མཚོ་བྱང་ཁུལ་ཨུའི་ཕྱོགས་ཡོངས་ཁྲིམས་ལྟར་ཁུལ་སྐྱོང་ཨུ་ཡོན་ལྷན་ཁང་གིས་རྐང་ཚ་རྫོང་གི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་དཔྱད་དཔོག་བྱས།
མཚོ་བྱང་ཁུལ་ཨུའི་ཕྱོགས་ཡོངས་ཁྲིམས་ལྟར་ཁུལ་སྐྱོང་ཨུ་ཡོན་ལྷན་ཁང་གིས་རྐང་ཚ་རྫོང་གི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་དཔྱད་དཔོག་བྱས།
ཡིག་བསྒྱུར། རྐང་ཚ་རྫོང་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས། ཡོང་ཁུངས། རྐང་ཚའི་སྲིད་དོན།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱ་ཆེད། མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལག་བསྟར་ཇུས་གཞིའི་བླང་བྱ་གཞིར་བཟུང་སྟེ། ཁུལ་ཨུའི་ཕྱོགས་ཡོངས་ཁྲིམས་ལྟར་ཁུལ་སྐྱོང་ཨུ་ཡོན་ ལྷན་ཁང་གིས་ཕྱོགས་གསུམ་པ་སྒྲིག་འཛུགས་བྱས་ནས་ཟླ6པའི་ཚེས14ཉིན་རང་རེའི་རྫོང་གི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་སྐབས་ཀྱི་བྱ་བའི་གནས་ཚུལ་ལ་ཡུལ་དངོས་དཔྱད་དཔོག་བྱས།
དཔྱད་འཇོག་ཚོ་ཆུང་གིས་ཐོག་མར་རྫོང་གི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་མགོ་ཁྲིད་ཚན་ཆུང་གི་ཁོངས་མིར་བཞུགས་མོལ་བྱས་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་སྐབས་ཀྱི་དཔྱད་དཔོག་བྱ་བ་ཇི་ལྟར་ཡག་པོ་བསྒྲུབ་པའི་ཐད་འགྲེལ་བཤད་ཞིབ་མོ་གནང་། དུས་མཚུངས་སུ《མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལག་བསྟར་ཇུས་གཞི(2021ལོ་ནས2025ལོའི་བར)》བྱ་བ་དོན་འཁྱོལ་བྱས་ཏེ། ཆུ་ཚད་དང་སྤུས་ཚད་སྔར་ལས་མཐོ་བའི་རྐང་ཚའི་ཁྲིམས་སྐྱོང་སྲིད་གཞུང་མགྱོགས་པོར་འཛུགས་དགོས་པའི་ནན་བཤད་གནང་།
ཚོགས་ཐོག་ཏུ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པའམ་སྤྱི་བདེ་ཅུའི་ཅུ་ཀྲང་ཀྲང་གོ་ཏིག་གིས་རང་རེའི་རྫོང་གིས་དཔྱད་དཔོག་བྱ་བ་ཡག་པོ་བསྒྲུབ་པའི་ཐད་བཀོད་སྒྲིག་བྱས་ཤིང་། ལས་ཁུངས་སོ་སོས་ཕྱོགས་གསུམ་པའི་དཔྱད་དཔོག་ཚོ་ཆུང་ལ་གཞོགས་འདེགས་བྱས་ཏེ་འབྲེལ་ཡོད་དཔྱད་དཔོག་བྱ་བ་བདེ་བླག་ངང་འགྲུབ་དགོས་པའི་བླང་བྱ་བཏོན།
དཔྱད་འཇོག་སྐབས་སུ།དཔྱད་འཇོག་ཚོ་ཆུང་གིས་རྫོང་སྲིད་གཞུང་གི་སྲིད་དོན་ཞབས་ཞུ་ལྟེ་གནས་དང་རྫོང་བཅའ་ ཁྲིམས་རོགས་སྐྱོར་ལྟེ་གནས་སོགས་སུ་ཡུལ་དངོས་བཅར་འདྲི་བྱས་པ་མ་ཟད། དཔྱད་ཡིག་ལྟ་ཞིབ་དང་རྩིས་ཁྲ་ཞིབ་བསྡུར་བགྱིས་ཏེ་སྲིད་འཛིན་ཐབས་ཇུས་གལ་ཆེན་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ།སྲིད་འཛིན་ཁྲིམས་བསྟར།ལས་ཁུངས་ཁུ་ བསྡུ་དང་དབང་ཆ་གཤམ་སྤྲོད།གློད་སྒྲིལ་ཟུང་འབྲེལ།ཞབས་ཞུ་ལེགས་སྒྱུར་བཅས་དང་དེ་བཞིན་ཆ་འཕྲིན་ལས་སྟེགས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་བྱ་བ་སྤེལ་ཚུལ་ལ་ཕྱོགས་བསྡུས་དཔྱད་དཔོག་བྱས་ནས་འབྲེལ་ཡོད་བསམ་འཆར་བཏོན།
ཐེངས་འདིའི་དཔྱད་དཔོག་བྱ་བ་ནི་རྫོང་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་གྲུབ་འབྲས་ལ་ཞིབ་བཤེར་བྱས་པ་ཞིག་ཡིན་ལ། རྫོང་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་དཔེ་སྟོན་གསར་འཛུགས་བསྐྲུན་ལ་སྐུལ་འདེད་ བཏང་བ་ཞིག་ཀྱང་ཡིན། རྐང་ཚ་རྫོང་གིས་ཐེངས་འདིའི་དཔྱད་འཇོག་བྱ་བ་དེ་གོ་སྐབས་སུ་བརྩིས་ནས་ཞན་ཆ་ཁ་གསབ་དང་ཉམས་མྱོང་བསྡུ་ལེན།ཚོང་རྟགས་གསར་བཟོ་བཅས་བྱས་ཏེ། གསར་གཏོད་ཀྱིས་ཡར་སྐུལ་དང་དཔེ་སྟོན་གྱིས་སྣེ་ཁྲིད་དེ། རྐང་ཚའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བར་ཁྲིམས་སྐྱོང་གི་འདེགས་སྐྱོར་ནུས་པ་བཏོན་ནས་ཞིང་ཆེན་རིམ་པའི་དཔྱད་དཔོག་དང་ཞིབ་བཤེར་རྩིས་ལེན་བསུ་བར་རྨང་གཞི་ཡག་པོ་ཞིག་འདིང་རྒྱུ།