རྐང་ཚ་རྫོང་གི2023ལོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་ཕན་བདེའི་ཞབས་ཞུ་བཅུ།
发布时间:2023年06月01日 消息来源:


            རྐང་ཚ་རྫོང་གི2023ལོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་ཕན་བདེའི་ཞབས་ཞུ་བཅུ།


ཡོང་ཁུངས། རྐང་ཚ་རྫོང་རིག་གནས་ཡུལ་སྐོར་ཅུ།  ཡིག་བསྒྱུར།  རྐང་ཚ་རྫོང་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས། 


རྐང་ཚ་རྫོང་ཁོངས་ཀྱི་ལྗོངས་ཁུལ་དང་ལྗོངས་ཚིགས།  མགྲོན་ཁང་།  ཟ་ཁང་དང་སྣེ་ལེན་ས་ཚིགས་བཅས་ཀྱི་ཡུལ་སྐོར་མགྲོན་པོར་ཚད་ལྡན་ལུགས་མཐུན་གྱི་ཞབས་ཞུ་མཁོ་འདོན་བྱ་ཆེད།  གཟའ་འཁོར་རེར་ཞབས་ཞུ་བར་གུས་སྲོལ་གསོ་སྦྱོང་ཐེངས་གཅིག་བྱ་རྒྱུ་མ་ཟད།  གཤམ་གྱི་རིན་མི་ལེན་པ་བདུན་དང་འཕྲི་བ་གཅིག གོང་བདེ་གཉིས་ཀྱི་ཕན་བདེའི་ཞབས་ཞུ་བཅུ་ཡི་བྱ་ཐབས་ལག་བསྟར་བྱ་རྒྱུ་ཁས་ལེན་བྱས་པ་ཡིན།  

གཅིག  རིན་མེད་འཁོར་འཇོག་ཞབས་ཞུ།

རྫོང་ཁོངས་ཀྱི་རླངས་འཁོར་འཇོག་ས་དག་ལོ་ཧྲིལ་བོར་ཡུལ་སྐོར་བ་དང་རྫོང་ཡོངས་ཀྱི་ཏང་སྲིད་ལས་ཁུངས། ལས་དོན་ལས་ཁུངས། ཁེ་ལས་སྡེ་ཁག་སོགས་ལ་རིན་མེད་ངང་འདོན་སྤྲོད་བྱ་རྒྱུ།

གཉིས།  རིན་མེད་གསང་སྤྱོད་ཁང་མཁོ་འདོན་གྱི་ཞབས་ཞུ། 

རྫོང་ཁོངས་ཀྱི་གསང་སྤྱོད་ཁང་དག་ལོ་ཧྲིལ་བོར་ཡུལ་སྐོར་བ་དང་རྫོང་ཡོངས་ཀྱི་ཏང་སྲིད་ལས་ཁུངས་དང་།  ལས་དོན་ལས་ཁུངས།  ཁེ་ལས་སྡེ་ཁག་སོགས་ལ་རིན་མེད་ངང་འདོན་སྤྲོད་བྱ་རྒྱུ།  

གསུམ།  རིན་མེད་ཀྱི་དབྱང་དབུགས་འདོན་སྤྲོད་ཞབས་ཞུ།

རྫོང་ཁོངས་ཀྱི་སྐར་མ་རིམ་པའི་མགྲོན་ཁང་དག་གིས་ཡུལ་སྐོར་འགྲུལ་བར་དབྱང་དབུགས་ཞབས་ཞུ་མཁོ་འདོན་བྱེད་ཚད་རིམ་བཞིན་ཇེ་མང་དུ་གཏོང་བ་དང་།   གསར་དུ་འཛུགས་སྐྲུན་བྱ་བཞིན་པའི་སྐར་རིམ་མགྲོན་ཁང་དག་གིས་ངེས་པར་དབྱང་དབུགས་ཀྱི་སྒྲིག་ཆས་མཁོ་འདོན་བྱ་རྒྱུ།

