རྐང་ཚ་རྫོང་བོད་ལུགས་གསོ་རིག་རྟོག་ཞིབ་ཚོགས་པས་བོད་ལྗོངས་ཉིང་ཁྲི་སྨན་རྩིས་ཁང་དང་ཆི་ཀྲེང་བོད་སྨན་བཟོ་གྲྭས་རྟོག་ཞིབ་ལ་སློབ་སྦྱོང་བྱས་པ།
རྐང་ཚ་རྫོང་བོད་ལུགས་གསོ་རིག་རྟོག་ཞིབ་ཚོགས་པས་
བོད་ལྗོངས་ཉིང་ཁྲི་སྨན་རྩིས་ཁང་དང་ཆི་ཀྲེང་བོད་སྨན་བཟོ་གྲྭས་རྟོག་ཞིབ་ལ་སློབ་སྦྱོང་བྱས་པ།
ཡོང་ཁོངས། རྐང་ཚའི་ནོར་སྲིད།
ཡིག་བསྒྱུར། རྫོང་སྲིད་གཞུང་བོད་སྐད་ཡིག་བྱ་བའི་ལས་དོན་ལྟེ་གནས།
རང་རྫོང་གི་བོད་ལུགས་གསོ་རིག་ཁྱད་ལྡན་ཚན་ཁག་གིས་སྨན་རྫས་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད། ཕྱོགས་ཡོངས་ནས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྨན་བཅོས་ཞབས་ཞུ་གང་ལེགས་སྒྲུབ། ཟླ5ཚེས19ཉིན་ནས་ཚེས20ཉིན་བར། རྫོང་ཨུ་ཧྲུའུ་ཅི་གཞོན་པ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་འཇམ་དབྱངས་དོན་གྲུབ་ཀྱིས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རྟོག་ཞིབ་ཚོགས་པའི་སྣེ་ཁྲིད་དེ་བོད་ལྗོངས་ཉིང་ཁྲི་སྨན་རྩིས་ཁང་དང་ཆི་ཀྲེང(奇正)བོད་སྨན་བཟོ་གྲྭར་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་ཕེབས། ཚན་ཁག་གཉིས་ཀྱི་འབྲེལ་ཡོད་འགན་འཁུར་བའང་ཟབ་ཞུགས་བྱས།
བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ལ་རྟོག་ཞིབ་སློབ་སྦྱོང་བྱས་པའི་རྣམ་པ།
བོད་ལྗོངས་ཉིང་ཁྲི་སྨན་རྩིས་ཁང་དུ་རྟོག་ཞིབ་ཚོགས་པ་དང་བསམ་ཚུལ་སྤེལ་རེས་བྱས་པའི་བྱེད་ཐབས་བརྒྱུད་དེ་སྨན་ཁང་གི་ལས་དོན་སྤེལ་ཚུལ་ལ་ཁྱོན་ཡོངས་ནས་རྟོག་ཞིབ་དང་སློབ་སྦྱོང་གཏིང་ཟབ་བྱས་པ་རེད། བོད་ལུགས་སྨན་ཁང་གི་བོད་སྨན། སྨན་ལུམས་ཚན་ཁག ནད་ལྕི་ལྟ་སྐྱོང་ཁང་། ཀླད་སྙིང་ཆེད་ལས་ཚན་ཁག ཕྱོགས་བསྡུས་སྒོ་བསྟེན་ཁང་། མགོ་ལུམས་སྨན་བཅོས་ཁང་། འཇུ་བྱེད་མ་ལག་ཚན་ཁག “མི་ན་བར”སོགས་ཚན་ཁག་འཛུགས་པ་དང་།མི་སྣའི་གྲུབ་ཆ། སྒྲིག་ཆས་ཀྱི་བཀོད་སྒྲིག ལས་སྒོའི་འཕེལ་རྒྱས། ཚན་རིག་ཞིབ་འཇུག་སོགས་ཀྱི་གནས་ཚུལ་གཙོ་གནད་ལ་ལྟ་སྦྱོང་བྱས་པ་མ་ཟད། སྨན་ཁང་དང་འབྲེལ་ཡོད་ཚན་ཁག་གི་རིག་ཚན་འཛུགས་སྐྱོང་དང་འཕེལ་རྒྱས་ཀྱི་བརྒྱུད་རིམ་འགྲེལ་བཤད་བྱས་ནས་ཉམས་མྱོང་སྤེལ་རེས་ཀྱང་བྱས་པ་རེད། སྨན་ཁང་གི་ཅུང་ལེགས་པའི་འཕེལ་རྒྱས་འཆར་འགོད། དེ་བཞིན་ཞིབ་ཚགས་ཅན་གྱི་སྨན་ཁང་དོ་དམ་བཅས་ལ་མྱོང་ཚོར་ཟབ་མོ་བྱུང་ནས་ཕན་པ་ཆེན་པོ་ཐོབ་ཡོད།
ཆི་ཀྲེང(奇正)བོད་སྨན་བཟོ་གྲྭར་རྟོག་ཞིབ་སློབ་སྦྱོང་གནང་།
