2023ལོའི་མཚོ་སྔོན་པོ་རྐང་བགྲོད་འགྲན་བསྡུར་ལ།རྐང་ཚ་ནས་ཐུག་པར་རེ་སྒུག་ཡོད།
发布时间:2023年10月19日 消息来源:


2023ལོའི་མཚོ་སྔོན་པོ་རྐང་བགྲོད་འགྲན་བསྡུར་ལ།རྐང་ཚ་ནས་ཐུག་པར་རེ་སྒུག་ཡོད།

  ཡོང་ཁུངས།  རྫོང་སྲིད་གཞུང་གཞུང་ལས་ཁང་། རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུ། 

  དགུ་པའི་ཚེས་དགུའི་དུས་ཆེན་ཐོན་ལ་ཉེ་བའི་སྐབས་འདིར་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་མཚོ་བྱང་གི་རྫོང་བཞིས་གཉེར་སྒྲུབ་འགན་འཁུར་བའིགསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་གང་ལེགས་བྱེད།དགུ་པའི་ཚེས་དགུའི་སྲོལ་རྒྱུན་དར་སྤེལ་གཏོང་།དག་སྣང་མཚོ་བྱང་པང་བར་རྐང་ཐང་བསྐྱོདཅེས་པའི2023ལོའི་མཚོ་བྱང་ཁུལ་གྱི་རྐང་ཐང་བསྐྱོད་མཐོ་སར་འཛེག་པའི་མུ་འབྲེལ་བྱ་འགུལ་གྱི་གསར་འགྱུར་ཡོངས་སྒྲོག་ཚོགས་འདུ་ཟི་ལིང་དུའཚོགས།རྐང་ཚ་རྫོང་ཨུའི་རྒྱུན་ཨུ།རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་བློ་མཐུན་ཅིས་ཧྲི་ཝེ་ཡིས་གསར་འགྱུར་ཡོངས་སྒྲོག་ཚོགས་འདུའི་ཐོག2023ལོའི་རྐང་ཚ་ཡི་དགུ་པའི་ཚེས་དགུའི་དུས་ཆེན་རྐང་ཐང་བསྐྱོད་འགྲན་བསྡུར་ཆེན་མོའིའགྲན་བསྡུར་གྲ་སྒྲིག་དང་འགྲན་ཞུགས་ཁྱབ་ཁོངས།བྱ་དགའི་མ་དངུལ་བཀོད་སྒྲིགམི་སྣ་འགན་ལེན།མཁོ་སྒྲུབ་ཞབས་ཞུསོགས་དྲིལ་སྒྲོག་ངོ་སྤྲོད་བྱས།

图片 2023ལོའི་རྐང་ཚ་ཡི་དགུ་པའི་ཚེས་དགུའི་དུས་ཆེན་རྐང་ཐང་བསྐྱོད་འགྲན་བསྡུར་ཆེན་མོ་དེསྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་བཅངས་ནས།མཚོ་སྔོན་པོ་ལྷ་ཆབ་ཁུགས་ལ་རྐང་ཐང་དུ་བསྐྱོདཅེས་པའི་བརྗོད་དོན་གཙོ་བོར་བྱས་ནས།ཟླ10བའི་ཚེས23ཉིན་ཏེ་ལུགས་རྙིང་གི་ཟླ9པའི་ཚེས9ཉིན་འགོ་ཚུགས་པ་དང་བྱེད་སྒོའི་ཁྲོད་ད་དུང་དམངས་ཁྲོད་ཀྱི་མཚོ་གཏེར་འབུལ་བ་དང་རིག་རྩལ་འཁྲབ་སྟོན།རྟ་བཞོན་འཁྲབ་སྟོན་སོགས་བྱེད་སྒོ་ཁག་གསུམ་བཀོད་སྒྲིག་བྱས་ཡོད།ད་ཐེངས་ཀྱི་འགྲན་བསྡུར་ལམ་ཐག་ཧྲིལ་པོར་སྤྱི་ལེ6.8ཡོད་ཅིང་།ཞིང་ཆེན་ཕྱི་ནང་གི་རྒྱ་ཆེའི་རྐང་ཐང་བསྐྱོད་པར་དགའ་མཁན་ལ་ཕྱོགས་ནས་སྐྱེས་པ་གཞོན་དར་ཚོ་ཆུང་དང་བུད་མེད་གཞོན་དར་ཚོ་ཆུང་།སྐྱེས་པ་རྒན་པ་ཚོ་ཆུང་དང་བུད་མེད་རྒན་པ་ཚོ་ཆུང་བཅས་ཚོ་ཆུང་བཞི་བཙུགས་པར་སོ་སོར་ཨང་བཅུ་པའི་བར་དུ་དགའ་རྟགས་ཡོད།ཨང་དང་པོར་བྱ་དགའི་མ་དངུལ་སྒོར3000དང་།ཨང་གཉིས་པ་ནས་ཨང་བཅུ་པའི་བར་དུ་བྱ་དགའི་མ་དངུལ་སྒོར2600ནས་སྒོར200བར་རིམ་བཞིན་མི་གཅིག་ལ།འགྲན་བསྡུར་ནང་ཞུགས་འདོད་ཡོད་པའི་རྐང་ཐང་བསྐྱོད་པར་དགའ་མཁན་གྱིས་རྐང་ཚ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུར་བློ་འདྲི་བྱས་ནས་མིང་ཐོ་འགོད་ཆོག  དེ་དང་ཆབས་ཅིག་ཏུ་ཟི་ལིང་དང་དེ་བཞིན་ཟི་ལིང་ཉེ་འཁོར་གྱི་རྐང་ཐང་བསྐྱོད་པར་དགའ་མཁན་ཞུགས་རྒྱུར་སྟབས་བདེ་ཡོང་ཆེད།ཟི་ལིང་དུ་མིང་ཐོ་འགོད་ས2བཙུགས་ཡོད་པ་དེ་དག་ནི་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུ་རི་འཛེག་མཐུན་ཚོགས་དང་ཟི་ལིང་རྒྱང་སྒྲོག་བརྙན་འཕྲིན་ཁང་ཡིན། འགྲན་བསྡུར་མཇུག་སྒྲིལ་རྗེས་བྱ་དགའ་གནང་བའི་མཛད་སྒོ་འཚོགས་ནས་བྱ་དགའི་མ་དངུལ་ཡང་སྟེར་རྒྱུ།འགྲན་བསྡུར་དྲང་གཞག་དང་དྲང་བདེན།བདེ་འཇགས་དང་གོ་རིམ་ལྡན་པ་བཅས་འགན་ལེན་བྱ་ཆེད།ད་ཐེངས་ཀྱི་བྱེད་སྒོར་གསབ་སྣོན་བྱ་ཡུལ2་བཙུགས་པ་དང་།ཤན་འབྱེད་པ18དང་སྨན་བཅོས་རོགས་སྐྱོབ་མི་སྣ10དང་དང་བླངས་པ50བཅས་བཀོད་སྒྲིག་གནང་ནས་འགྲན་བསྡུར་ལ་འགན་ལེན་ཞབས་ཞུ་འདོན་སྤྲོད་བྱས

图片  མི་དམངས་ཉིན་རེའི་ཚགས་པར་དང་མི་དམངས་དྲ་བ།ཞིན་ཧྭ་གསར་འགྱུར་ཁང་།ཞིན་ཧྭ་དྲ་བ།ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།ཀྲུང་གོའི་གསར་འགྱུར་ཁང་སོགས་མཚོ་སྔོན་དུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་གི་གསར་འགྱུར་ལས་ཁུངས་དང་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་།མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་།ནུབ་མཚོ་གྲོང་ཁྱེར་ཚགས་པར།ཟི་ལིང་དགོང་དྲོ་ཚགས་པར།མདོ་ལ་རི་བོ་ཚགས་པར་ཁང་།མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་།མིན་ཡོན་རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས།ཆི་ལེན་རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས།རྐང་ཚ་རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས།དེ་བཞིན་ཧའེ་ཡན་རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས་སོགས་སྨྱན་བྱད་ལས་ཁུངས18ཀྱི་གསར་འགོད་པ་གསར་འགྱུར་ཡོངས་སྒྲོག་ཚོགས་འདུར་ཞུགས་ཡོད།