བཞི།  རིན་མེད་ཀྱི་འཕྲལ་བསྟུན་སྨན་རྫས་ཞབས་ཞུ།

རྗོང་ཁོངས་ཀྱི་ལྗོངས་ཁུལ་དང་ལྗོངས་ཚིགས།   སྤྱི་སྤྱོད་གསང་སྤྱོད་ཁང་།  གྲོང་སྡེའི་ཡུལ་སྐོར་མགྲོན་པོ་སྣེ་ལེན་ས་ཚིགས།  རྩྭ་ཐང་གི་ཁྱིམ་ཚང་མགྲོན་ཁང་།  སྐར་རིམ་མགྲོན་ཁང་བཅས་ཀྱིས་ཡུལ་སྐོར་མགྲོན་པོར་རིན་མེད་ཀྱི་རྫ་དུག་སྨན་རྫས་དང་འཕྲལ་བསྟུན་སྨན་རྫས།  ཆུ་ཁོལ་དང་ཡུལ་སྐོར་འདྲི་རྩད་བཅས་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་པ།  

ལྔ།  རིན་མེད་ཀྱི་གློག་གསོག་ཞབས་ཞུ།  

   སྤྱི་ཟླ6ཚེས1ནས་བཟུང་།  རྐང་ཚ་རྫོང་གི་མཚོ་སྔོན་པོ་ཁྱད་ལྡན་ཐོན་རྫས་མྱོང་རོལ་ལྟེ་གནས་ཀྱི་རླངས་འཁོར་འཇོག་སརBIPVརིན་མེད་ངང་རླངས་འཁོར་ལ་གློག་གསོག་པའི་ཞབས་ཞུ་འདོན་སྤྲོད་བྱ་རྒྱུ།

དྲུག  འཛིན་བྱང་མི་དགོས་པའི་ཞབས་ཞུ།   

པེ་ཅིན་དང་ཧྲང་ཧེ།  ཐེན་ཅིན།  ཀྲེ་ཅང་།  ཅང་སུའུ།  ཧྲན་ཏུང་བཅས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་གྱི་ཞིང་ཆེན་དང་གྲོང་ཁྱེར།  མཚོ་བྱང་མངའ་ཁོངས་ཀྱི་སྡོད་དམངས་བཅས་ཀྱིས་ཐོབ་ཐང་དཔང་ཡིག་ལ་བསྟེན་ནསA4རིམ་པའི་ཙོང་ཉ་གཞིས་ཁྱིམ་དུ་རིན་མེད་ཀྱི་སྤྲོ་གསེང་གཏོང་ཆོགའབྲེལ་ཡོད་མྱོང་རོལ་ཞབས་ཞུའི་མ་གནས་འགྲོ་གྲོན་ལས་མི་ལེན།འཛིན་བྱང་ཉོས་ནས་ཙོང་ཉ་གཞིས་ཁྱིམ་ལ་སྤྲོ་གསེང་གཏོང་མཁན་གྱི་ཡུལ་སྐོར་འགྲུལ་བས་ཙོང་ཉ་ཚེ་ཐར་ཐེངས་གཅིག་ལ་གཏོང་བ་དང་།  ཁྱད་ལྡན་བོད་ཟས་ཐུན་གཅིག འོ་ཇ་དཀར་ཡོལ་གང་དང་རྩམ་པ་འཆང་བུ་གཅིགཉེན་མེད་སྒྲིག་བཀོད་ཀྱི་རོལ་རྩེད་ཐེངས་གཅིག་བཅས་ཀྱི་ཞབས་ཞུ་ལོངས་སུ་སྤྱད་ཆོག    རྟ་ཕྱུག་ཆུ་མིག་སྐྱེ་ཁམས་མྱོང་རོལ་ཁུལ་དུ་ཡུལ་སྐོར་མགྲོན་པོར་རིན་མེད་ཀྱི་གཏེར་ཆུ་དམ་བུ་གང150MLའདོན་སྤྲོད་བྱ་རྒྱུ།

