མྰ་ཅོན་གྱིས་རུ་སྣེ་ཁྲིད་དེ་ཀྲུང་གོ་རྒྱལ་སྤྱིའི་ཞིང་ལས་ཉོ་ཚོང་ཚོགས་འདུ་སྐབས20པར་ཞུགས་པ།
发布时间:2023年11月15日
消息来源:
མྰ་ཅོན་གྱིས་རུ་སྣེ་ཁྲིད་དེ་ཀྲུང་གོ་རྒྱལ་སྤྱིའི་ཞིང་ལས་ཉོ་ཚོང་ཚོགས་འདུ་
སྐབས20པར་ཞུགས་པ།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་སྲིད་དོན། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
རྐང་ཚ་རྫོང་གི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་ཚོང་ར་སྔར་ལས་རྒྱ་ཆེར་བསྐྱེད་པ་དང་།མཁོ་འཚོང་ལས་སྟེགས་བསྐྲུན་པ།ཐོན་སྐྱེད་དང་ཕྱིར་འཚོང་སྦྲེལ་མཐུད་སྒྲིག་འཛུགས་བྱེད་པ།ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་གཅིག་བསྡུས་ཀྱིས་ངོ་སྤྲོད་བྱེད་པ།ཁེ་ལས་ཀྱི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ།ཐོན་ལས་ཀྱི་རྣམ་པ་རྒྱུས་མངའ་ལོན་པ་བཅས་བྱ་ཆེད། 2023ལོའི་ཟླ11པའི་ཚེས9ཉིན་རྫོང་དཔོན་གཞོན་པ་མྰ་ཅོན་གྱིས་རྫོང་ཞིང་ཕྱུགས་ཅུ་དང་རོགས་སྐྱོར་འཛུགས་སྐྲུན་གཞུང་ལས་ཁང་།རྣམ་སྲས་ཚོང་དོན་ཚད་ཡོད་ཀུང་སི།ཡོན་ཤིན་ཚོང་དོན་སོགས་འབྲེལ་ཡོད་སྡེ་ཁག་དང་ཁེ་ལས་སྣེ་ཁྲིད་དེ་ཀྲུང་གོ་རྒྱལ་སྤྱིའི་ཞིང་ལས་ཉོ་ཚོང་ཚོགས་འདུར་ཞུགས་པ། འགྲེམ་ཚོགས་དེ་ཞིང་ལས་ཞིང་སྡེ་པུ་དང་ཧྲན་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་འབྲེལ་བྱས་ནས་གཉེར་བ་ཞིག་ཡིན་པ་དང་།དེ་ནི་རང་རྒྱལ་ལ་དབང་གྲགས་རང་བཞིན་ཆེ་ཤོས་དང་རྒྱལ་སྤྱི་ལ་ཤུགས་རྐྱེན་ཐེབས་པ་ཆེ་ཤོས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ཞིང་ལས་ཚོགས་འདུ་གཟབ་རྒྱས་ཤིག་ཡིན།
ད་ཐེངས་ཀྱི་ཉོ་ཚོང་ཚོགས་འདུ་སྟེང་རང་རེའི་རྫོང་གི་ཁེ་ལས་ཀྱིས་རྐང་ཚའི་ནོར་ལུག་ཤ་དང་ནས་ཆང་། འབྲི་མོའི་འོ་ཆང་།ནོར་ཁུལ་ཐོན་རྫས།པད་སྣུམ་སོགས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་འཁྱེར་ཏེ་མཚོ་སྔོན་དང་རྒྱལ་ཁབ་ནུས་ཁུངས་ཚོགས་པའི་འགྲེམ་ཁང་གཉིས་སུ་འགྲེམ་སྟོན་བྱས་པ་དང་། གཅིག་བསྡུས་ཀྱིས་འགྲེམ་སྟོན་དང་ཉམས་ལེན་མྱོང་ཚོར།ཡུལ་དངོས་ནས་ངོ་སྤྲོད།ཚོང་རྟགས་དྲིལ་སྒྲོག་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་རྒྱུ་སྤུས་ལེགས་ཤིང་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་དྲིལ་སྒྲོག་དང་ངོ་སྤྲོད་བྱས་པར་ཁྱབ་གདལ་གྱི་ཕན་འབྲས་ཡག་པོ་ཐོབ་ཡོད་ལ་ཞིང་ཆེན་དང་ཐིན་གྱི་མགོ་ཁྲིད་ཀྱིས་ཀྱང་ཁས་ལེན་གང་ལེགས་བྱས། དེ་དང་ཆབས་ཅིག་ཏུ་གོང་འོག་གི་འགྲེམ་ཞུགས་ཚོང་པ་གཞན་དག་དང་སྤེལ་རེས་གཏིང་ཟབ་བྱས་པ་བརྒྱུད་ཕྱིར་འཚོང་ཐབས་ལམ་རྒྱ་ཆེར་བསྐྱེད་པ་དང་ཚོང་རྟགས་དྲིལ་སྒྲོག་བྱེད་པ།ཕྱིར་འཚོང་གི་ཞན་ཆ་གསབ་པ།ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་ཕྱིར་འཚོང་གི་ཡུན་ཕན་ལམ་སྲོལ་འཛུགས་པ། ཐོན་སྐྱེད་དང་ཕྱིར་འཚོང་སྦྲེལ་མཐུད་ཆ་འཕྲིན་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ།ཞིང་ལས་ཐོན་རྫས་ཀྱི་ཚོང་རྟགས་གཉེར་སྐྱོང་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས།དབུལ་ཐར་ས་ཁུལ་གྱི་ཐོན་ལས་ཕན་འབྲས་ཇེ་ཆེར་གཏོང་བ་དང་་ ཞིང་བའི་ཡོང་འབབ་འཕར་བ།གྲོང་གསེབ་དར་སྤེལ་འགྲོ་བར་འདེགས་སྐྱོར་གྱི་ནུས་པ་ཐོན་ཡོད།
དེའི་རིང་མཱ་ཅོན་གྱིས་ཧྥིན་ཧུང་འགྲེམ་ཚོགས་དང་ཞིང་བའི་ཉིན་རེའི་ཚགས་པར་གྱི་སྨྱན་སྦྱོར2ཀྱི་བཅར་འདྲི་དང་ལེན་བྱས་པ་དང་རྐང་ཚ་རྫོང་གི་ཞིང་ཕྱུགས་ལས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དང་ས་བབ་ཀྱི་དགེ་མཚན།ཐོན་ལས་ཀྱི་རྨང་གཞི་སོགས་ཐད་ནས་རང་རེའི་རྫོང་གི་ཕྱུགས་ལས་འཕེལ་རྒྱས་དང་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་གནས་ཚུལ་ངོ་སྤྲོད་བྱས། གཞན་ཡང་།“རྫོང་ཁག་སྟོང་དང་ཐོན་རྫས་ཁྲི་ཡི་ཚོང་དོན་ངོ་སྤྲོད་ཆེད་དོན་བྱེད་སྒོའི”ཡུལ་དངོས་སུ་མཱ་ཅུན་གྱིས་རང་རེའི་རྫོང་གི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་ཀྱང་ངོ་སྤྲོད་ཡག་པོ་བྱས་སོང་།