2023ལོའི་རྐང་ཚ་རྫོང་རིག་གནས་དང་ཡུལ་སྐོར་བྱ་བའི་སྤུས་ཚད་མཐོར་འདེགས་སུ་གཏོང་བའི་བྱ་ཐབས་དོན་ཚན་བཅུ་གཅིག
发布时间:2023年06月02日 消息来源:

2023ལོའི་རྐང་ཚ་རྫོང་རིག་གནས་དང་ཡུལ་སྐོར་བྱ་བའི་སྤུས་ཚད་མཐོར་འདེགས་སུ་

གཏོང་བའི་བྱ་ཐབས་དོན་ཚན་བཅུ་གཅིག


ཡོང་ཁུངས། རྐང་ཚ་རྫོང་རིག་གནས་ཡུལ་སྐོར་ཅུ། ཡིག་བསྒྱུར། རྐང་ཚ་རྫོང་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས།

 

   གཏིང་ཟབ་སྒོསམཚོ་སྔོན་ཞིང་ཆེན་ཡུལ་སྐོར་ལྗོངས་ཁུལ་གྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བའི་ལག་བསྟར་ཇུས་གཞི  (2022ལོ་ནས2025ལོ་བར) ཚོ་སྔོན་རིག་གནས་ཡུལ་སྐོར་ཐིན་གྱིས་སྤེལ་བའི (2022)ཡིག་ཨང182 ) དངམཚོ་བྱང་ཁུལ་ཡུལ་སྐོར་ལྗོངསཁུལ་གྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བའི་བྱ་ཐབས་ཉི་ཤུབཅས་ལག་བསྟར་དོན་འཁྱོལ་ཡོང་བ་བྱས་ཏེ། མཚོ་སྔོན་པོའི་དཔེ་སྟོན་ས་ཁུལ་དེ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་ལྗོངས་ཁུལདུ་བསྐྲུན་པའི་ལས་དོན་ལ་དམིགས་ནས ནུས་ཤུགས་ཡོད་རྒུས་ཁྱད་ཆོས་ཅན་དང་། སྤུསཀ་ཅན། ཤེས་རིག་ཅན། རྒྱལ་སྤྱི་རང་བཞིན་ཅན་གྱི་ཡུལ་སྐོརལྗོངས་ཁུལ་དུ་བཏང་སྟེ། ཡུལ་སྐོར་ལྗོངསཁུལ་ཧྲིལ་བོ་སྤུས་འདེགས་རིམ་སྤོར་བྱ་རྒྱུ་དང་། མཚན་སྙན་ཆེ་རུ་གཏོང་བར་སྐུལ་འདེད་བཏང་ནས་རང་རྫོང་གི་དོན་དངོས་དང་ཟུང་དུ་སྦྲེལ་ཏེ2023ལོའི་རྐང་ཚའི་རིག་གནས་དང་ཡུལ་སྐོར་བྱ་བའི་སྤུས་ཚད་མཐོར་འདེགས་སུ་གཏོང་བའི་བྱ་ཐབས་དོན་ཚན་བཅུ་གཅིག་འདི་གཏན་ལ་ཕབ་པ་ཡིན།     

