རྐང་ཚ་རྫོང་དུ་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་འཛུགས་སྐྲུན་སྤུས་འདེགས་སྐུལ་འདེད་ཚོགས་འདུ་དང་འཚོ་བའི་གད་སྙིགས་བཅོས་སྐྱོང་ཡུལ་དངོས་ཚོགས་འདུ་བསྡུས།
发布时间:2023年06月20日 消息来源:

རྐང་ཚ་རྫོང་དུ་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་འཛུགས་སྐྲུན་སྤུས་འདེགས་སྐུལ་འདེད་ཚོགས་འདུ་དང་འཚོ་བའི་

གད་སྙིགས་བཅོས་སྐྱོང་ཡུལ་དངོས་ཚོགས་འདུ་བསྡུས།


ཡིག་བསྒྱུར། རྐང་ཚ་རྫོང་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས། ཡོང་ཁུངས། རྐང་ཚ་རྫོང་མཉམ་འདྲེས་སྨྱན་བྱེད་ལྟེ་གནས།

ཟླ6པའི་ཚེས16ཉིན།རྐང་ཚ་རྫོང་དུ་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་འཛུགས་སྐྲུན་སྤུས་འདེགས་སྐུལ་འདེད་ཚོགས་འདུ་དང་འཚོ་བའི་གད་སྙིགས་བཅོས་སྐྱོང་ཡུལ་དངོས་ཚོགས་འདུ་བསྡུས། ཚོགས་ཐོག་ཏུ་ད་ལོའི་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་འཛུགས་སྐྲུན་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་བཅོས་སྐྱོང་བྱ་བའི་སྐུལ་སྤེལ་གནས་ཚུལ་ཁྱབ་བསྒྲགས་བགྱིས་ཏེ་རྗེས་ཕྱོགས་ཀྱི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་གཞོན་པ་ཚེ་རིང་ཐར་ཚོགས་འདུར་ཞུགས་པ་དང་།ཚོགས་འདུའི་སྟེང་ཟི་ལིང་གྲོང་ཁྱེར་དང་རྨ་ལྷོ་ཁུལ།གུང་ཧོ་རྫོང་།རྐང་ཚ་རྫོང་བཅས་ཀྱི་འགན་འཁུར་པས་བསམ་བློ་བརྗེ་རེས་ཀྱི་ཚུལ་དུ་གསུང་བཤད་གནང་།

   ཚོགས་འདུ་མ་འཚོགས་སྔོན་ལ།ཚོགས་ཞུགས་མི་སྣ་དང་ལྷན་དུ་རྐང་ཚ་རྫོང་གི་དཀོན་ལོ་གོང་མ་སྡེ་བ་དང་ཐང་ཆུ་སྡེ་བའི་གྲོང་གསེབ་འཛུགས་སྐྲུན་གནས་ཚུལ་དང་དཔལ་དགེ་གྲོང་རྡལ་དགོ་དམར་ཚན་རྩལ་ཁྱབ་སྤེལ་ཁང་གི་འཛུགས་སྐྲུན་གནས་ཚུལ།རྐང་ཚ་རྫོང་གཡུ་ཞུན་གཞིས་ཁུལ།འཚོ་བའི་གད་སྙིགས་རིགས་བགར་ལྟེ་གནས་དང་གཙང་སེལ་བཟོ་གྲྭ་སོགས་ཀྱི་འཚོ་བའི་གད་སྙིགས་རིགས་དབྱེ་གནས་ཚུལ་ལ་ཡུལ་དངོས་སུ་གཟིགས་ཞིབ་གནང་།