླ༥བའི་ཚེས༢༤ཉིན་གྱི་སྔ་དྲོའི་ཆུ་ཚོད༩་ནས༢༠༢༣ལོའི་ཟླ་༥པའི་ཚེས༢༥ཉིན་གྱི་ཕྱི་དྲོའི་ཆུ་ཚོད༦པའི་བར།   

འགྲེམ་འཚོང་ས་གནས། མཚོ་བྱང་ཁུལ་རྐང་ཚ་རྫོང་སྤྱི་སྤྱོད་རླངས་འཁོར་ཀུང་སིའི་རླངས་འཁོར་འབབ་ཚིགས།  

ཐོ་འགོད་དུས་ཚོད།   ༢༠༣ལོའི་ཟླ༥པའི་ཚེས༢༤ཉིན་ནས༢༠༣ཉིན་གྱི་ཕྱི་དྲོའི་ཆུ་ཚོད༡༦པའི་བར་ཡིན།   ཐོ་འགོད་ས་གནས།   ཀྲུང་གོ་ཚོགས་འཚོང་ལས་རིགས་མཐུན་ཚོགས་དྲ་ལམ་ཚོགས་འཚོང་སྟེགས་བུ།

ཚོགས་འཚོང་ས་གནས།  ཀྲུང་གོ་ཚོགས་འཚོང་ལས་རིགས་མཐུན་ཚོགས།

དྲ་ལམ་ཚོགས་འཚོང་དྲ་ཚིགས།   

འགྲན་ཉོའི་དོན་བྱ།

   གཅིག འགྲན་ཉོ་བྱེད་མཁན་དེ་དམངས་དོན་གྱི་ལས་བྱེད་ནུས་པ་ཡོད་པའི་སྤྱི་དམངས་ཡིན་དགོས་པ་དང་། བཅའ་ཁྲིམས་ལྟར་ཐོ་བཀོད་བྱས་པའི་ཀུང་སིའི་ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་དག་ཡིན་དགོས།   

   གཉིས།   འགྲན་ཉོ་བྱེད་འདོད་མཁན་ལ།   རང་བྱུང་མིའི་ཐོབ་ཐང་ལག་ཁྱེར་གྱི་མ་ཡིག་དགོས།  ཁྲིམས་མིའི་ལས་གཉེར་ལག་རྟགས་སམ། ཁྲིམས་མིས་དབང་ཆ་བསྐུར་བའི་མངགས་བཅོལ་ཡི་གེ ཁྲིམས་མིའི་ཐོབ་ཐང་ལག་ཁྱེར།   དེ་བཞིན་མངགས་བཅོལ་ངོ་ཚབ་པའི་ཐོབ་ཐང་ལག་ཁྱེར་གྱི་མ་ཡིག་བཅས་དགོས། གཞན་འགྲན་ཉོ་བྱེད་པའི་ཡིད་རྟོན་ཁག་ཐེག་ཏུ་དམངས་སྒོར་ཁྲི་གཅིགསྤྲད་རྗེས་གཟོད།    ཞིབ་བཤེར་གཏན་འབེབས་བྱས་ཏེ་འགྲན་ཉོ་བྱེད་པའི་འགྲོ་ལུགས་བསྒྲུབ་ཆོག   ཚོང་འགྲིག་མཁན་གྱི་འགྲན་ཉོ་འགན་ལེན་དངུལ་ངེས་པར་འཁོར་བདག་བརྗེ་སྒྱུར་དང་རྩི་བསྒྱུར་འགན་ལེན་དངུལ་བཅས་སུ་བསྒྱུར་དགོས།   ཉོ་འཚོང་འགྲིག་པ་ཡི་འགན་ལེན་དངུལ་དེ་ཚོགས་འཚོང་གྲོལ་རྗེས་ཀྱི་ཉིན་གསུམ་གྱི་ནང་ཕྱིར་སློག་ངེས།   གལ་ཏེ་གཟའ་མཇུག་གམ་དུས་ཆེནལ་ཐུག་ཚེ་འགན་ལེན་དངུལ་ཕྱིར་སྤྲོད་པའི་དུས་ཚོད་ལ་ཕྱིར་འགྱངས་ཡོད་ངེས། དེར་སྐྱེད་ཀ་མི་ལེན་ལ། དངུལ་ཁང་གི་འགྲོ་ལུགས་དངུལ་མི་རང་ཉིད་ཀྱིས་འགན་འཁུར་དགོས།