    གཅིག ལྗོངས་ཁུལ་འཛུགས་སྐྲུན་མཐོར་འདེགས་སུ་གཏང་བར་སྐུལ་འདེད་བྱ་དགོས།  2023ལོ་ནས2025ལོའི་བར། རྐང་ཚ་རྫོང་གིསAརིམ་པའི་ལྗོངས་ཁུལ7འཛུགས་བསྐྲུན་བྱས་ཏེ་གྲུབ་འབྲས་ཐོབ་དགོས། དེའི་ནང་དུ་རྒྱལ་ཁབ་ཀྱིA5རིམ་པའི་ལྗོངས་ཁུལ་གྱི་གྲས་སུ་ལྗོངས་ཁུལ1ཚུད་དགོས།  (མཚོ་ངོགས་བོད་མཁར་ལྗོངས་ཁུལ ) A4རིམ་པའི་ལྗོངས་ཁུལ་དུ1ཚུད་དགོས།དཀོན་ལོ་གོང་མ་སྡེ་བA3རིམ་པ་ནསA4རིམ་པ་རུ་འཕར་དགོསA3རིམ་པའི་ཡུལ་སྐོར་ལྗོངས་ཁུལ་ཁྲོད2ཚུད་དགོས།  གནས་རི་གཉན་ཆེན་ཞལ་དཀར་དང་དཔལ་དགེ་སྙན་ངག་གྲོང་རྡལ།  A2 རིམ་པའི་ཡུལ་སྐོར་ལྗོངས་ཁུལ་ཁྲོད3ཚུད་དགོས།  ཚངས་དབྱངས་རྒྱ་མཚོའི་རིག་གནས་ཐང་ཆེན།  ནུབ་རིའི་གནའ་ཤུལ་སྤྱི་གླིང་།  རྣམ་སྲས་ཁྲོམ་ར།  2025ལོའི་ལོ་མཇུག་ཏུ་སླེབས་སྐབས་རང་རྫོང་གིས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་གྲོང་སྡེའི་ཡུལ་སྐོར་གཙོ་གནད་སྡེ་བ6སྙན་ཞུར་དབུལ་རྒྱུ་དང་། སྐར་མ་རིམ་པའི་ཟ་ཁང3 (སྐར་བཞི་ཅན་གྱི་ཟ་ཁང1  སྐར་གསུམ་ཅན་གྱི་ཟ་ཁང2) སྙན་ཞུར་དབུལ་དགོས། ལག་རྟགས་ཡོད་པའི་ཡུལ་སྐོར་སྣེ་ཤན་པ3ཇེ་མང་དུ་གཏོང་བ་དང་བསྟུན་ནས་ལོ་རེར་ཉུང་མཐའ་ཡང་ལག་རྟགས་ཡོད་པའི་ཡུལ་སྐོར་སྣེ་ཤན་པ1རེ་ཇེ་མང་དུ་གཏོང་དགོས། ལོ་གཉིས་རེར་མ་མཐའ་ཡང་རྫོང་རིམ་པའི་ཤུལ་བཞག་རིག་གནས་རྣམ་གྲངས4དང་། ལོ་གསུམ་རེར་ཉུང་མཐའ་ཡང་ཁུལ་རིམ་པའི་ཤུལ་བཞག་རིག་གནས་རྣམ་གྲངས3སྙན་ཞུར་དབུལ་དགོས་ལ། ལོ་རེར་ས་ཞིང་དང་རི་ཐང་ལ་བརྟག་དཔྱད་ཐེངས3རེར་བྱ་དགོས་པ་དང་།  (2023ལོར་ས་ཁོངས་ཧྲིལ་བོརAརིམ་པའི་ལྗོངས་ཁུལ2འཛུགས་བསྐྲུན་བྱས་ཏེ།  འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བ་ནི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའིA3རིམ་པའི་ཡུལ་སྐོར་ལྗོངས་ཁུལ་གྲོང་སྡེ་རུ་བསྒྱུར་དགོས།   ཚངས་དབྱངས་རྒྱ་མཚོའི་རིག་གནས་ཐང་ཆེནA2རིམ་པའི་ཡུལ་སྐོར་ལྗོངས་ཁུལ་དང་། ཆང་ཁང1སྐར་གསུམ་རིམ་པ་རུ་བསྒྱུར་བར་སྙན་ཞུ་དབུལ་དགོས།  2024ལོར་ས་ཁོངས་ཧྲིལ་བོརAརིམ་པའི་ཡུལ་སྐོར་ལྗོངས་ཁུལ2འཛུགས་བསྐྲུན་དང་། དཔལ་དགེ་སྙན་ངག་གྲོང་རྡལ་དེ་རྒྱལ་ཁབ་ཀྱིA3རིམ་པའི་ཡུལ་སྐོར་ལྗོངས་ཁུལ་དུ་སྤོ་པ། ནུབ་རིའི་གནའ་ཤུལ་སྤྱི་གླིངA2རིམ་པའི་ཡུལ་སྐོར་ལྗོངས་ཁུལ་དུ་སྤོ་པ།  ཆང་ཁང1སྐར་གསུམ་རིམ་པ་རུ་བསྒྱུར་བར་སྙན་ཞུ་དབུལ་དགོས།  2025ལོར་ས་ཁོངས་ཧྲིལ་བོརAརིམ་པའི་ལྗོངས་ཁུལ4འཛུགས་བསྐྲུན་བྱས་ཏེ། མཚོ་ངོགས་བོད་མཁར་ལྗོངས་ཁུལ་དེ་རྒྱལ་ཁབ་ཀྱིA5རིམ་པའི་ཡུལ་སྐོར་ལྗོངས་ཁུལ་གྱི་གྲས་སུ་ཚུད་རྒྱུ་དང་།  དཀོན་ལོ་གོང་མ་སྡེ་བ་ནི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའིA4རིམ་པའི་ཡུལ་སྐོར་ལྗོངས་ཁུལ་གྲོང་སྡེ་རུ་བསྒྱུར་དགོས།  རྐང་ཚ་རྫོང་གི་གནས་རི་གཉན་ཆེན་ཞལ་དཀར་དེ་རྒྱལ་ཁབ་ཀྱིA3རིམ་པའི་ཡུལ་སྐོར་ལྗོངས་ཁུལ་དུ་བསྒྱུར་དགོས།  རྣམ་སྲས་ཁྲོམ་ར་རྒྱལ་ཁབ་ཀྱིA2རིམ་པའི་ཡུལ་སྐོར་ལྗོངས་ཁུལ་དུ་བསྒྱུར་དགོས། ཆང་ཁང1སྐར་ལྔ་རིམ་པར་འཕར་སྣོན་བྱ་རྒྱུར་སྙན་ཞུ་དབུལ་དགོས། རྐང་ཚའི་ཙོང་ཉའི་གཞིས་ཁྱིམ་དེ་ཞིང་ཆེན་སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་ལྗོངས་ཁུལ་དུ་བསྒྱུར་ནས་ཡུལ་སྐོར་གྱི་ལས་གཞི་གསར་བ་རྒྱ་སྐྱེད་པ་དང་། འཛད་སྤྱོད་པ་ཇེ་མང་དུ་བཏང་སྟེ། རྒྱལ་ཁབ་རིམ་པའི་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏང་བར་ནུས་ཤུགས་འདོན་དགོས།   ) 

