ཀྲུའུ་ཁྲིན་ཆིན་གྱིས་སྐྱིད་སྨོན་ཡུལ་ཚོའི་ཞིང་ཕྱུགས་ས་ཁུལ་གྱི་ལས་དོན་ལ་རྟོག་ཞིབ་དང་མཛུབ་སྟོན་གནང་།
发布时间:2023年05月25日 消息来源:

ཀྲུའུ་ཁྲིན་ཆིན་གྱིས་སྐྱིད་སྨོན་ཡུལ་ཚོའི་ཞིང་ཕྱུགས་ས་ཁུལ་གྱི་ལས་དོན་ལ་

རྟོག་ཞིབ་དང་མཛུབ་སྟོན་གནང་།

 

 

ཡོང་ཁུངས།     རྐང་ཚ་རྫོང་ཨུ་དང་སྐྱིད་སྨོན་ཡུལ་ཚོ།

ཡིག་བསྒྱུར།  རྐང་ཚ་རྫོང་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས།  

 

      ཟླ ༥ བའི་ཚེས ༢༢ ཉིན་རྫོང་ཨུའི་ཧྲུའུ་ཅུ་ཀྲུའུ་ཁྲིན་ཆིན་གྱིས་སྐྱིད་སྨོན་ཡུལ་ཚོའི་ཞིང་ཕྱུགས་ཀྱི་ཕྱོགས་བསྡུས་བཅོས་སྒྱུར་དང་།   ཨ་བྲའི་གནོད་སྐྱོན་གཏན་འགོག  ཞིང་གྲོང་གཞུང་ལམ་ཞིག་གསོ་བདག་སྐྱོང་བྱེད་པ་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་དང་མཛུབ་སྟོན་གནང་སྟེ་གྲོས་མོལ་ཚོགས་འདུ་བསྡུས།   རྫོང་དཔོན་གཞོན་པ་ལོ་བརྒྱ་དང་།  རྫོང་ཨུའི་གཞུང་སྒྲུབ་ཁང་།   སྐྱིད་སྨོན་ཡུལ་ཚོ།   འགྲིམ་འགྲུབ་སྤྱི་བདེ་ཅུ་སོགས་ཀྱི་ལས་ཁུངས་སོ་སོའི་འགན་ཁུར་བ་དག་གིས་མཉམ་དུ་རྟོག་ཞིབ་གནང་།  

 

图片

 

图片


图片

ཀྲུའུ་ཁྲིན་ཆིན་གྱིས་སྔ་རྗེས་སུ་སྐྱིད་སྨོན་ཡུལ་ཚོའི་ནོར་གནག་གསོ་སྤེལ་རྟེན་གཞིའི་འཛུགས་སྐྲུན་རྣམ་གྲངས་དང་།     ཕྱུག་ནོར་གོང་མའི་སྐྱིད་གཞོངས་གཞིས་ཁྱིམ་ཕྱུགས་ར།  རུ་མང་སྡེ་བའི་གཞི་ཁྱོན་ཅན་གྱི་འབྲོག་ལུག་གསོ་སྤེལ་རྟེན་གཞི་བཅས་ཀྱི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་གསན་ནས་ཡུལ་ཚོའི་ལས་བྱེད་པ་དང་མང་ཚོགས་ལ་གྲོས་མོལ་བྱས་ཏེ། མཉམ་ལས་ཁང་དང་གཞིས་ཁྱིམ་ཕྱུགས་རའི་འཕེལ་རྒྱས།  མང་ཚོགས་ཀྱི་གཟན་རྩྭ་གཟན་ཆས་ཉོ་སྒྲུབ་དང་བཀོད་སྤྱོད། རྩྭ་ཐང་གི་ཨ་བྲའི་གནོད་འཚེ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས།   

   སྐྱིད་སྨོན་ཡུལ་ཚོའི་རྟོག་ཞིབ་ཚན་ཆུང་དང་ཏང་ཨུ་ཡོན།  སྲིད་གཞུང་དང་འབྲེལ་ཡོད་སྡེ་བའིཨུ་ལྷན་གཉིསགྱི་འགན་འཁུར་བ།  མཉམ་ལས་ཁང་གི་འགན་འཁུར་བ་བཅས་གྲོས་མོལ་ཚོགས་འདུར་ཞུགས། ཚོགས་ཞུགས་པ་ཚོས་འཕེལ་རྒྱས་ཁྲོད་འཕྲད་པའི་གནད་དོན་དང་རྗེས་ཕྱོགས་ཀྱི་འཕེལ་རྒྱས་ཁ་ཕྱོགས་ལ་དམིགས་ནས་རང་གི་མཐོང་ཐོས་མྱོང་གསུམ་གྱི་བསམ་ཚུལ་མང་པོ་བཏོན་པ་རེད།  

