ཀྲུང་གོ.མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་གྱི་སྐྱེན་པོའི་མདའ་རྩལ་འགྲན་བསྡུར་སྐབས་བརྒྱད་པ་འགོ་བརྩམས་པ།
ཝཀྲུང་གོ.མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་གྱི་སྐྱེན་པོའི་མདའ་རྩལ་འགྲན་བསྡུར་སྐབས་བརྒྱད་པ་འགོ་བརྩམས་པ།
ཡིག་སྒྱུར། རྐང་ཚ་རྫོང་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས། ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར།
ཟླ7པའི་ཚེས1ཉིན། དྲིན་གཟོ་དང་མཐུན་སྒྲིལ།ཧུར་བསྐྱེད་བཅས་བརྗོད་དོན་དུ་བཟུང་བའི་ཀྲུང་གོ.མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་གྱི་སྐྱེན་པོའི་མདའ་རྩལ་འགྲན་བསྡུར་སྐབས་བརྒྱད་པ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་འགོ་བརྩམས་ཤིང་། བསྡོམས་པས་རྒྱལ་ཁབ24དང་ས་ཁུལ་གྱི་འཐུས་མི་རུ་ཁག52 ལུས་རྩལ་པ900ལྷག་ཙམ་འགྲན་བསྡུར་དུ་ཞུགས་ཡོད།
ཐེངས་འདིའི་འགྲན་བསྡུར་ཁྲོད་དུ་མི་རིགས་སྲོལ་རྒྱུན་མདའ་རྩལ་གྱིས་ཡིད་དབང་རབ་ཏུ་འཕྲོག་ནས་རྒྱལ་ཁབ་དང་ས་ཁུལ་མི་འདྲ་བའི་དབར་གྱི་མཛའ་མཐུན་ཇེ་བཟང་དང་རིག་གནས་ཡུལ་སྐོར་གྱི་མཉམ་འདྲེས་ཇེ་ཟབ་ཏུ་ཡོང་བར་སྐུལ་འདེད་བཏང་སྟེ།རབ་མཛེས་ཀྱི་མཚོ་སྔོན་དང་དག་སྣང་གི་མཚོ་བྱང་ཞེས་པའི་སྙན་གྲགས་རབ་ཏུ་འབར་ནས་མཚོ་བྱང་གིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པར་རམ་འདེགས་བགྱིས་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན།ཀྲུང་གོ.མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་གྱི་སྐྱེན་པོའི་མདའ་རྩལ་འགྲན་བསྡུར་སྐབས་བརྒྱད་པ་དེར་ཀྲུང་གོའི་མདའ་རྩལ་མཐུན་ཚོགས་ཀྱིས་སྣེ་ཁྲིད་བྱས་ཏེ། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུ་དང་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་།མཚོ་སྔོན་ཞིང་ཆེན་ལུས་རྩལ་སྤྱི་ཁྱབ་ཚོགས་པ་བཅས་ཀྱིས་གཙོ་སྒྲུབ་གནང་བ་དང་། ཀྲུང་གུང་རྐང་ཚ་རྫོང་ཨུ་དང་རྐང་ཚ་རྫོང་སྲིད་གཞུང་།ཞིང་ཆེན་ལུས་རྩལ་འགྲན་བསྡུར་དོ་དམ་ལྟེ་གནས།ཞིང་ཆེན་མདའ་རྩལ་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་སྒྲུབ་འགན་འཁུར་བ་དང་། ཀྲུང་གོའི་མདའ་རྩལ་མཐུན་ཚོགས་ཀྱི་སྲོལ་རྒྱུན་གཞུ་མོ་ཡན་ལག་ཚོགས་པ་དང་ཞིང་ཆེན་ལུས་རྩལ་རྒྱན་ཤོག་དོ་དམ་ལྟེ་གནས། ཞིང་ཆེན་གྲངས་ཉུང་མི་རིགས་ལུས་རྩལ་མཐུན་ཚོགས་བཅས་ཀྱིས་རོགས་འདེགས་བགྱིས་ཏེ་བསྡོམས་པས་གཞུ་རིགས 4 དང་རྣམ་གྲངས 5བཀོད་སྒྲིག་བྱས་ཡོད།
རྐང་ཚ་རྫོང་གི་མི་རིགས་ལུས་རྩལ་གྱི་ལོ་རྒྱུས་ཡུན་རིང་ཞིང་མང་ཚོགས་ལ་མདའ་འཕེན་ལུས་རྩལ་གྱི་རྨང་གཞི་བརྟན་པོ་འདིང་ཡོད། ཉེ་བའི་ལོ་འགའི་རིང་དུ་རྐང་ཚ་རྫོང་གིས་ལུས་རྩལ་གྱི་ཕྱོགས་ལ་སྐུལ་འདེད་མགྱོགས་པོར་བཏང་སྟེ། ལོ་རེར་མི་རིགས་སྲོལ་རྒྱུན་གྱི་མདའ་རྩལ་འགྲན་བསྡུར་སྣ་ཚོགས་སྤེལ་གྱིན་ཡོད་ལ།མདའ་འཕེན་ལུས་རྩལ་གྱིས་རིགས་སོ་སོའི་མང་ཚོགས་ཀྱི་དབར་ལ་བསམ་བློ་བརྗེ་རེས་དང་མཉམ་དུ་འདྲེས་པའི་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་ཡག་ཤོས་སུ་མཚོན་ཡོད།