གཉིས འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་བྱས་ཏེ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏང་དགོས། འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་བྱས་ཏེ་དཔེ་སྟོན་ཁུལ་གྱི་གོ་སྐབས་དམཔོར་དམིགས་པ་དང“འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས”ཀྱི་འཕེལ་རྒྱས་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཤུགས་ཆེར་གཏོང་བ་དང་། མཚོ་འཁྱིལ་ཡུལཚོའི་བུ་ཧ་ཨ་ལན་ཆུ་བོའི་འགྲིམ་འགྲུལ་དེ་ཡུལ་སྐོར་མཉམ་འདྲེས་ཀྱི་ཕྱོགས་བསྡུས་གཞི་གཅིག་ཅན་དུ་བསྐྲུན་པར་ཇེ་མགྱོགས་སུ་ཏང་སྟེ། མཚོ་འཁྱིལ་ཡུལ་ཚོའི་ཙོང་ཉ་ལྟ་སྐོར་ས་ཁུལ་དང་། རྟ་ཕྱུག་སྐྱེ་ཁམསརོལ་མྱོངཁུལ། མཚོ་སྐོར་ནུབ་ངོགས་ཀྱི་གྲོང་སྡེ་ཡུལ་སྐོར་ཞབས་ཞུ་ས་ཁུལ་བཅས་ཕྱོགས་བསྡུས་ཞབས་ཞུ་ལྟེ་བ་རུ་འཛིན་དགོས། མུ་མཐུད་དུ་ཡུལ་སྐོར་བའི་གསང་སྤྱོད་ཁང་འཛུགས་སྐྲུན་ལ་ཤུགས་བསྣན་དེ“ལྗོངས་ཁུལ་གཅིག་ལ་གསང་སྤྱོད་ཁང་གཅིག”གི་དཔེ་མཚོན་བཟོ་སྐྲུན་བྱ་བར་སྐུལ་འདེད་གཏང་དགོས། 

 

 གསུམ ཁྱད་ལྡན་གྱི་ཡུལ་སྐོར་ལམ་ཐིག་གདོད་དགོས། ཙོང་ཉའི་གཞིས་ཁྱིམ་གྱི་ཉ་གཟིགས་ལྟ་སྐོར་རོལ་མྱོང་ཁུལ་དང་། མཚོ་འཁྱིལ་རྟ་ཕྱུག་སྐྱེ་ཁམསརོལ་མྱོང་ཁུལ། རྒྱལ་སྤྱིའི་བྱ་གླིང་ལྟ་གཟིགས་རོལ་མྱོང་ཁུལ། ལྷ་མོའི་གཞོངས་ཀྱི་སྐྱེ་ཁམས་ཤེས་དཔལ་སློབ་གསོའི་རྟེན་གཞི། སྤྱང་ཚང་སྐྱེ་ཁམས་ཉེན་ཟོན་སློབ་གསོའི་རྟེན་གཞི། དགོ་དམར་ཚན་རིག་ཁྱབ་རྡལ་ཞིབ་འཇུག་རྟེན་གཞི་སོགས“རོལ་མྱོང་ཁུལ་གསུམ”དང་། “རྟེན་གཞི་གསུམ”གཙོ་གནད་དུ་བཟུང་ནས་དཔལ་དགེ་སྙན་ངག་གྲོང་རྡལ་དང་།དཀོན་ལོ་གོང་མ་སྡེ་བའི་ཁྱད་ལྡན་མི་རིགས་གྲོང་སྡེ།  གཡུ་དཀར་འོམ་ལུང་ཡུལ་ཚོའི་དམངས་སྲོལ་རིག་གནས་འགྲེམས་སྟོན་ཁུལ། མཚོ་འཁྱིལ་ཡུལ་ཚོའི་སྐྱེ་ཁམས་ཡུལ་སྐོར་ལྗོངས་ཁུལ། གྲོང་སྡེ་ཡུལ་སྐོར་ལྗོངས་ཁུལ་སོགས་བསྐྲུན་རྒྱུ་དང་། ལྗོངས་ཁུལ་འཛུགས་སྐྲུན་ལ་བརྟེན་ནས་ཡུལ་སྐོར་གྱི་སྤུས་དག་ལམ་ཐིག་གསར་སྤེལ་བྱ་རྒྱུར་སྣེ་ཁྲིད་དེ་ཡུལ་སྐོར་ལམ་ཐིག4གཏོད་རྒྱུར་ཤུགས་སྣོན་རྒྱག་དགོས

