བརྗོད་དོན་སློབ་གསོ་སྦྱོང་། དམངས་ལ་ཞབས་ཞུ་སྒྲུབ།
བརྗོད་དོན་སློབ་གསོ་སྦྱོང་། དམངས་ལ་ཞབས་ཞུ་སྒྲུབ།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་འཕྲིན་བཅར་ཅུ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་ཆར་རྐང་ཚ་རྫོང་འཕྲིན་བཅར་ཅུས་ཀྱིས་དམངས་དོན་འཕྲིན་བཅར་དོན་སྒྲུབ་ཀྱི་འདུ་ཤེས་འདོན་སྤེལ་གང་ལེགས་བྱས་ནས་གྱོད་འབྲེལ་དངུལ་འབོར་སྒོར་ཁྲི90ལྷག་གི་སྐྱེལ་འདྲེན་གན་རྒྱའི་རྩོད་གཞི་ཞིག་བདེ་བླག་ངང་མཇུག་འགྲིལ། 2023ལོའི10བའི་ཚེས18ཉིན་ཤིན་ཅང་། ནང་སོག་སོགས་ས་ཁུལ་འགའ་ཤས་ནས་ཡོང་བའི་སྐྱེལ་འདྲེན་ཟོང་འཁོར་ཁ་ལོ་བ་བཞི་བཅུ་ལྷག་གིས་རྫོང་འཕྲིན་བཅར་ཁང་དུ2022ལོར་རྐང་ཚ་རྫོང་དྲོད་རླངས་མཁོ་འདོན་ཀུང་ཟིར་རྡོ་སོལ་སྐྱེལ་འདྲེན་བྱས་པའི་གླ་ཆ་ད་ལྟའི་བར་བྱིན་མེད་པའི་གནས་ཚུལ་ཞུ་གཏུག་བྱས་པ་དང་།
རང་རེའི་ལས་ཁུངས་ཀྱིས་གཏུག་བཤེར་བྱེད་པའི་མི་གྲངས་མང་བ་དང་། གནས་ཚུལ་ཅུང་ཚབས་ཆེན་ཡིན་པ་ཤེས་རྟོགས་བྱུང་མ་ཐག་འབྲེལ་ཡོད་འགོ་ཁྲིད་ལ་ཡར་ཞུ་བྱས་པ་དང་ཆབས་ཅིག་ཏུ།རྫོང་མི་དམངས་ཁྲིམས་ཁང་དང་དྲོད་འདོན་ཀུང་ཟི་སོགས་ལ་འབྲེལ་གཏུག་བྱས་ཏེ། གནས་ཚུལ་ལ་རྒྱུས་ལོན་ཡང་དག་བྱས་པ་ཡིན།《འཕྲིན་བཅར་བྱ་བའི་སྲོལ་ཡིག》དང་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་ན།
གན་རྒྱའི་རྩོད་གཞིའི་གྱོད་དོན་ཐག་གཅོད་བྱེད་ས་ནི་ཁྲིམས་འཛིན་ཐབས་ལམ་ལས་ཡིན་མོད།རྫོང་འཕྲིན་བཅར་ཅུས་དམངས་ལ་ཞབས་ཞུ་བཟང་བོ་བྱེད་པའི་འདུ་ཤེས་ཡིད་ལ་དམ་པོར་བཅངས་ནས། གྱོད་འབྲེལ་མི་སྣ་མྰ་ཆེ་གེ་མོར་ཁ་ཏ་སློབ་གསོ་གང་ལེགས་བྱས་མཐར་སྐྱེལ་འདྲེན་ཟོང་འཁོར་ཁ་ལོ་བ་བཞི་བཅུ་ལྷག་གི་ངལ་རྩོལ་གྱི་ཐོབ་ཆ་བརྩོན་ལེན་བྱེད་པའི་ཁེ་དབང་སྲུབ་སྐྱོབ་བྱས་ཏེ་འགལ་ཟླའི་རྩོད་གཞི་རྨང་ནས་འདུམ་པའོ།།