འཕེལ་རྒྱས་གསར་བའི་འདུ་ཤེས་ལ་ནུས་ཤུགས་བཏོན་ཏེ། རྐང་ཚའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་ཕྱོགས་གསར་བ་རྒྱ་བསྐྱེད་བྱ་དགོས།
འཕེལ་རྒྱས་གསར་བའི་འདུ་ཤེས་ལ་ནུས་ཤུགས་བཏོན་ཏེ། རྐང་ཚའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་ཕྱོགས་གསར་བ་རྒྱ་བསྐྱེད་བྱ་དགོས།
མཚོ་བྱང་ཁུལ་རྐང་ཚ་རྫོང་ཨུ་ཧྲུའུ་ཅི་ཀྲུའུ་ཁྲིན་ཆིན།
གཙོ་སྒྲིག་པ། ཚེ་རིང་བཀྲ་ཤིས། ཡིག་སྒྱུར་བ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ལྟ་སྐུལ་བ། མགོན་པོ་རབ་བརྟན། སྤྱིའི་ལྟ་སྐུལ་བ། ཚེ་བརྟན་བཀྲ་ཤིས།
ཞིང་ཆེན་ཡོངས་ཀྱིས་ནུས་ལྡན་འབྲེལ་མཐུད་ངང་གནད་དོན་དག་ཐེར་གྱི་ལས་དོན་སྤེལ་ཞིང་།མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་ཐོག་མཐའ་བར་གསུམ་དུ་གནད་དོན་དག་ཐེར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་རྩིས་ནས་དག་ཐེར་གྱི་ཕན་འབྲས་དངོས་ཀྱི་ཐོག་ནས་ཆབ་སྲིད་ཀྱི་དྲིས་ལན་བརྒྱབ་ཅིང་།ས་གནས་འདི་གའི་ཚགས་པར་ཁང་གི་གསར་འགོད་པས་མཚོ་བྱང་ཁུལ་རྐང་ཚ་རྫོང་ཨུའི་ཧྲུའུ་ཅི་ཀྲུའུ་ཁྲིན་ཆིན་ལ་བཅར་འདྲི་ཞུས།
གསར་འགོད་པ། ཁྱེད་ཀྱིས་དོན་དངོས་དང་ཟུང་འབྲེལ་གྱིས་དཔྱད་ཞིབ་ཚོད་སྐོར་གྱི་ལན་འདེབས་གནད་དོན་ལ་དམིགས་ནས་དག་ཐེར་ཡོ་བསྲང་བྱེད་པའི་ཆབ་སྲིད་ཀྱི“དྲིས་ལན”དེ་གླེང་རོགས་གནང་། རྐང་ཚ་རྫོང་གིས་ཇི་ལྟར་བྱས་ནས་གནད་དོན་འཚོལ་བཤེར་གཏིང་ཟབ་དང་དག་ཐེར་བྱ་རྒྱུ་ཡིན་ནམ།
ཀྲུའུ་ཁྲིན་ཆིན་གྱིས། གཅིག འགོ་ཁྲིད་ཀྱིས་དག་ཐེར་ལ་དམ་འཛིན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཞིང་ཆེན་ཨུ་ལྷན་གྱི“དཔེ་གཅིག་ཁས་ལེན་གཅིག”དང་“དམའ་རིམ་དོ་དམ”ལས་ཀའི་བླང་བྱ་ལྟར།ཏང་སྲིད་འགོ་གཙོ་ཚོ་ཆུང་གི་འགོ་འཛིན་ཟུང་དུ་སྦྲེལ་བའི་དག་ཐེར་ཡོ་བསྲང་ལས་ཀའི་འགོ་ཁྲིད་ཚོ་ཆུང་བཙུགས་ཏེ དམིགས་ཚད་ལ་དམིགས་པ་དང་།མྱུར་ཚད་དམ་འཛིན་བྱས་ནས་གནད་དོན་དག་ཐེར་ཡོ་བསྲང་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། རྫོང་ཡོངས་ཀྱིས་གནད་དོན28ཞིབ་བསྡུར་རྩིས་ལེན་བྱས་པ་དང་།བཅོས་སྒྲིག་བྱ་ཐབས121བཟོས་པ།ད་ཡོད་ཚང་མར་བཅོས་སྒྲིག་ཟིན་པ་དང་བཅོས་སྒྲིག་བྱེད་ཚད100%ཟིན་ཡོད། གཉིས