1. གནས་རི་གཉན་ཆེན་ཞལ་དཀར།- དཔལ་དགེ་སྙན་ངག་གྲོང་རྡལ -མཚོ་སྔོན་པོའི་ཁེ་རམ་ཐང་ -འོམ་ཆུ་གྲོང་རྡལ་ལྗོངས་ཁུལ་གྱི་ཙོང་ཉའི་གཞིས་ཁྱིམ། -དཀོན་ལོ་གོང་མ་སྡེ་བ།ཞིང་ཆེན་རིམ་པའི་གྲོང་སྡེ་ཡུལ་སྐོར་དཔེ་སྟོན་སྡེ་བ-མཚོ་འཁྱིལ་ཡུལ་ཚོའི་བུ་ཧ་ཨ་ལན་ཆུ་བོའི་ཙོང་ཉ་ལྟ་སྐོར་་ཚིགས-མཚོ་འཁྱིལ་ཡུལ་ཚོའི་རྟ་ཕྱུག་སྐྱེ་ཁམས་རོལ་མྱོང་ཁུལ། -མཚོ་སྐོར་ནུབ་ངོགས་ཀྱི་གྲོང་སྡེ་ཡུལ་སྐོར་ས་ཚིགས -ཚྭ་ཁ། ཤར་ནུབ་ལམ་ཐིག2.མཚོ་སྔོན་པོའི་ཁེ་རམ་ཐང་ -འོམ་ཆུ་གྲོང་རྡལ་ལྗོངས་ཁུལ་གྱི་ཙོང་ཉའི་གཞིས་ཁྱིམ། -དཀོན་ལོ་གོང་མ་སྡེ་བ།ཞིང་ཆེན་རིམ་པའི་གྲོང་སྡེ་ཡུལ་སྐོར་དཔེ་སྟོན་སྡེ་བ-ཆུ་འདམ་མ་བྲག་རིས། འཕན་པོ་མེ་ཏོག་ལུང་པ- གནས་རི་གཉན་ཆེན་ཞལ་དཀར། - མདོ་ལ། ལྷོ་བྱང་ལམ་ཐིག 3.ནུབ་མཚོ་གྲོང་རྡལ། -སྐར་གཅིག་འདེལ་གཉིས། - ཕུགས་བསམ་དད་སེམས་སློབ་གསོའི་སློབ་གླིང་དང་།མཚོ་སྔོན་པོའི་ཁེ་རམ་ཐང་། -འོམ་ཆུ་གྲོང་རྡལ་ལྗོངས་ཁུལ་གྱི་ཙོང་ཉའི་གཞིས་ཁྱིམ། -དཀོན་ལོ་གོང་མ་སྡེ་བ།ཞིང་ཆེན་རིམ་པའི་གྲོང་སྡེ་ཡུལ་སྐོར་དཔེ་སྟོན་སྡེ་བམཐོ་སྒང་མཚོ་ངོགས་བོད་མཁར་གསར་བརྗེའི་ཡུལ་སྐོར་ཆེད་སྤྱོད་ལམ རང་འགུལ་ངང“མཚོ་སྐོར་སྤྲོ་གསེང་ཡུལ་སྐོར”དང“ཀན་སུའུ་དང་མཚོ་སྔོནསྐོར་ལམ་ཆེན་མོའི་མཚོ་བྱང་སྐྱེ་ཁམས”“གསེར་དངུལ་འགྲམ་ངོགས”བཅས་ཡུལ་སྐོར་ལམ་ཐིག་ནང་འཇུག་དགོས།  4.ཕྱི་རོལ་ལུས་སྦྱོངགི་ཡུལ་སྐོར་ཆེད་སྤྱོད་ལམ། མཚོ་སྔོན་པོའི་མཐོ་སྒང་དུ་རྐང་ཐང་འགྲན་བསྡུར་གཞི་རྟེན་དུ་བྱས་ཏེ་ཕྱི་རོལ་དུ་རི་འཛེག་དང་རྐང་ཐང་དུ་སྐྱོད་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ས་ཁོངས་ཀྱི་གནས་རི་གཉན་ཆེན་ཞལ་དཀར་དང་། བཱ་ཡན་རི་བོ། དུང་དཀར་རྦབ་ཆུ་སོགས་ལྟ་ན་སྡུག་པའི་རང་བྱུང་མཛེས་ལྗོངས་དག་དང་ལོ་རྒྱུས་རིག་གནས་ཀྱི་རྨང་མཐུག་པའི་ཁ་ཐོར་ཡུལ་ལྗོངས་ཁུལ་གྱིས་མང་ཚོགས་“རང་བྱུང་ཁམས་དང་ཉེ་བར་བཅར་ཏེ། ཕྱི་རོལ་དུ་ལུས་སྦྱོང་བྱེད་པའི”འཚོ་བ་སྐྱེལ་སྟངས་ལ་སྣེ་ཁྲིད་དགོས།  མཚོ་སྔོན་པོའི་མཐའ་སྐོར་དུ་ལྕགས་རྟ་ཞོན་པའི་ཡུལ་སྐོར་ལམ་ཐིག་ཡག་པོ་བཟོས་ནས་ཡུལ་སྐོར་ཐོན་རྫས་དང་ཞབས་ཞུའི་སྒྲིག་བཀོད་གཅིག་གྱུར་བཀོད་སྒྲིག་བྱས་ཏེ་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་དགོས།ཡུལ་སྐོར་ཁྲོམ་ར་ཅན་གྱི་བདག་གཉེར་ཆུ་ཚད་ལ་སྐུལ་འདེད་གཏོང་ཆེད། བླ་མཚོ་ཡུལ་སྐོར་མ་དངུལ་ཀུང་སིས་རྒྱལ་ནང་གི་ཡུལ་སྐོར་ལས་དོན་ཁང་ཞིག་ཐོ་འགོད་གསར་འཛུགསབྱས་ཏེ་ཡུལ་སྐོར་ཐོན་ཁུངས་དང་ཡུལ་སྐོར་ཐོན་རྫས་འོས་སྦྱོར་ཡག་པོ་བྱེད་པ། ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་ལས་དོན་ཁང་གི་ཚོང་གཉེར་མཉམ་ལས་དང་ཡུལ་སྐོར་ས་ཚིགས་ཀྱི་ཞབས་ཞུ་ཤུགས་ཆེར་གཏང་དགོས།  

