ལོ་ཁྲུན་ཏོན་རང་རྫོང་དུ་ཡོང་ནས་མི་རིགས་ལས་དོན་ལ་བརྟག་ཞིབ་གནང་།
发布时间:2023年10月27日 消息来源:

ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ལོ་ཁྲུན་ཏོན་རང་རྫོང་དུ་ཡོང་ནས་

མི་རིགས་ལས་དོན་ལ་བརྟག་ཞིབ་གནང་།

   ཡིག་སྒྱུར་བ། ལྷ་ཆེན་རྡོ་རྗེ། གཙོ་སྒྲིག་པ།ཚེ་གཟུངས་སྐྱིད། ཡོང་ཁུངས།  རྫོང་ཨུ་འཐབ་ཕྱོགས་གཅིག་གྱུར་པུ།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས།


    སྤྱི་ཟླ10བའི་ཚེས23ཉིན། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ལོ་ཁྲུན་ཏོན་རང་རྫོང་དུ་ཡོང་ནས་མཚོ་སྔོན་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་དུ་བསྒྱུར་པའི་འབྲེལ་ཡོད་གཙོ་གནད་ལས་དོན་ལ་བརྟག་ཞིབ་གནང་། ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ཧན་ཅིན་ལོན་དང་། རྫོང་ཨུ་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུ་ཀྲང་ལིན་ཞན་པོ། ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་མི་རིགས་ཆོས་ལུགས་སྡེ་ཁག་གི་འབྲེལ་ཡོད་འགན་འཁུར་བ་བཅས་ཀྱིས་ལྷན་དུ་བརྟག་ཞིབ་གནང་།

图片图片 

    ལོ་ཁྲུན་ཏོན་འཁོར་དང་བཅས་པ་དཔལ་དགེ་རྐ་ཆུ་སྡེ་བ་དང་།འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བ།རྐང་ཚའི་དགོན་པ།རྐང་ཚ་རྫོང་ཀྲུང་ཧྭ་མི་རིགས་ཐུན་མོང་སྒྲིག་གཞིའི་ཉམས་ལེན་ཁང་སོགས་ཀྱི་ཡུལ་དངོས་སུ་ཞིབ་བཤེར་བྱས་པ་བརྒྱུད་ནས།དཔལ་དགེ་གྲོང་རྡལ་རྐ་ཆུ་སྡེ་བར་ཀྲུང་ཧྭ་མི་རིགས་ཐུན་མོང་སྒྲིག་གཞི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་ལྟེ་བར་བཟུང་སྟེ།ས་ཞིང་སྣོན་འཕྲི་བྱེད་པའི་རྣམ་གྲངས་འདོན་སྤེལ་གང་ལེགས་བྱས་ནས་མང་ཚོགས་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་དང་དཔལ་ཡོན་ཅན་གྱི་གྲོང་གསེབ་གསོ་སྐྱོང་བྱེད་པ།མི་རིགས་སོ་སོའི་མང་ཚོགས་ཀྱི་འབྲེལ་འདྲིས་དང་དར་སྤེལ་བཅས་ཡོང་རྒྱུར་སྐུལ་འདེད་ནན་མོ་བཏང་ཡོད། འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བས “ཉིང་བཅུད་གཅིག་དང་དོན་ཚན་ལྔ་དར་སྤེལ་དང་སྐུལ་འདེད་གཏོང་བ”བཅས་ཀྱི་བྱ་བའི་བླང་བྱ་གཞིར་བཟུང་སྟེ། མི་རིགས་སྲིད་ཇུས་སློབ་སྦྱོང་གི་བྱེད་སྒོ་ཧུར་གྱིས་རྩ་འཛུགས་བྱེད་པ་དང་།དམངས་ལ་རིག་རྩལ་བྱེད་སྒོ་སྤེལ་བ། བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ། ཁྱད་ལྡན་ཞིང་བའི་ཐོན་ལས་ཇུས་འགོད་བྱེད་པ། དམངས་ཀྱི“དཀའ་ངལ་ལ་སེམས་ཁྲལ་དང་རེ་སྙེག”ཐག་གཅོད་བྱེད་པ། གཙང་སྦྲར་གཤིབ་བསྡུར་བྱེད་པ།“དམངས་ཆིངས ”འཐུས་ཚང་དུ་གཏོང་བ། ཞབས་ཞུ་མཁོ་འདོན་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྣམ་པ་གསར་བ་རྒྱུན་ཆད་མེད་པར་གཏོད་པ་དང་།རྐང་ཚའི་དགོན་ཆེན་གྱི་དགོན་སྡེའི་དོ་དམ་གྱི“གསུམ་བཞིའི”བྱེད་སྟངས་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ནས་དགོན་སྡེའི་ལམ་ལུགས་ཁག་འཐུས་ཚང་དུ་གཏོང་བ་དང་། བདེ་འཇགས་དགོན་སྡེ་འཛུགས་སྐྲུན་ལས་དོན་བཅས་ལ་སྐུལ་འདེད་བཏང་སྟེ།རྫོང་ཡོངས་ཀྱི་མི་རིགས་འཆམ་མཐུན་དང་།ཆོས་ལུགས་ཞི་མཐུན།སྤྱི་ཚོགས་ཞི་འཇགས་བཅས་ཡོང་བར་འགན་ལེན་བྱས་པ་རེད།

图片   

  ལོ་ཁྲུན་ཏོན་འཁོར་དང་བཅས་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་གཙོ་གནད་དང་། ཀྲུང་དབྱང་དང་ཞིང་ཆེན།ཁུལ་ཨུའི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་ལག་བསྟར་བྱེད་པ།ཡང་དག་པའི་བསམ་བློའི་རིགས་གཞུང་དང་ཚོགས་འདུའི་དགོངས་དོན་སྤྱད་དེ་ལག་ལེན་དང་མཛུབ་ཁྲིད་བྱེད་པ།ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་གཞིར་བྱས་ཏེ་མི་རིགས་ས་ཁུལ་གྱི་ལས་དོན་ཁག་ཡག་པོ་བསྒྲུབ་དགོས་པ་དང་། “མི་རིགས་མཐུན་སྒྲིལ”མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་ཏུ་གཏོང་བ། སྤུས་ལེགས་ཚོང་རྟགས་སྔར་ལས་རྒྱ་སྐྱེད་དང་གཏིང་ཟབ་ཏུ་བཏོད་ནས།མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་གཏིང་ཟབ་དང་ནན་ཏན་གྱིས་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས།ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བཀོལ་སྤྱོད་ཀྱི་ནུས་པ་དང་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་ལས་དོན་སྒྲུབ་པའི་བྱེད་ཐབས་སྔར་བས་འཚོལ་ཞིབ་བྱས་ཏེ།ལས་དོན་ཁག་དུས་གཅིག་ཏུ་མཉམ་འདྲེས་བྱས་ནས་མཚོ་སྔོན་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་དུ་བསྒྱུར་ཆེད་ཧུར་ཐག་གིས་འབད་འབུངས་བྱ་དགོས་པར་ནན་གྱིས་བསྟན།