བཀྲ་ཤིས་བག་དྲོས་ཨང་དང་པོ་བླངས་འདུག
发布时间:2023年11月22日 消息来源:


བཀྲ་ཤིས་བག་དྲོས་ཨང་དང་པོ་བླངས་འདུག

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས།  མི་དམངས་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

  ཉེ་ཆར་རྒྱལ་ཡོངས་སློབ་མའིགཞོན་ནུལུས་རྩལ་འགྲན་ཚོགས་སྐབས་དང་པོ་ཚུགས་པའི་མཆོང་རྒྱུག་འཕེན་གསུམ་རྣམ་གྲངས་ཀྱི་སློབ་ཆེན་ཁ་པའི་ཚོགས་ཆུང་སྐྱེས་པའི་སྨི3000གི་བཀག་རྒྱའི་མཐའ་བསྡུར་ནང་། བོད་ཀྱི་བདམས་ཐོན་པ་བཀྲ་ཤིས་བག་དྲོས་མཐའ་མའི་རྒྱུག་འཁོར་ནང་སྐར་མ9དང་སྐར་ཆ04དང་ཚགས23གྱི་གྲུབ་འབྲས་བླངས་ནས་ཨང་དང་པོ་ཐོབ་པ་རེད།

图片

   བཀྲ་ཤིས་བག་དྲོ་ནི་བོད་ལྗོངས་མི་རིགས་སློབ་ཆེན་ལུས་རྩལ་སློབ་གླིང་གི2021རིམ་པའི་ལུས་རྩལ་སློབ་གསོའི་ཆེད་ལས་སུ་སློབ་སྦྱོང་བྱེད་བཞིན་པ་དང་། ད་ཐེངས་ཨང་དང་པོ་ཐོབ་པ་འདི་ནི་བོད་ལྗོངས་སློབ་གྲྭའི་ཚོགས་ཆུང་གི་འཐུས་མི་ཚོགས་པར་གཞོན་ནུའི་འགྲན་བསྡུར་སྐབས་དང་པོའི་ཐོག་གསེར་གྱི་རྟགས་མ་ཐོབ་པ་ཐོག་མ་ཡིན་ལ། རྒྱལ་ཡོངས་ཀྱི་སློབ་མའི་ལུས་རྩལ་འགྲན་ཚོགས་ཐོག་བོད་ཀྱི་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་ཨང་དང་པོའང་ཡིན་པ་དང་། བོད་ལྗོངས་མི་རིགས་སློབ་ཆེན་ལུས་རྩལ་སློབ་གླིང་གི“ལུས་རྩལ་དང་སློབ་གསོ་མཉམ་འདྲེས”ཀྱི་ཚད་བརྒལ་གལ་ཆེན་ཞིག་ཀྱང་ཡིན་པས། བོད་ལྗོངས་ཀྱི་སློབ་གྲྭའི་ལུས་རྩལ་འཕེལ་རྒྱས་ལོ་རྒྱུས་ཐོག་བཀྲག་མདངས་འཚེར་ས་གལ་ཆེན་ཞིག་ཏུ་གྱུར་ཡོད། 

图片

图片