བཞི རིག་གནས་ཡུལ་སྐོར་གྱི་དུས་སྟོནསྤུས་རྟགས་ཇེ་ལེགས་སུ་གཏང་དགོས། སྔར་ལས་ལྷག་པའི་སྒོ་ནས་སྤྱི་འི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱས་ཏེ་རིག་གནས་དམངས་ཕན་གྱི་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིག་གནས་ལས་སྒོ་མཛེས་ལྗོངས་ཁུལ་དུ་གཏོང་བར་སྐུལ་འདེད་གཏོང་དགོས། བོད་མི་རིགས་ཀྱི་རྒྱན་ཆ་དང་ཉན་ཆེན་ཞདཀར་རི་བོའི་ངག་རྒྱུན་ཞིང་ཆེན་དང་ཁུལ་གྱི་མངོན་མེད་ཤུལ་བཞག་རིག་གནས་ཀྱི་མིང་ཐོའི་ནང་འགོད་རྒྱུའི་ཡིག་ཐོག་སྙན་ཞུ་དབུལ་དགོས། དུས་སྟོན་གྱིས་ཡུལ་སྐོར་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་བརྟན་པོ་བཙུགས་ཏེ།དུས་སྟོན་གྱི་བྱེད་སྒོ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་།ཁྱད་ཆོས་ལྡན་པའི་ས་ཁོངས་རིག་གནས་ཐོན་རྫས་འདོན་སྤྲོད་བྱེད་དགོས། ཁུ་ནུ་རིག་གནསདང་མཚོ་མཆོད་རིག་གནས མཚོ་སྐོར་རིག་གནས ཚངས་དབྱངས་རྒྱ་མཚོའི་སྙན་ངག་རིག་གནསམཚོ་འཁོར་དམངས་གླུ། མངོན་མེད་ཤུལ་བཞགརིག་གནས རྟ་རྒྱུག་རིག་གནསསོགས་ས་ཁོངས་ཀྱི་རིག་གནས་ནང་དོན་ལ་དམིགས་ཏེ་མཚོ་སྔོན་པོའི་ཉ་མོ་སྲོག་བླུའི་དུས་ཆེན་རྒྱ་ཇེ་ཆེར་གཏོང་བའི་རྨང་གཞིའི་སྟེང་མཚོ་མཆོད་མཛད་སྒོ་དང་།དཔལ་དགེའི་རྩྭ་ཐང་སྙན་ངག་ཚོགས་འདུ ལྷ་མཚོ་བུམ་པ་རྟགས་མའི་མཐོ་སྒང་རྟ་རྒྱུག་འགྲནབསྡུར།“མཚོ་སྔོན་པོར་སྐྱོད་པ”ཞེས་པའི་རི་འཛེག་ལུས་རྩལ་དང་རྐང་ཐང་དུ་སྐྱོད་པའི་བྱེད་སྒོ་སོགས་རིག་གནས་ཡུལ་སྐོར་བྱེད་སྒོ་མུ་རུ་སྤེལ་དགོས།  མུ་མཐུད་དུ་ཚངས་དབྱངས་རྒྱ་མཚོའི་སྙན་ངག་བརྗོད་དོན་བྱས་པའི་ཟློས་གརབྱ་དེ་ཁྲུང་ཁྲུང་དཀར་མོདང་། ཡུལ་སྐོར་ཐོན་ལས་དང་མཉམ་འདྲེས་ཀྱི་ཟློས་གར1བཅས་ཀྱི་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་སྔར་བས་མཐོའདེགས་སུ་གཏང་དགོས

