ཧྲན་ཏུང་ནས་མཚོ་སྔོན་བར་གྱི་ཟོང་འདྲེན་མེ་འཁོར་གཏོང་མགོ་བརྩམས་པ།
发布时间:2023年11月02日
消息来源:


ཧྲན་ཏུང་ནས་མཚོ་སྔོན་བར་གྱི་ཟོང་འདྲེན་མེ་འཁོར་བདེ་བླག་ངང་ཤར་གཏོང་ཐུབ་པར་སྐུལ་འདེད་གཏོང་ཆེད། མཚོ་བྱང་ཁུལ་གྱིས་ཧྲན་ཏུང་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་ཏང་སྲིད་མགོ་ཁྲིད་གཙོ་བོའི་མཛུབ་སྟོན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཤིང་། ཏང་སྲིད་འཐུས་ཚབ་ཚོགས་པ་ཐེངས་མང་པོར་བཙུགས་ཏེ་ཧྲན་ཏུང་ཞིང་ཆེན་ལིན་དབྱི་གྲོང་ཁྱེར་དུ་སོང་ནས་སྦྲེལ་མཐུད་སྙན་ཞུ་བྱས་པ་དང་། ཧྲན་ཏུང་གི་ཁག་ལྔ་པའི་མཚོ་སྐྱོར་ལས་བྱེད་པའི་དོ་དམ་ཚན་ཆུང་གིས་འབྲེལ་ཟམ་དང་རྒྱུས་ལོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རང་འགུལ་ངང་འགན་འཁྲི་འཁུར་བ་དང་། རོགས་སྐྲུན་ཐབས་ལམ་གསར་གཏོད་བཅས་བྱས་ལ། ད་ལོར་ཧྲན་ཏུང་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་བྱས་ཏེ་སྒོར་ཁྲི9000ཙམ་གྱིས་མཚོ་བྱང་གི་ཞིང་ཕྱུགས་ཐོན་རྫས་ཉོ་སྒྲུབ་བྱས། ཧྲན་ཏུང་དབྱི་མོང་འགྲིམ་འགྲུལ་མ་འཇོག་འཕེལ་རྒྱས་སྡེ་ཚོགས་དང་མཉམ་འབྲེལ་སྒོས་ཧྲན་ཏུང་ནས་མཚོ་སྔོན་བར་གྱི་ཟོང་འདྲེན་མེ་འཁོར་ཕྱོགས་གཉིས་སུ་གཏོང་བར་འཆར་འགོད་བྱས། “ཚོང་འགྲུལ་དང་མཛོད་རྒྱུགས”གཞི་གཅིག་ཅན་གྱི་རྣམ་གྲངས་ལག་བསྟར་བྱས་ཏེ་ཤར་ནུབ་རྒྱུད་ཀྱི་ཚོང་དོན་ཟོང་འགྲེམས་བགྲོད་ལམ་ཆེན་མོ་གཏོད་པར་གཞོལ་ནས“རྒྱུད་གཅིག་ལམ་གཅིག”གི་ཐོན་ལས་ཀྱིས་མཚོ་སྔོན་རོགས་སྐྱོར་བྱེད་སྟངས་གསར་པ་འཚོལ་ཞིབ་དང་། ཁ་གཏད་རོགས་སྐྱོར་ས་ཁོངས་ཀྱི་མཉམ་ལས“རིམ་སྤོར་པར་གཞི”ནུས་ཤུགས་ཡོད་རྒུས་བཏོད་ཅིང་། ཧྲན་ཏུང་དང་མཚོ་སྔོན་གྱི་མཉམ་ལས་བརྗེ་རེས་ཀྱི་བྱེད་ཐབས་གསར་པ་དང་ཟོང་རྟགས་གསར་པ་བསྐྲུན་ནས་ཧྲན་ཏུང་དང་མཚོ་སྔོན་ས་ཁུལ་གཉིས་ཀྱི་ཐོན་ཁུངས་ལེགས་ཆ་ཕན་ཚུན་གསབ་རེས་དང་ཚོང་དོན་འཁོར་རྒྱུག་གི་ཐབས་ལམ་རྒྱ་བསྐྱེད་པར་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་བཏིང་། གོམ་སྟབས་རྗེས་མར། ཧྲན་ཏུང་ནས་མཚོ་སྔོན་བར་གྱི་ལྕགས་ལམ་ཟོང་འདྲེན་མེ་འཁོར་གཏོང་ཐེངས་རིམ་བཞིན་ཇེ་མང་དུ་བཏང་ནས་རྒྱུན་རྣམ་ཅན་གྱི་གཉེར་སྐྱོང་ཐུབ་པར་བྱེད་པ་དང་། ཧྲན་ཏུང་དང་མཚོ་སྔོན་ས་ཁུལ་གཉིས་ཀྱི་སྤྱི་པའི་ལྕགས་ལམ་མཉམ་འདྲེན་གྱི་ཟོང་འདྲེན་མ་ལག་ཧུར་ཐག་གིས་བསྐྲུན་ནས་ཁ་གཏད་རོགས་སྐྱོར་གྱི་མཉམ་ལས་བརྗེ་རེས་སྔར་བས་གཏིང་ཟབ་དང་ཁྱབ་ཁོངས་སྔར་བས་ཆེ་བ། ཆུ་ཚད་སྔར་བས་མཐོ་བ་བཅས་ཀྱི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་རྒྱུ་རེད། རླབས་ཕྲེང་དགུང་དུ་འཕྱུར་བའི་མཚོ་སྔོན་པོ་དང་མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོ་ཞེས་པའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་ཟོང་རྟགས་ལེགས་པོར་སྤྱད་དེ་མཚོ་བྱང་གི་ཞིང་ཕྱུགས་ཐོན་རྫས་དང་སྤུས་ལེགས་ཐོན་རྫས་སྔར་བས་མང་པོ་ཧྲན་ཏུང་དུ་བྲིན་ཚོང་བྱ་རྒྱུ་རེད། མཚོ་བྱང་ཁུལ་གྱིས་ཧྲན་ཏུང་ནས་མཚོ་སྔོན་བར་གྱི་ཟོང་འདྲེན་མེ་འཁོར་ཤར་གཏོང་ཐུབ་པ་གོ་སྐབས་སུ་བཟུང་ནས་འབྲེལ་མཐུད་མཉམ་ལས་ལ་མུ་མཐུད་དུ་ཤུགས་སྣོན་པ་དང་སྐྱེ་ཁམས་སྲུང་སྐྱོབ་དང་ནུས་རྒྱུ་གཙང་མ། ཞིང་ཕྱུགས་ཐོན་ལས་སོགས་ཁྱབ་ཁོངས་ལ་དམིགས་ནས་མཉམ་ལས་གཏིང་ཟབ་སྒོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ནས་སྒྲིག་བཀོད་འབྲེལ་མཐུད་དང་དཔལ་འབྱོར་ཚོང་དོན་གཉིས་ཕན། ཐོན་ལས་ཕན་ཚུན་སྐུལ་འདེད་བཅས་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། ཁ་གཏད་རོགས་སྐྲུན་གྱིས་རི་ཆུ་བརྒལ་བའི“འགྲིམ་འགྲུལ་ཚོགས་པ”དང་གཉིས་ཁེ་གཉིས་ཕན་གྱི“དཔལ་འབྱོར་ཚོགས་པ”མཉམ་དུ་བཏོད་ནས་ཁ་གཏད་མཚོ་སྐྱོར་དང་མཚོ་སྐྱོར་མཉམ་ལས་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། མཚོ་བྱང་གི་ཐོན་ལས་ཟོང་རྟགས་བཏོད་པ་དང་ལེགས་ཆ་འཛོམས་པ། ཚད་གཞི་ལྡན་པ་བཅས་བྱས་ནས་ས་ཁུལ་གཉིས་ཀྱི་བརྗེ་རེས་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་གསར་པ་ཐོབ་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་རེད།

