གཡུ་གཞུང་རྐང་ཚའི་དམངས་གླུའི་སྒྲ་ལེན་བྱ་བ་ཡོངས་སུ་མཇུག་རྫོགས།
གཡུ་གཞུང་རྐང་ཚའི་དམངས་གླུའི་སྒྲ་ལེན་བྱ་བ་ཡོངས་སུ་མཇུག་རྫོགས།
སྤྱི་ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན་ནས་བཟུང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བའི་ལོངས་སྤྱོད་ཕུན་སུམ་ཇེ་ཚོགས་དང་ན་གཞོན་གསར་སྐྱེས་གླུ་བ་གླུ་མ་མང་པོའི་འཇོན་ཐང་སྔོག་འདོན་བྱེད་པ། བོད་ཀྱི་དམངས་གླུ་དང་གླུ་ཤགས། བཤད་པ་སོགས་ཡུལ་སྲོལ་རིག་གནས་མང་པོ་འཚོལ་སྡུད་བྱ་ཆེད་དུ། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་རིག་གནས་ཁང་དང་མཉམ་འབྲེལ་གྱིས་ས་གནས་གླུ་བ་གླུ་མ་མང་པོ་ཕྱོགས་གཅིག་ཏུ་བསྡུས་ནས། དམངས་གླུ་སོགས་དམངས་ཁྲོད་ངག་རིག་སྒྱུ་སྩལ་སྣ་ཚོགས་སྒྲ་ལེན་པའི་བྱ་འགུལ་སྤེལ།
ཉིན་ལྔ་ཡི་རིང་ལ་བསྡོམས་པས་དམངས་གླུ་དང་གླུ་ཤགས། ཇ་བཤད། མག་བཅིངས། རངས་བཤད་སོགས་ཉིས་བརྒྱ་ལྷག་སྒྲ་བླངས་པ་དང་། སྒྲ་ལེན་པའི་གོ་རིམ་ཁྲོད་དུ་ན་གཞོན་གསར་སྐྱེས་གླུ་བ་གླུ་མ་མང་པོས་གླུ་ངག་སྒྱུ་རྩལ་ལ་དགའ་བའི་དུང་ཞེན་དང་།སློབ་སྦྱོང་དང་ཚོད་ལྟའི་བརྩོན་སེམས་ཀྱིས་མི་སེམས་འགུལ་བར་བྱས་སོང་།
ཐེངས་འདིའི་དམངས་ཁྲོད་ངག་རིག་སྒྱུ་རྩལ་སྒྲ་ལེན་པའི་བྱ་འགུལ་ཁྲོད་དུ་མི་སྣ་སུམ་ཅུ་ལྷག་ཞུགས་ཡོད། གཡུ་གཞུང་རྐང་ཚ་ས་ཆར་མཚོན་ན་དམངས་གླུ་དང་གླུ་ཤགས། གཉེན་བཤད་སོགས་ཀྱི་རྨང་གཞི་མཐུག་ཞིང་། ས་གནས་རང་གི་ཁྱད་ཆོས་ཀྱིས་ཕྱུག་འདུག རྫོང་རིག་གནས་ཁང་གིས་ཉིན་ལྔའི་རིང་གི་དམངས་གླུའི་ཟབ་སྦྱོང་དང་སྒྲ་ལེན་པའི་བྱ་འགུལ་ཡོངས་སུ་མཇུག་རྫོགས་རྗེས། དམངས་གླུའི་འགྲན་སྡུར་གྱི་བྱ་འགུལ་སྤེལ།