ལྔ མཚན་ལྗོངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གང་དགོས། བོད་མཁར་གྱི་གཙོ་གནད་ཁུལ་དང་རྣམ་སྲས་ཁྲོམ། རྐང་ཐང་སྲང་ལམ་རྙིང་བ་སོགས་ཁྱད་ལྡན་སྲང་ལམ་རྨང་གཞིར་བྱས་ཏེ་ཤར་ནུབ་དང་ལྷོ་བྱང་སྲང་ལམ་ཆེན་མོའི་རྣམ་པ་ཇེ་ལེགས་སུ་བཏང་སྟེ་གནས་ཀྱི་ཁྱད་ཆོས་ལྡན་པའི་ཟས་མཆོག་སྔོག་འདོན་བྱས་ནས“ཚོང་ཁངགྲགས་ཅན”དང་བོད་མཁར་གྱི་ཁྱད་ལྡན་བོད་ཟས་སོགས་བཟའ་བཏུང་སྤུས་རྟགས་ཁག་ཅིག་གསོ་སྐྱོང་བྱ་དགོས།ཆང་ཁང་དང་གློག་ཞུའི་འགྲེམས་སྟོན། འཁྲབ་སྟོན་དང་ཁམས་གསོ། དེ་བཞིན་གློག་བརྙན་ཆུང་གྲས་དང་།འཁྲབ་སྟོན་ཆུང་གྲས།ཟས་མཆོག་ཆུང་གྲས་སོགས་ལས་རིགས་གསར་་འཕེལ་རྒྱས་སུ་བཏང་ནས་ཡུལ་སྐོར་བདབང་མེད་འཛད་སྤྱོད་བྱེད་དུ་འཇུག་པ་དང་།མཚན་ལྗོངས་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ།ཡུལ་སྐོར་གྱི་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་གང་བ་བཅས་བྱེད་དགོས། ཁུལ་ཡོངས་དང་དེ་བཞིན་མཚོ་སྔོན་རོགས་སྐྱོར་ཞིང་ཆེན་ལ་ཕྱོགས་པའི་དམངས་ཕན་ཡུལ་སྐོར་བྱེད་སྒོ་མུ་མཐུད་དུ་སྤེལ་དགོས།

དྲུག ཁྱད་ལྡན་རིག་གནས་ཐོན་རྫས་གསར་སྤེལ་བྱ་དགོས། དམངས་སྲོལ་རིག་གནས་དང་ཁྱད་ལྡན་ཐོན་རྫས་ཀྱི་ཐོན་ཁུངས་སོགས་ལ་བརྟེན་ནས་སྐབས་བསྟུནཁྱད་ལྡན་ལག་ཤེས་བཟོ་ལས་འཕེལ་རྒྱས་གཏོང་བ་དང་སྐྱེ་ཁམས་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཐོན་རྫས་ཆུང་བའི་ཞབས་ཞུའི་ཁུལ་བཙུགསཏེ་ཐོན་ལས་གསུམ་པའི་མཉམ་འདྲེས་ལ་སྐུལ་འདེད་གང་དགོས།   ཁུ་ནུ་རིག་གནསདང་ཚངས་དབྱངས་རྒྱ་མཚོའི་རིག་གནས སྙན་ངག་རིག་གནས ས་ཁོངས་མི་རིགས་རིག་གནསབཅས་ལ་དམིགས་ནས་ཡུལ་སྐོར་དྲན་རྟེན་དངོས་པོ་གསར་སྤེལ་བྱ་དགོས། ལོ་རེར་རིག་གནས་ཐོན་རྫས་རིགས10ཡན་ཞིབ་བཟོ་བྱས་ནས་ཡུལ་སྐོར་བའི་བློ་ངོར“བོད་མཁར་གྱིསྣང་བརྙནབསྐྱེད་དུ་འཇུག་དགོས།  

བདུན གྲོང་སྡེ་ཡུལ་སྐོར་ལ་སྐུལ་འདེད་ནན་མོ་གཏང་དགོས། ད་ཡོད་ཀྱི་ཞིང་ཆེན་རིམ་པའི་གྲོང་སྡེའི་ཡུལ་སྐོར་དཔེ་སྟོན་སྡེ་བ5རྨང་གཞིར་བྱས་ཤིང་།2023ལོར་དཀོན་ལོ་ཚང་གོང་མ་སྡེ་བ་ནི་རྒྱལ་ཁབ་རིམ་པའི་གྲོང་སྡེ་ཡུལ་སྐོར་གྱི་གཙོ་གནད་སྡེ་བ་ཡིན་པ་དང་།ཆུ་ཤར་སྡེ་བ་ནི་ཞིང་ཆེན་རིམ་པའི་ཡུལ་སྐོར་གྱི་གཙོ་གནད་སྡེ་བ་ཡིན་པ་རེ་ཞུ་བྱས་ནས2024ལོ་དང2025ལོར་འདེམས་སྒུག་རེ་ཞུ་བྱས་པ་རེད། མཚོ་སྐོར་ནུབ་ལམ་དང315རྒྱལ་ལམ  ཕན་པོའི“མེ་ཏོག་ལུང་”བཅས་ལྟེ་བར་བྱས་ནས་གྲོང་སྡེའི་ཡུལ་སྐོར་དཔེ་སྟོན་ས་ཚིགས་དང་།སྐར་མ་རིམ་པའི་གྲོང་སྡེའི་ཡུལ་སྐོར་སྣེ་ལེན་ས་ཚིགས །སྒེར་འཁོར་སྒར་གཞི། ཁྱད་ལྡན་ཁྱིམ་ཚང་གི་སྡོད་ཁང་བཅས་ལམ་རྒྱུད་ཀྱི་ཡུལ་སྐོར་ལམ་ཐིག་གི་ནང་དོན་དང་ལྟ་ཡུལ་སྔར་ལས་འཐུས་ཚང་དུ་གཏང་དགོས།

