མཚོ་བྱང་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཡུལ་དངོས་ལྟ་སྦྱོང་ཚོགས་འདུ་བཙུགས་པ་དེས་བོད་མཁར་རྐང་ཚའི་འཇོན་ནུས་ལྷང་ངེར་མངོན།
发布时间:2023年10月12日 消息来源:

མཚོ་བྱང་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་

ཡུལ་དངོས་ལྟ་སྦྱོང་ཚོགས་འདུ་བཙུགས་པ་དེས་བོད་མཁར་རྐང་ཚའི་འཇོན་ནུས་ལྷང་ངེར་མངོན།

   གཙོ་སྒྲིག་པ།ཚེ་གཟུངས་སྐྱིད།  ཡོང་ཁུངས། རྫོང་སྲིད་གཞུང་གཞུང་ལས་ཁང་། རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རླུང་བརྙན་འཕྲིན་ཅུ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།


   སྤྱི་ཟླ10བའི་ཚེས11ཉིན།མཚོ་བྱང་ཁུལ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཡུལ་དངོས་ཚོགས་འདུའི་ལྟ་སྦྱོང་ཚོགས་པསཉ་དང་བྱ་ཡི་ཞིང་ཁམས།བོད་མཁར་རྐང་ཚ།ལྟ་སྦྱོང་གཟིགས་ཞིབ་བྱས་པ་རེད། ཁུལ་ཨུ་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་འགོ་གཙོ། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཡུ་སྒྲོན་མཚོ་དང་། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ཨུའི་ཀྲུའུ་རིན་གཞོན་པ་ལེས་ཞེའུ་ཀྲིན།ཁུལ་དཔོན་གཞོན་པ་མཱ་རོས་ཞང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཧྲུའུ་རུང་།བསྐོའི་མིདེ་བཞིན་རྫོང་བཞིའི་ཏང་ཨུ་དང་། སྲིད་གཞུང་། ཁུལ་ཐད་གཏོགས་སྡེ་ཁག་སོ་སོའི་འགོ་ཁྲིད།ལྗོངས་ཁུལ་ཆེ་གྲས་ཁག་གི་འགན་འཁུར་བ། ཡུལ་སྐོར་ལས་དོན་ཁང་གི་སྨྱན་སྦྱོར་བཅས་མི་བརྒྱ་ཁྲག་ལྷག་ཙམ་ཞུགས་ཡོད།  

图片图片图片  

   ལྟ་སྐོར་ཚོགས་པ་འཁོར་དང་བཅས་པ་དཔལ་དགེ་དགོ་དམར་ཞིབ་འཇུག་རྟེན་གཞི་དང་། རྫོང་ཤར་གྲོང་སྣུམ་ཚིགས་ཡུལ་སྐོར་བའི་སྤྱི་བའི་གསང་སྤྱོད་ཁང་ཞིང་འབྲོག་ལས་ཞུགས་རྩལ་ནུས་ཟབ་སྦྱོང་ལྟེ་གནས། ལྷ་མོའི་ཁུགས་སྐྱེ་ཁམས་ཉམས་ལེན་ས་ཁུལ། ལྷ་མོའི་ཁུགས་སྒར་གནས་རྟེན་གཞི་བཅས་ལ་ལྟ་སྦྱོང་བྱས་པ་མ་ཟད། དམིགས་བསལ་གྱི་བདག་གཉེར་བྱ་ཡུལ་འཛུགས་སྐྲུན་དང་ལས་གཉེར་གནས་ཚུལ།ཤུལ་བཞག་རིག་གནས་ལ་སྲུང་སྐྱོབ་དང་རྒྱུད་འཛིན་བྱས་པའི་གནས་ཚུལ།གཞན་ཡང་།སྒར་གནས་རྟེན་གཞིའི་འཛུགས་སྐྲུན་དང་འཕེལ་རྒྱས་བྱུང་བའི་གནས་ཚུལ་བཅས་ལ་ཞིབ་ཕྲའི་རྒྱུས་ལོན་བྱས་པ་རེད།ལྟ་སྐོར་ཚོགས་པས་རྐང་ཚ་རྫོང་གིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་གྲུབ་འབྲས་མངོན་གསལ་བླངས་བར་རྗེས་སུ་ཡི་རང་བྱས།

图片

       图片  

   ཐེངས་འདིའི་ལྟ་སྦྱོང་ཚོགས་འདུ་ནི་རྐང་ཚ་རྫོང་གིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གཏོད་རྒྱུར་སྐུལ་འདེད་གཏོང་བའིཞིབ་བཤེར་ཐེངས་ཤིག་ཡིན་པ་མ་ཟད།སློབ་སྦྱོང་གི་གོ་སྐབས་ཤིག་ཀྱང་ཡིནརྐང་ཚ་རྫོང་གིས་ཐོན་ཁུངས་ཀྱི་ལེགས་ཆ་དང་ཐོན་ལས་ཀྱི་རྨང་གཞི་གཞིར་བཟུང་ནས་མཚོ་སྐོར་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་གོ་སྐབས་གསར་་བརྩོན་ལེན་དང་གསར་གཏོད་གསར་སྐྲུན་ལ་བྱས་རྗེས་བཞག་སྟེ།མཚོ་སྐོར་བྱང་འགྲམ་གྱི་ལྷོ་དྲོ་བྱང་འཁྱགས་ཀྱི་རྣམ་པ་ལས་བརྒལ་ཏེ་གོམ་སྟབས་གསར་བ་བསྒྱུར་དགོས།

图片

     图片   

    མ་འོངས་པར།རྐང་ཚ་རྫོང་གིས་ད་རེས་ལྟ་སྦྱོང་ཀྱི་གོ་སྐབས་འདི་སྤྱད་ནས་སྐྱེ་ཁམས་ཀྱིས་ཡུལ་སྐོར་སྤུས་ཚད་མཐོ་རུ་གཏོད་པ་དང་ཡུལ་སྐོར་གྱིས་སྐྱེ་ཁམས་ཀྱི་རིན་ཐང་སྔོག་འདོན་བྱེད་པར་རྒྱུན་འཁྱོངས་བྱས་ཏེ། དུས་ཚིགས་ཧྲིལ་བོ་དང་། ས་ཁོངས་ཧྲིལ་བོ། དུས་སྐབས་ཧྲིལ་བོ་བཅས་ཀྱི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་མཚོ་སྔོན་པོའི་དཔེ་སྟོན་ས་ཁུལ་གྱི་ལས་གཞི་མགྱོགས་མྱུར་ངང་བསྐྲུན་ནསམཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་སྤུས་ལེགས་ཚོང་རྟགས་དེ་ཞིང་ཆེན་ཡོངས་ཀྱི་དང་ལེན་དང་།རྒྱལ་ཡོངས་སུ་བསྐྱོད་རྒྱུ་སྐུལ་འདེད་བཏང་སྟེ།སྐྱེ་ཁམས་ཡུལ་སྐོར་གྱི་རྫོང་སྟོབས་ལྡན་ཞིག་འཛུགས་པའི་དམིགས་འབེན་མངོན་འགྱུར་བྱ་དགོས། 


ཡིག་སྒྱུར་བ། ལྷ་ཆེན་རྡོ་རྗེ།