གནད་འགག་ལ་དམ་པོར་དམིགས་ཏེ་དག་ཐེར་ཡོ་བསྲང་དམ་འཛིན་བྱ་དགོས། དབུལ་ཐར་མང་ཚོགས་ཀྱི“ཡོང་འབབ་ཁག་བཞིར”དམ་པོར་དམིགས་པ་དང་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་རྒྱུ་དང“མཐོ་བ་གཉིས”ཀྱི་དམིགས་ཚད་ལ་དམིགས་ཏེ་རོགས་སྐྱོར་ཡག་པོ་བྱེད་པ་དང་། ཞན་ཆ་གསབ་པ།གྲོང་ཚོ་ནུས་ལྡན་ངང་བཅོས་སྒྲིག་བྱེད་པ་བཅས་ལྟེ་གནས་སུ་བཟུང་ནས་གནད་དོན་བཅོས་སྒྲིག་ལ་སྐུལ་འདེད་ནན་གྱིས་གཏོང་བ་དང་། བྱེད་ཐབས་སྣ་ཚོགས་སྤྱད་ནས་མང་ཚོགས་ཀྱི་ཡོང་འབབ་མུ་མཐུད་མང་དུ་གཏོང་དགོས། ལྟ་ཞིབ་ཚད་ལེན་དང་བསྡོམས་རྩིས་བྱས་པ་ལྟར་ན2023ལོར་རྫོང་ཡོངས་ཀྱི་དབུལ་ཐར་ཁྱིམ་ཚང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར1868ཟིན་པ་དང་འཕར་ཚད24.32%ཟིན་ཡོད་པ་རེད། གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་ཐད།ཁ་གཏད་རོགས་སྐྱོར་ལམ་སྲོལ་ལ་བརྟེན་ནས་རྣམ་པ་སྣ་ཚོགས་ཀྱི་འཛད་སྤྱོད་རོགས་སྐྱོར་དང་ཕྱིར་ཚོང་བྱས་པ། ལོ་འདིའི་ནང་མོས་མཐུན་མངག་ཐོ་སྒོར་དུང་ཕྱུར4བཞག་པ་དང་མིག་སྔར་སྒོར་དུང་ཕྱུར1.4ཟིན་ཡོད། གླ་ཕོགས་ཡོང་འབབ་ཐད་ནས། སྣོད་བཅུད་སྤྱི་ཕན་རང་བཞིན་གྱི་ལས་གནས་ཁ་གསབ་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་སྤྱི་ཕན་རང་བཞིན་གྱི་ལས་གནས་གྲངས་འབོར་བརྟན་པོའི་ངང་འཕར་རྒྱུ་འགན་ལེན་བྱས་ཡོད། གཞན་སྒྱུར་རང་བཞིན་གྱི་ཡོང་འབབ་ཐད་ནས། དབུལ་ཐར་ཁྱིམ་ཚང་གི“རྒྱུད་གཅིག་ལམ་གཅིག”དང“མང་ཁྲིད་གཅིག་ཁྲིད”ཀྱི་རྣམ་པ་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་རྣམ་པ་བཙུགས་ཡོད། རྒྱུ་ནོར་ཡོང་འབབ་ཀྱི་ཐད་ནས།མང་ཚོགས་ལ་རྩྭ་ར(ས་ཞིང)བསྡུ་སྒྲིལ་དང་།ཐོན་ལས་རྣམ་གྲངས།གཉེར་སྐྱོང་རང་བཞིན་གྱི་རྒྱུ་ནོར་སོགས་ཀྱི་རོགས་སྐྱོར་བྱེད་པ།གྲོང་གསེབ་ཡུལ་སྐོར་དང་དམངས་སྡོད་བཟའ་བཏུང་སོགས་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་ལ་བརྟེན་ནས་ཡོང་འབབ་ཀྱི་ཐབས་ལམ་རྒྱ་ཆེར་བཏང་སྟེ་མང་ཚོགས་ལ་རྒྱུན་མཐུད་ཡོང་འབབ་འཕར་སྣོན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། གསུམ། སྒྲིག་སྲོལ་དང་ལམ་ལུགས་བཙུགས་ནས་དག་ཐེར་ཡོ་བསྲང་དམ་འཛིན་བྱ་དགོས།ལན་སྤྲོད་གནད་དོན་དང་འབྲེལ་ཡོད་ལས་དོན་གྱི་ཞན་ཆ་འཕྲལ་གྱི་ཕན་པ་བཅོས་སྒྲིག་བྱས་ནས“ཡུན་རིང་འཛུགས་པའི”ལམ་སྲོལ་བཙུགས་ཏེ 