བརྒྱད ཤེས་ལྡན་མི་སྣ་གསོ་སྦྱོང་བྱེད་པའི་ལས་དོན་ལག་བསྟར་བྱེད་པ། རིག་གནས་ཡུལ་སྐོར་དང་། ཁྲོམ་ར་ལྟ་སྐུལ།   ཞིང་འབྲོག མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བཅས་ཀྱིསྟོབས་ཤུགས་མཉམ་བསྐྱེད་ཀྱིས་གསོ་སྦྱོང་སྒྲིག་འཛུགས་དང་ ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ལོ་རེར་མགྲོན་ཁང་དང་། བཟའ་བཏུང་།  ཡུལ་སྐོར་ལས་ཞུགས་མི་སྣ།  ཡུལ་སྐོར་སྣེ་ཤན་པའི་ཞབས་ཞུ་སོགས་ཀྱི་ལས་རིགསཁག་གི་ཤེས་ལྡན་མི་སྣ་མི་ཐེངས100གསོ་སྦྱོང་བྱས་ཏེ་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་དགོས།  Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་གནས་བཤད་ཞིབ་བཤེར་དང་ཚད་ལྡན་དུ་གཏོང་བ་དང་ལོ་རེར་ལས་ཞུགས་ལག་ཁྱེར་ཡོད་པའི་ཡུལ་སྐོར་སྣེ་ཤན་པ་གཅིག་ཇེ་མང་དུ་གཏང་དགོས།  རྫོང་རྩྭ་ཐང་སྒྱུ་རྩལ་ཚོགས་པས་སློབ་གྲྭའི་དབྱར་དགུན་གནང་གི་སྐབས་དང་བསྟུན་ནས་ཏེ་ལོ་རེརལོ་ཆུང་གཞོན་ནུ་མི་ཐེངས100ལ་རིག་རྩལ་སྐོར་གྱི་གསོ་སྦྱོང་སྤེལ་དགོས།   

དགུ“ཡུལ་སྐོར་དང་བདེ་ཐང་ཟུང་འབྲེལ”བྱས་ཏེ་འཕེལ་རྒྱས་གཏང་དགོས། “བོད་ལུགས་སྨན་ལུམས་གྲོང་རྡལ”འཛུགས་སྐྲུན་བྱས་ཏེ།  བོད་ལུགས་གསོ་རིག་གི་ཁམས་གསོ་ཁང་དང་བོད་ལུགས་སྨན་ལུམས། བོད་སྨན་སྨན་རྫས་འདེབས་འཛུགས་དང་བོད་ལུགས་གསོ་རིག་རིག་གནས་ཉམས་ལེན་བྱེད་པ་སོགས་ཀྱི་བོད་ལུགས་གསོ་རིག་གི་ཐོན་ལས་འཕེལ་རྒྱས་སུ་བཏང་ནས། བོད་ལུགས་གསོ་རིག་གི་ཐོན་ལས་དང་ཡུལ་སྐོར་ཐོན་ལས་ནུས་ལྡན་ངང་ཟུང་འབྲེལ་བྱེད་པར་སྐུལ་འདེད་བྱས་ཏེ། མྱོང་རོལ་རང་བཞིན་ལྡན་ལ་དང་ཞུགས་ཚད་ཀྱི་གཞི་གྲངས་འབོར་ཆེ་བའི་བོད་ལུགས་གསོ་རིག་བདེ་ཐང་ཡུལ་སྐོར་ཐོན་རྫས་ཀྱི་མ་ལག་ཅིག་འགྲུབ་པ་བྱས་ནས་ཚོགས་སྤྱི་ལྟ་སྐོར་དང་ཁམས་གསོ་ཁང་། གསོ་སྤེལ་ཁྱབ་གདལ་བཅས་གཞི་གཅིག་ཅན་གྱི་བདེ་ཐང་ཡུལ་སྐོར་ཐོན་རྫས་གསར་དུ་བཏོད་རྒྱུ་དང་།  ལོ་འཁོར་རེར་བོད་ལུགས་སྨན་ལུམས་བརྗོད་དོན་དུ་བཟུང་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས་ཏེ་རང་འགུལ་གྱིས་རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་བདེ་ཐང་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་པར་སྙན་ཞུ་དབུལ་དགོས།  