    ཀྲུའུ་ཁྲིན་ཆིན་གྱིས་རྐང་ཚ་ནི་ཕྱུགས་ལས་གཙོ་བོར་བཟུང་བའི་རྫོང་ཞིག་ཡིན་པས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་མངོན་འགྱུར་བྱེད་དགོས་ན་ཞིང་ཕྱུགས་ས་ཁུལ་ལ་རེག་ལས་ཡོད།ཞིང་ཕྱུགས་ལས་འཕེལ་རྒྱས་སུ་བཏང་སྟེ་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པལྟེ་བར་བཟུང་ནས།  ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་གཏིང་ཟབ་ཏུ་སྤེལ་ཏེ།  མུ་མཐུད་དུ་ལེགས་བསྡུས་ཅན་དང་།ཐོན་ལས་ཅན།སྐྱེ་ཁམས་ཅན།ཚོང་རྟགས་ཅན།  ཤེས་རིག་ཅན་དུ་སྒྱུར་བཅོས་བྱེད་པར་རྒྱུན་འཁྱོངས་བྱ་དགོས་པར་ནན་གྱིས་བསྟན།  

  

图片


图片

ཀྲུའུ་ཁྲིན་ཆིན་གྱིས་རྫོང་ཡོངས་ཀྱི་སྐྱེ་ཁམས་ཕྱུགས་ལས་ཐོན་ལས་འཐུས་ཚང་དུ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་།ཐོན་ལས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ།ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཇེ་ལེགས་སུ་འགྲོ་བའི་ཐབས་ལམ་རྒྱ་ཆེར་འཐེན་པ་བཅས་བྱས་ཏེ་གྲོང་གསེབ་དར་རྒྱས་དང་ཞིང་འབྲོག་ས་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། ཁྱད་ཆོས་མངོན་གསལ་དོད་པོ་དང་ཐོན་ཁུངས་ཀྱི་གནས་བབས་སྔར་ལས་གཅིག་གྱུར་བྱེད་པ། ཐོན་ལས་ཀྱི་ཚད་གཞི་འཐུས་སྒོ་ཚང་བ།  ཚོང་རྟགས་ཀྱི་རྒྱུ་སྤུས་ཇེ་ལེགས་སུ་གཏོང་བ།  ཁྲོམ་རའི་འགྲན་རྩོད་ཀྱི་འདུ་ཤེས་ཆགས་སུ་བཅུག་ནས་ཐོན་རྫས་རྩེ་གྲས་སུ་ཚུད་ཐུབ་པར་འབད་འབུངས་བྱ་དགོས་ལ།   རྐང་ཚའི་ཞིང་ལས་ཐོན་རྫས་ཀྱི་སྙན་གྲགས་ཕྱོགས་བཞིར་ཁྱབ་ནས་བག་ཆགས་བཟང་བོ་ཞིག་འཇོག་རྒྱུར་མ་ཟད།  ཕྱུགས་ཟོག་གསོ་སྤེལ་གྱི་ལས་དོན་འཕེལ་རྒྱས་ལའང་རམ་འདེགས་ཡག་པོ་བྱ་རྒྱུ།   ཞབས་ཞུ་དང་འགན་འཁྲིའི་འདུ་ཤེས་ལེགས་པོ་ཞིག་ཆགས་སུ་བཅུག་ནས་རོགས་སྐྱོར་གྱི་ནུས་ཤུགས་མཐོར་འདེགས་སུ་གཏོང་བ།ཁེ་ལས་དང་ཕྱུགས་ཟོག་གསོ་སྤེལ་ཁྱིམ་ཚང་གི་དངོས་ཡོད་དཀའ་ངལ་སེལ་བར་ཧུར་བརྩོན་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱིས་སྤུས་ལེགས་གཟན་ཆས་གཟན་རྩྭ་སྤྱོད་ཐུབ་པར་ཁག་ཐེག་བྱེད་པ།  གཟན་ཆས་གཟན་རྩྭ་མཁོ་སྤྲོད་བརྟན་པོ་ཡོང་བའི་ཐད་ཤུགས་སྣོན་བརྒྱབ་ནས་འབྲོག་ལས་ཐོན་སྐྱེད་ཀྱི་གནོན་ཤུགས་མེད་པར་བཏང་སྟེ་རྫོང་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་ཕྱུགས་ལས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་འདིང་བར་བྱ་དགོས།  ཞིང་ཕྱུགས་ཀྱི་བདེ་འཇགས་འགན་སྲུང་བྱེད་རྒྱུ་དེ་ཞིང་ཕྱུགས་ལས་དོན་མགྱོགས་མྱུར་ངང་གོང་འཕེལ་དུ་གཏོང་རྒྱུའི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཏུ་བརྩིས་ཏེ་ཕྱུགས་ལས་ཁྱབ་ཁོངས་ཀྱི་བདེ་འཇགས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། མུ་མཐུད་དུ་ལྟ་ཞིབ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ།  རྩྭ་ཐང་གི་ཨ་བྲའི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་འབྱུང་ཐུབ་པ།  ཨ་བྲའི་གནོད་འཚེ་འགོག་བཅོས་བྱེད་རྒྱུར་ཤུགས་སྣོན་དང་རྒྱུན་འཁྱོངས་བྱས་ནས་ཚད་གཞི་མཐོན་པོའི་སྒོ་ནས་མེད་པར་བཟོས་ཏེ། ཚན་རིག་དང་མཐུན་པའི་ཕྱུགས་རྩྭའི་འདིང་ཚད་མཐོ་རུ་བཏང་ནས་སྐྱེ་ཁམས་ཁོར་ཡུག་དོ་མཉམ་ཡོང་བར་ནུས་ཤུགས་གང་ལེགས་འདོན་དགོས་པའི་བླང་བྱ་བཏོན།