བདུན།  རིན་མེད་སྒོ་འབྱེད་ཞབས་ཞུ།  

རྫོང་དམངས་ཡོངས་བདེ་ཐང་ལྟེ་གནས་དང་།  པོ་ཧེ་ལག་རྩལ་སྤོ་ལོ་ཁང་།  ལས་བཟོ་པའི་བྱ་འགུལ་ལྟེ་གནས་དང་བཅས་པ་ཡུལ་སྐོར་མགྲོན་པོར་རིན་མེད་ངང་སྒོ་འབྱེད་རྒྱུ་དང་།  ལྗོངས་ཁུལ་དང་གྲོང་སྡེའི་ཡུལ་སྐོར་སྣེ་ལེན་ས་ཚིགས་སོ་སོའི་ཉེ་འགྲམ་དུ་རིན་མེད་ཀྱི་ཤྭ་མོ་འཐུ་ཡུལ་བཀོད་སྒྲིག་བྱ་རྒྱུ།  

བརྒྱད། རིན་གོང་ཕྱེད་ཀའི་འཛིན་བྱང་གི་ཞབས་ཞུ།

དགེ་རྒན་དང་སྨན་པ། ནད་གཡོག་བཅས་ཀྱི་དཔང་ཡིག་ཡོད་པའི་དགེ་རྒན་དང་སྨན་བཅོས་ལས་རིགས་ཀྱི་མི་སྣས་རྫོང་ཁོངས་ཀྱི་ལྗོངས་ཁུལ་དང་ལྗོངས་ཚིགས་ལ་རིན་གོང་ཕྱེད་ཀའི་ཡུལ་སྐོར་འཛིན་བྱང་གི་ཞབས་ཞུ་ལོངས་སུ་སྤྱད་ཆོག གཞན་ཆག་འཕྲི་རང་བཞིན་གྱི་སྲིད་ཇུས་ལ་འགྱུར་བ་མེད། དཔེར་ན་དམག་མི་དང་ཕྱིར་ཐོན་དམག་མི།  རྒན་པ།  བྱིས་པ་སོགས།    

དགུ རིན་གོང་ཟུར་གཅོག་གི་ཞབས་ཞུ། 

ཁྱད་ལྡན་ཟས་རིགས་གོང་བདེའི་ངང་ཕྱིར་འཚོང་བྱེད་པའི་ལམ་སྲོལ་གཏན་འཁེལ་བྱ་རྒྱུ་ཡིན་ལ། དེའི་ནང་ལུག་ཤའི་རིན་གོང་རྒྱ་མ་གང་ལ་སྒོར68ལས་འཕར་མི་ཆོག་ལ།     སྐམ་ཤའི་རིན་གོང་རྒྱ་མ་གང་ལ་སྒོར78ལས་འཕར་མི་ཆོག གལ་ཏེ་ཡུལ་སྐོར་མགྲོན་པོས་གཏུགས་བཤེར་དོན་རྐྱེན་བྱུང་ཚེ་དེར་ཞིབ་བཤེར་བྱེད་པ་དང་དོན་དངོས་དང་མཐུན་ཚེ་ཡུལ་སྐོར་མགྲོན་པོར་ལྡབ་ལྔའི་སྐྱིན་ཚབ་འཇལ་རྒྱུ་དང་།  ཁྲིམས་སྲོལ་གྱི་གཏན་འཁེལ་ལྟར་ཆེས་མཐོའི་ཉེས་ཆད་གཅོད་རྒྱུ་ཡིན།

བཅུ།  གོང་བདེའི་ཞབས་ཞུ།    

རྫོང་ཁོངས་ཀྱི་ལྗོངས་ཁུལ་དང་ལྗོངས་ཚིགས་ཡོངས་ཀྱི་རིན་གོང་འོས་འཚམ་ཡིན་ལ།  རིན་གོང་མཐོན་པོར་ལེན་པའི་སྣང་ཚུལ་མི་འབྱུང་བར་ཁག་ཐེག་བྱ་རྒྱུ། གལ་ཏེ་རིན་གོང་མཐོན་པོར་ལེན་པའི་སྣང་ཚུལ་བྱུང་ཚེ་ཞིབ་བཤེར་བྱས་ནས་དོན་དངོས་དང་མཐུན་ན་འབྲེལ་ཡོད་གཏན་སྲོལ་ལྟར་ཉེས་ཆད་གཅོད་རྒྱུ་ཡིན་པ་བཅས་སོ།།