བཅུ དྲིལ་སྒྲོག་ཚོང་གཉེར་གྱི་བྱ་བར་མུ་མཐུད་དུ་ཤུགས་སྣོན་རྒྱག་དགོས།  མུ་མཐུད་དུ“རྒྱལ་ཁབ་རིམ་པའི་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ”གྱི་ཚོང་རྟགས་རྙིངཔའི་རིན་ཐང་བེད་སྤྱད་དེ “བོད་མཁར་དུ་ཚོང་གཉེར་ལོ་གསུམ་ལ་སྤེལ་བལག་བསྟར་དོན་འཁྱོལ་བྱ་དགོས། “འདབ་ཆགས་ཉ་མོའི་ཞིང་ཁམས། བོད་མཁར་རྐང་ཚཞེས་པ་ལྟེ་བར་བཟུང་སྟེ་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་འཐབ་ཇུས་སྤུས་རྟགས་བཟོ་སྐྲུན་དང་ཁྱབ་སྤེལ་དུ་བཏང་སྟེ། གོམ་གང་མདུན་སྤོས་ཀྱིས་རྐང་ཚའི་ཡུལ་སྐོར་ལས་རིགས་ཀྱི་སྙན་གྲགས་ཇེ་རྒྱས་སུ་གཏང་དགོས།  རྒྱང་སྒྲོག་བརྙན་འཕྲིན་དང་ཚགས་པར་དུས་དེབ།  མཚམས་སྦྱོར་བརྡ་ཁྱབ།  གནམ་གྲུ་འབབ་ཐང་དང་རླངས་འཁོར་ཚིགས་ཀྱི་བརྡ་སྦྱོར་ངོས་སུ། ཚོང་ཟོང་ཐོག་ཁང་དང་བརྙན་འཕྲིན་ཡོལ་ངོས་ལ་སོགས་སྲོལ་རྒྱུན་གྱི་ཚོང་བྲིན་པའི་ལམ་བུ་དང་ དེ་བཞིན་གྲངས་གཞི་ཆེན་མོ་དང་མཉམ་འབྲེལ་དྲ་ཚིགསསྨྱན་བྱེད་གསར་པ་ལ་སོགས་ཀྱི་སྟེགས་བུ་གསར་པ་དང་འབྲེལ་ལམ་གསར་པ། ལག་རྩལ་གསར་པ་ལ་སོགས་པ་བེད་སྤྱོད་གང་ལེགས་བྱས་ཏེ། ས་ཁོངས་ཡོངས་སུ་སྨྱན་སྦྱོར་ཁྱབ་གདལ་གཏོང་བའི་ལས་སྟེགས་འཛུགས་པར་དྲིལ་སྒྲོག་དང་སྐུལ་འདེད་བཏང་སྟེ་མཉམ་ལས་ཀྱི་ལས་སྟེགས་ཁྱབ་སྤེལ་གཏང་དགོས།   

བཅུ་གཅིག ཡུལ་སྐོར་ཁྲིམས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས། ནུས་ཤུགས་ཡོད་རྒུས་ཞག་སྡོད་ལས་རིགས་དང་སྐར་མ་རིམ་པའི་ཞིང་ཁྱིམ་སྤྲོ་སྐྱིད་ཁང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེདགཏོང་བའི་འབྲེལ་ཡོད་སྲིད་ཇུས་དྲིལ་བསྒྲགས་དངལག་ལེན་མཐར་ཕྱིན་བྱས་ཏེ།རང་འགུལ་ངང་སྐར་རིམ་མགྲོན་ཁང་དང་། བརྗོད་དོན་མགྲོན་ཁང་།  ཞིང་ཁྱིམ་མགྲོན་ཁང་དང་ཁྱིམ་ཚང་མགྲོན་ཁང་། སྒེར་འཁོར་སྒར་གཞི་སོགས་འཕེལ་རྒྱས་སུ་གཏོང་བར་སྐུལ་མ་བཏང་སྟེ། ཡུལ་སྐོརཞག་སྡོད་སྣེ་ལེན་བྱེད་པ་སྣ་མང་ཅན་དུ་གཏང་བ་མངོན་འགྱུར་བྱ་དགོས། རྐང་ཚ་རྫོང་གི2023ལོ་འཁོར་གྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་ཕན་བདེའི་ཞབས་ཞུ་བཅུ་ལེགས་པར་སྤེལ་ཏེ་ཡུལ་སྐོར་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། ཡུལ་སྐོར་ཁྲོམ་རའི་མཉམ་འབྲེལ་ཁྲིམས་འཛིན་ལྟ་སྐུལ་དོ་དམ་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་ཡུལ་སྐོར་ཐོན་ཁུངས་དང་། ཡུལ་སྐོར་གྱི་སྒྲིག་བཀོད་འཛུགས་སྐྲུན།  ཡུལ་སྐོར་གྱི་ཁྲོམ་རའི་གཉེར་སྐྱོང་བཅས་ལ་ཁྲིམས་ལྟར་བཅོས་སྐྱོང་བྱེད་པ་དང་ཡུལ་སྐོར་ཁྲོམ་རའི་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས“འདབ་ཆགས་ཉ་མོའི་ཞིང་ཁམས མཚོ་ངོགས་བོད་མཁར་རྐང་ཚའི་རིག་གནས་ཡུལ་སྐོར་གྱི་སྣང་བརྙན་གསར་བར་དངོས་དོན་གྱིས་སྲུང་སྐྱོང་བྱ་དགོས།