མཛད་སྒོའི་སྟེང་། ཧྲན་ཏུང་དབྱི་མོང་འགྲིམ་འགྲུལ་མ་འཇོག་འཕེལ་རྒྱས་སྡེ་ཚོགས་ཀྱི་ལས་འཛིན་པ་ཁྲིན་ཆིན་ཚུན་གྱིས་ཧྲན་ཏུང་ནས་མཚོ་སྔོན་བར་གྱི་ཟོང་འདྲེན་མེ་འཁོར་གྱི་གནས་ཚུལ་ངོ་སྤྲོད་བྱས་ཤིང་། མཛད་སྒོར་ཞུགས་པའི་མགོ་ཁྲིད་དང་མཉམ་དུ“ཧྲན་ཏུང་ནས་མཚོ་སྔོན་བར་གྱི་ཟོང་འདྲེན་མེ་འཁོར”དངོས་སུ་གཏོང་མགོ་བརྩམས་པའི་དུང་བརྡ་བརྒྱབ།

མཚོ་བྱང་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་དང་། ཧྲན་ཏུང་གི་མཚོ་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣའི་འཐུས་མི། ལིན་དབྱི་གྲོང་ཁྱེར་དང་ལན་ཧྲན་ཆུས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་། ས་གནས་ལྕགས་ལམ་སྡེ་ཁག་གི་འགན་ཁུར་བློ་མཐུན། ཟོང་འགྲེམས་ཁེ་ལས་སྐོར་ཞིག་གི་འཐུས་མི་བཅས་ཁྱོན་མི130ལྷག་མཛད་སྒོར་ཞུགས། །