གཙོ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། ཞིན་ཧྭ་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་སྤྱི་ཟླ10པའི་ཚེས27ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་བདུན་པ་དང་། སྐབས་བཅོ་བརྒྱད་པ། སྐབས་བཅུ་དགུ་པ་བཅས་ཀྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་སྔོན་མ་བློ་མཐུན་ལི་ཁེ་ཆང་ཉེ་ཆར་ཧྲང་ཧའེ་རུ་སྐུ་ངལ་གསོ་བཞིན་ཡོད་ཅིང་། 2023ལོའི་ཟླ10པའི་ཚེས26ཉིན་གློ་བུར་དུ་སྙིང་ནད་ཕོག་པའི་དབང་གིས་ནུས་ཤུགས་གང་ཡོད་ཀྱིས་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་ཐོན་པར། སྤྱི་ཟླ10པའི་ཚེས27ཉིན་གྱི་ཆུ་ཚོད0དང་སྐར་མ10ཐོག་ཧྲང་ཧའེ་རུ་སྐུ་མྱ་ངན་ལས་འདས་པ་དང་། སྐུ་མྱ་ངན་ལས་འདས་སྐབས་དགུང་ལོ68རེད། (འདས་བརྡ་མཇུག་ཏུ་གཏང་རྒྱུ)།