《རྐང་ཚ་རྫོང་གི“ཐེངས་བཅུ་བའི་ལོ་ལྔའི་འཆར་འགོད”དབུལ་ཐར་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འཆར་འགོད》དང《རྐང་ཚ་རྫོང་གི་སྡེ་བའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེར་གཏོང་བའི་ལག་བསྟར་ཞིབ་སྲོལ》དང《རྐང་ཚ་རྫོང་འཛུགས་སྐྲུན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱིས་ཞིང་འབྲོག་ལས་སྤུས་ཚད་མཐོར་འདེགས་གཏོང་བའི་ལག་བསྟར་ཇུས་གཞི(2023ལོ་ནས་2025ལོ)》སོགས་ལམ་སྲོལ་བཟོས་ནས་བཅོས་སྒྲིག་གི་ཕན་འབྲས་ནུས་ལྡན་ངང་སྲ་བརྟན་དུ་བཏང་།
གསར་འགོད་པ།ཁྱེད་ཀྱིས་དག་ཐེར་ལས་དོན་སྤེལ་ཚུལ་ཐོབ་པའི་ཕན་འབྲས་དང་གྲུབ་འབྲས་གླེང་རོགས་གནང་།
ཀྲུའུ་ཁྲིན་ཆིན་གྱིས་ནུས་ལྡན་ངང་འབྲེལ་མཐུད་ཐུབ་པའི་གནད་དོན་དག་ཐེར་ལས་དོན་སྤེལ་བ་བརྒྱུད་ནས། རྫོང་ཡོངས་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་གྱི་ལས་དོན་ཁག་སྐས་རིམ་གསར་བ་ཞིག་ཏུ་སླེབས་ཡོད། “འགན་སྲུང་གསུམ”དང་བཏུང་བྱའི་བདེ་འཇགས་ལ་འགན་སྲུང་སྔར་ལས་བྱ་དགོས། མིག་སྔར་རྫོང་ཡོངས་ཀྱི་འོས་འགན་སློབ་གསོ་བརྟན་དུ་གཏོང་ཚད11.79%ཟིན་པ་དང་།དབུལ་སྒྲོལ་མང་ཚོགས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད། ཞིང་འབྲོག་ཁུལ་གྱི་གཞི་རྩའི་སྡོད་ཁང་བདེ་འཇགས་འགན་ལེན་བྱེད་ཚད100%ཟིན་ཡོད། ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་སྔར་བས་གནད་འཁེལ་བྱུང་ཡོད། མིག་སྔར་རྫོང་ཡོངས་སུ་ཞིབ་རྩིས་བྱས་ན་ལྟ་ཞིབ་ཚད་ལེན་བྱ་ཡུལ་ཁྱིམ་ཚང76དང་མི་གྲངས275དབྱེ་འབྱེད་བྱས་པ་དང་ལྟ་ཞིབ་ཚད་ལེན་བྱ་ཡུལ་དུ་འཇུག་ཚད6.71%ཟིན་ཡོད། མང་ཚོགས་ཀྱི་ལས་ཞུགས་ཐབས་ལམ་སྔར་བས་རྒྱ་ཆེར་བཏང་བ་དང་།མང་ཚོགས་ཀྱི་འབབ་འཕར་ལ་དམིགས་པ།ལས་གནས་བརྟན་པོ་དང་ལས་ཞུགས་ལ་དམ་འཛིན་ཤུགས་ཆེན་བྱས་པ།ཁྱད་ལྡན་འདེབས་གསོའི་ཐོན་ལས་དང་།ཡུལ་སྐོར་ཐོན་ལས། མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་ལས་སྣོན་ཐོན་ལས་བཅས་སྐྱེད་སྲིང་བྱས་པ་བརྒྱུད་ནས་ལས་ཞུགས་པ406མཁོ་འདོན་བྱས་པ་དང་། སྡོམ་རྩིས་བྱས་ན་མི1515ལས་ཞུགས་གཞན་སྒྱུར་བྱས་ནས་ལས་འགན་ལེགས་སྒྲུབ་བྱེད་ཚད100%ཟིན་ཡོད། དེའི་ནང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ལས་ཞུགས་གཞན་སྒྱུར་གྱི་མི278ཡོད་པ་དང་།ལས་འགན་ལེགས་སྒྲུབ་བྱེད་ཚད131.9%ཟིན་ཡོད་པ་རེད། གྲོང་ཚོའི་ཐུན་མོང་དཔལ་འབྱོར་སྔར་ལས་རྒྱ་སྐྱེད་དུ་བཏང་ཡོད། རྫོང་ཡོངས་ཀྱི་གྲོང་ཚོ་ཁག་གི་མཉམ་སྡེབ་དཔལ་འབྱོར་ལ་སྒོར་ཁྲི20ལས་བརྒལ་བའི་ནང་སྒོར་ཁྲི50ལས་བརྒལ་བའི་གྲོང་ཚོ11དང་། གྲོང་གསེབ་བཅོས་སྐྱོང་ལ་སྔར་བས་ཕན་ནུས་ལྡན་ཡོད། རྫོང་ཡོངས་ཀྱི་སྡེ་ཁུལ8དང་སྲིད་འཛིན་གྲོང་ཚོ31གིས《སྡེ་སྲོལ་དམངས་ཆིངས》དང《སྡོད་དམངས་སྤྱི་ཆིངས》39བཟོ་བཅོས་འཐུས་ཚང་དུ་བཏང་བ་རེད། དུས་མཚུངས། རྩིས་ཁྲའི་ལམ་ལུགས་ཀྱི་ལས་ཀའི་ལམ་སྲོལ་ཁྱབ་གདལ་གཏིང་ཟབ་བཏང་བ་དང་།རྫོང་ཡོངས་སུ་ཁྱོན་མ་བསགས་ལམ་ལུགས་ཁྱབ་གདལ་སྡེ་བ18དང་རྩིས་ཐོའི་ལམ་ལུགས་ཁྱབ་གདལ་སྡེ་བ26ཁྱབ་གདལ་བཏང་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་སྤུས་ཚད་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད།
རྐང་ཚ་རྫོང་གིས་ཇི་ལྟར་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དང་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་སྔར་ལས་ཡག་པོ་ཡོང་བར་བྱ་དགོས་སམ།
ཀྲུའུ་ཁྲིན་ཆིན་གྱིས་ཐེངས་རྗེས་མར་རྐང་ཚ་རྫོང་གིས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་རྒྱུ་དང“མཐོ་བ་གཉིས”ཀྱི་དམིགས་ཚད་ལ་གཞིར་བཟུང་སྟེ་ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས་ཞིང་འབྲོག་ལས་ཀྱི“ཐོན་ལས་ཅན་དང་། སྐྱེ་ཁམས་ཅན། ཚོང་རྟགས་ཅན། ཤེས་ཡོན་ཅན”བཅས་ཀྱི་འཕེལ་རྒྱས་ཀྱི་ལམ་ཕྱོགས་སུ་བསྐྱོད་དེ་འབྲོག་ལས་ཐོན་ཁུངས་མགྱོགས་མྱུར་ངང་སྐུལ་འདེད་གཏོང་རྒྱུ་དང་། ཁེ་ལས་དང་ཤེས་ཡོན་ཅན་གྱི་སྡེ་བར་བསྐྱོད་རྒྱུར་སྐུལ་འདེད་གཏོང་བ།རྫོང་ཡོངས་ཀྱི་ཞིང་འབྲོག་ལས་གཞན་སྒྱུར་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་ཁྲིད་བྱེད་པ། དེ་དང་ཆབས་ཅིགཞིང་ཆེན་ཡོངས་ཀྱི་ལྗང་མདོག་སྐྱེ་ཁམས་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་དང་།ཞིང་ཆེན་ཡོངས་ཀྱི་གཙང་དག་ནུས་ཁུངས་སྔོན་སྒྲུབ་ཁུལ།མཚོ་སྐོར་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གཏོད་པའི་ལས་དོན་བཅས་གཏན་འཁེལ་བྱས་ནས་འཕེལ་རྒྱས་གསར་བའི་འདུ་ཤེས་ལ་ནུས་ཤུགས་བཏོན་དེ།རྐང་ཚའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་ཕྱོགས་གསར་བ་རྒྱ་བསྐྱེད་བྱ་དགོས་ཞེས་བརྗོད།