ཆི་ཀྲེང(奇正)བོད་སྨན་བཟོ་གྲྭར་རྟོག་ཞིབ་ཚོགས་པ་ཕེབས་ཏེ་ཟུག་འཇོམས་འབྱར་སྨན་སྨན་རྫས་ཐོན་སྐྱེད་ཁང་དང་སྔོ་སྨན་བཟོ་སའི་ཐོན་སྐྱེད་ཁང་ལ་ལྟ་སྐོར་བྱས་ནས་ངོ་མཚར་ཆེ་བའི་བོད་སྨན་ཁེ་ལས་ཀྱི་རིག་གནས་དང་།ཐོན་རྫས་ཞིབ་འཇུག ཐོན་སྐྱེད་གནས་ཚུལ་སོགས་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད། ཆི་ཀྲེང་བོད་སྨན་བཟོ་གྲྭས་གཞན་ཕན་གྱི་ལས་ལ་གཞོལ་བའི་ཁེ་ལས་རིག་གནས་དང་བློ་རིག་བརྒྱུད་སྤེལ་གྱིས་བདེ་ཐང་ལ་གཅེས་སྐྱོང་བྱེད་པའི་ཁེ་ལས་ལས་འགན་གྱིས་རང་རེའི་རྫོང་གིས་གོམ་སྟབས་རྗེས་མར་ཀྲུང་ལུགས་དང་བོད་ལུགས་གསོ་རིག་བྱ་གཞག་གི་ཕན་འབྲས་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུར་ཡིད་ཆེས་བརྟན་པོ་དང་མིག་དཔེ་བཟང་པོ་བཏོད་ཡོད།
བོད་སྨན་རྒྱུ་ཆ་དབྱེ་འབྱེད་ངོས་འཛིན་བྱེད་སྒོ
རྟོག་ཞིབ་ཚོགས་ཆུང་གིས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གི༼བོད་ཀྱི་སྨན་རྒྱལ་གྲོག་རོང༽དུ་ཡོང་ནས་ཁྱད་ལྡན་བོད་སྨན་སྨན་རྩྭའི་མེ་ཏོག་པད་མ་ལ་ལྟ་ཞིབ་བྱས་པ་དང་ཆབས་ཅིག་རྟོག་ཞིབ་ཚོགས་པ་ས་གནས་དེའི་ཁྱད་ལྡན་བོད་སྨན་སྨན་རྩྭ་ངོས་འཛིན་བྱེད་སྒོ་སྤེལ་ནས་རུ་རྟ་དང་། འོལ་སེ། སེར་ཆེན། སྤེན་དཀར། སྐྱེར་ཤུན། ད་ལི། འོམ་བུ་སོགས་ཁྱད་ལྡན་བོད་སྨན་གྱི་སྨན་སྣ་ངོས་འཛིན་བྱས་པ་རེད། བོད་ཀྱི་དར་ཡ་ཀན་སྨན་ལས་རིགས་སུ་རྟོག་ཞིབ་ཚོགས་པས་བོད་ལུགས་གསོ་རིག་སྨན་རྫས་སྡེབ་སྦྱོར་ཞིབ་འཇུག་གསར་སྤེལ་དང་བོད་སྨན་རིག་གནས་འཛུགས་སྐྱོང་སོགས་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་ནས༼བོད་ལུགས་ཁམས་གསོ་ལྟེ་གནས༽འཆར་འགོད་འཛུགས་སྐྲུན་ཐད་བསམ་ཚུལ་བརྗེ་རེས་བྱས་པ་རེད།
༼གཞན་གྱི་ལེགས་ཆ་རྡོ་ཡིས་གཡང་ཊི་འདུལ་ཐུབ༽ ཅེས་པ་ལྟར། ཐེངསའདིའི་་རྟོག་ཞིབ་དང་སློབ་སྦྱོང་གི་དམིགས་ཡུལ་ཁ་གསལ་ཞིང་གྲུབ་འབྲས་གཡུར་དུ་ཟ་བ། རྟོག་ཞིབ་ཚོགས་པའི་ཁོངས་མིས་ས་གནས་ཁག་ཏུ་ལྟ་སྦྱོང་དང་བསམ་བློ་བརྗེ་རེས།བགྲོ་གླེང་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ཉམས་མྱོང་གལ་ཆེན་བསགས་པ་རེད།རང་རྫོང་གིས་སྔོན་ཐོན་གྱི་འཕེལ་རྒྱས་ཉམས་མྱོང་ལ་སློབ་སྦྱོང་ཧུར་ཐག་དང་དཔྱད་གཞིར་འཛིན་ནས་དགེ་ལེན་སྐྱོན་སེལ་དང་།བསམ་ཕྱོགས་གསལ་འགོད།ངར་ཤུགས་གཅིག་སྒྲིམ།ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མང་ཚོགས་ཀྱི་རེ་བ་དང་འདོད་བློ་བསྐངས།