   གསུམ།   འགྲན་ཉོ་ཁག་ཐེག་བྱེད་དངུལ་སྤྲོད་སྟངས།  དངུལ་བྱང་གིས་ཐད་ཀར་དངུལ་བསྐུར་དགོས། ལག་དངུལ་བྱིན་ཏེ་མིང་ཐོ་འགོད་མི་ཆོག  ཁག་ཐེག་དངུལ་སྐུར་སའི་དངུལ་བྱང་། མཚོ་སྔོན་ཟི་ལིང་ཞིང་སྡེ་ཚོང་ལས་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི་གྲོང་མིའི་ཡན་ལག་དངུལ་ཁང་།   དངུལ་བྱང་གི་མིང་།   མཚོ་སྔོན་ཐེན་ཝེ་ཚོགས་འཚོང་ཚད་ཡོད་ཀུང་སི།   དངུལ་བྱང་ཨང་གྲངས།   820100000004554774   

   བཞི།  རྟིང་སྐུལ་དོན་བྱ།  1. ཐེངས་འདིའི་ཚོགས་འཚོང་དེ་རླངས་འཁོར་འགྲེམས་སྟོན་གྱི་ཚད་གཞིར་འཛིན་པ་དང་།   རླངས་འཁོར་གྱི་ད་ཡོད་གནས་ཚུལ་དངོས་ལ་གཞིགས་ནས་ཚོགས་འཚོང་བྱེད་པ།   རླངས་འཁོར་གྱི་ད་ཡོད་ཨང་རྟགས་ཚུད་མེད་ལ་ཉོ་འཚོང་གྲངས་ཀར་ཚད་བཀག་ཀྱང་མེད།   2. ཚོགས་འཚོང་རླངས་འཁོར་ཉོ་གྲུབ་རྗེས་སུ། ཉོ་བདག་གིས་གཏན་འབེབས་བྱས་པའི་དུས་ཚོད་ནང་རང་འགུལ་གྱིས་རླངས་འཁོར་གྱི་བདག་པོ་བརྗེ་བའི་འགྲོ་ལུགས་བསྒྲུབ་དགོས། རླངས་འཁོར་གྱི་བདག་པོ་བརྗེ་བའི་འགྲོ་ལུགས་སྒྲུབ་ལས་བྱུང་བའི་དཔྱ་ཁྲལ་དང་།   གྲོན་དངུལ།   སྒྲིག་འགལ་ཉེས་གསོག་ཡི་གེ   ཉེས་ཆད་དངུལ་འབབས།   རྩི་བསྒྱུར་བ།   བདེ་འཇགས་འགན་འཁྲི་སོགས་མི་མངོན་པའི་སྐྱོནདག་ཉོ་མཁན་རང་ཉིད་ཀྱིས་འགན་འཁུར་དགོས།   3.ཉོ་འཚོང་གྲུབ་རྗེས་ཉོ་བདག་གིས་ཀྲུང་གོ་ཚོགས་འཚོང་ལས་རིགས་མཐུན་ཚོགས་ཀྱི་དྲ་རྒྱའི་སྟེགས་བུར0.15%ཡི་གླ་ཆ་སྤྲོད་དགོས།   མཚོ་སྔོན་ཐེན་ཝེ་ཚོགས་འཚོང་ཚད་ཡོད་ཀུང་སིར་ཚོང་འགྲིག་པའི་བསྡུར་ཚད་ཀྱི5%ཡི་འཚོང་གླ་སྤྲོད་དགོས།   

ཚོགས་འཚོང་ཐབས་ལམ།  དྲ་ལམ་ཚོགས་འཚོང་གི་ཁ་པར་དང་འདྲི་རྩད་དྲ་ཚིགས།

 

འདྲི་རྩད་དྲ་ཚིགས །

ཀྲུང་གོ་ཚོགས་འཚོང་ལས་རིགས་མཐུན་ཚོགས།     

ཚོ་སྔོན་ཚོགས་འཚོང་ལས་རིགས་མཐུན་ཚོགས།   www.qhspxpxx.com

མཚོ་སྔོན་ཐེན་ཝེ་ཚོགས་འཚོང་ཚད་ཡོད་ཀུང་སི www.qhtwpm.com

འབྲེལ་གཏུགས་ཨང་གྲངས།       0970-8810321

 ལྟ་སྐུལ་ཨང་གྲངས།             0970-8652420