རྐང་ཚ་རྫོང་གི་ཏང་སྲིད་འཐུས་ཚབ་ཚོགས་པ་པིང་ཀྲོའུ་གྲོང་ཁྱེར་པའོ་ཞིང་རྫོང་དུ་རྟོག་ཞིབ་སློབ་སྦྱོང་བྱེད་པར་ཕྱིན།
发布时间:2023年11月09日 消息来源:

རྐང་ཚ་རྫོང་གི་ཏང་སྲིད་འཐུས་ཚབ་ཚོགས་པ་པིང་ཀྲོའུ་གྲོང་ཁྱེར་པའོ་ཞིང་རྫོང་དུ་རྟོག་ཞིབ་སློབ་སྦྱོང་བྱེད་པར་ཕྱིན།


    རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 


ཉེ་ཆར། རྐང་ཚ་རྫོང་ཨུའི་ཧྲུའུ་ཅི་ཀྲུའུ་ཁྲིན་ཆིན་གྱིས་རྐང་ཚ་རྫོང་གི་ཏང་སྲིད་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་ནས་པིང་ཀྲོའུ་གྲོང་ཁྱེར་པའོ་ཞིང་རྫོང་དུ་རྟོག་ཞིབ་སློབ་སྦྱོང་བྱས།


རྟོག་ཞིབ་ཚོགས་པ་སྔ་རྗེས་སུ་ཧྲན་ཏུང་ཅིན་པེ་ཐུ་ཐབ་ཆས་ཚད་ཡོད་སྤྱི་གཉེར་དང་ཀྲུང་གོའི་རིག་ནུས་ཐབ་ཚང་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས། མ་ཏ་མཚེའུ་རྒྱལ་ཁབ་བརླན་ས་སྤྱི་གླིང་། ཀྲུང་གོའི་ལྕང་བསླས་གསར་གཏོད་རིག་གནས་ཐོན་ལས་གླིང་སོགས་སུ་ཕྱིན་ཏེ་ཡུལ་དངོས་སུ་རྟོག་ཞིབ་སློབ་སྦྱོང་བྱས་ཤིང་། པའོ་ཞིང་རྫོང་གི་རིག་གནས་གནས་སྐོར་འཕེལ་རྒྱས་དང་ཐོན་ལས་འཕེལ་རྒྱས། གྲོང་གསེབ་དར་སྤེལ། སྐྱེ་ཁམས་སྲུང་སྐྱོང་། དམངས་འཚོ་འགན་ལེན་སོགས་ཀྱི་བྱ་བའི་ཐད་རྒྱུས་ལོན་བྱས།

དེ་དང་ཆབས་ཅིག རྐང་ཚ་རྫོང་གི་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་དང་། གསར་བརྗེའི་སློབ་གསོའི་བྱེད་སྒོ་སྤེལ་བ། ཚོང་འགུགས་མ་འདྲེན་སོགས་ཀྱི་མཉམ་ལས་ལ་སྔར་བར་ཤུགས་བསྣན་ཏེ། ཕྱོགས་གཉིས་པོའི་མཉམ་ལས་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་ཐུན་མོང་ཐོག་འབད་འབུངས་བྱེད་དགོས་པར་བསྟན།