ཤ་བོ་སྐྱབས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་མཚོ་བྱང་གཞི་གྲངས་ཅན་གྱི་འགྲེམས་ཁང་དང་ཞིང་ཆེན་ནང་བསྟན་སློབ་གླིང་མཚོ་བྱང་ཡན་ལག་སློབ་གླིང་དུ་བསྐྱོད་དེ་བརྟག་ཞིབ་གནང་པ།
发布时间:2023年11月22日
消息来源:
ཤ་བོ་སྐྱབས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་མཚོ་བྱང་གཞི་གྲངས་ཅན་གྱི་འགྲེམས་ཁང་དང་ཞིང་ཆེན་ནང་བསྟན་སློབ་གླིང་མཚོ་བྱང་ཡན་ལག་སློབ་གླིང་དུ་བསྐྱོད་དེ་བརྟག་ཞིབ་གནང་པ།རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་མཚོ་བྱང་གཞི་གྲངས་ཅན་གྱི་འགྲེམས་ཁང་དང་ཞིང་ཆེན་ནང་བསྟན་སློབ་གླིང་མཚོ་བྱང་ཡན་ལག་སློབ་གླིང་དུ་བསྐྱོད་དེ་བརྟག་ཞིབ་གནང་སྐབས། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱིས་མི་རིགས་མཐུན་སྒྲིལ་གསར་སྐྲུན་བྱ་བ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པའི་དམིགས་ཚད་གཏན་འཁེལ་བྱས་ནས“ཐུན་མོང་གཉིས”དང“ཁ་འབྲལ་ཐབས་མེད་པ་གསུམ” “ངོས་འཛིན་བཞི”དང“གཅིག་མཐུན་ལྔ”ལ་སྐུལ་འདེད་བཏང་སྟེ་དྲིལ་སྒྲོག་སློབ་གསོའི་གཡུལ་ས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།
ཤ་བོ་སྐྱབས་ཀྱིས་གཅིག་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྐྱེད་པ་གཙོ་རྐང་དུ་བྱས་ནས་ཚན་རིག་དང་མཐུན་པའི་ངང་གཞི་གྲངས་ཅན་གྱི་འགྲེམས་ཁང་གི་འགྲེམས་སྟོན་ནང་དོན་འཆར་འགོད་དང་བཀོད་སྒྲིག་བྱས་ཏེ་གཞི་རྟེན་གསར་གཏོད་དང་བརྗོད་དོན་མངོན་གསལ་དོད་པོ་ཡོང་བ་བྱས་ནས་གཞི་གྲངས་ཅན་གྱི་འགྲེམས་ཁང་གི་ཡིད་དབང་འཕྲོག་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས་མུ་མཐུད་ཆེ་རུ་གཏོང་དགོས། གཉིས་ནས་མཚོ་བྱང་ཁུལ་གྱི་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་དཔེ་མཚོན་སློབ་གསོའི་ས་ཚིགས་བསྐྲུན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་ཞིང་ཆེན་ནང་བསྟན་སློབ་གླིང་མཚོ་བྱང་ཡན་ལག་ཁང་གི་བར་ཁྱམས་སོགས་ཀྱི་བར་མཐོངས་གང་ལེགས་བེད་སྤྱད་དེ་རིག་གནས་བར་ཁྱམས་དང་སློབ་སྦྱོང་བྱ་ཡུལ་བཀོད་སྒྲིག་བྱེད་པ་དང་། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ལོ་རྒྱུས་དང་ཆོས་ལུགས་ཀྱི་ཆོ་ག་སྒྲོག་བཤད་ཡག་པོ་བྱས་ཏེ་རྒྱ་ཆེའི་གྲྭ་བཙུན་རྣམས་ལ་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཐད་ཀྱི་རྒྱལ་ཁབ་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་ཤེས་སུ་འཇུག་དགོས། གསུམ་ནས་ལོ་རྒྱུས་ཀྱི་རིག་གནས་རྒྱུན་མཐུད་བྱ་རྒྱུར་སྣང་ཆེན་བྱས་ནས་མཚོ་བྱང་གི་ལོ་རྒྱུས་དུས་སྐབས་སོ་སོའི་མི་རིགས་ཁག་དབར་གྱི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ཀྱི་སྲོལ་རྒྱུན་བཟང་པོ་དང་རིག་གནས་རྩ་ཆེན་སྔོག་འདོན་གཏིང་ཟབ་བྱེད་པ་དང་། མཚོ་བྱང་གི་རྒྱང་སྐྱོད་རིག་གནས་སྤྱི་གླིང་དང་རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་། དར་གོས་ཚོང་ལམ་གྱི་མཚོ་སྔོན་ཚོང་ལམ་སོགས་བརྒྱུད་རིམ་ཁྲོད་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་པ། ནུབ་མཚོ་ཅུན་དང་། ཡུང་ཨན་གནའ་གྲོང་། དཔལ་དགེ་གནའ་གྲོང་། མཁར་དམར་གནའ་གྲོང་། དེ་བཞིན་གངས་ལུང་བྲག་ཕུག་སོགས་ཀྱི་རིག་གནས་ཤུལ་བཞག་གང་ལེགས་བེད་སྤྱོད་དང་གསོན་ཤུགས་བསྩལ་ཏེ་ལོ་རྒྱུས་རིག་གནས་རྒྱུན་འཛིན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད་ཡག་པོ་བརྗོད་པ་ཟུང་འབྲེལ་བྱས་ནས། རིགས་སོ་སོའི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་འཛིན་པའི་ངོས་འཛིན་མུ་མཐུད་ཆེ་རུ་གཏོང་དགོས། བཞི་ནས་ཞིང་ཆེན་ནང་བསྟན་སློབ་གླིང་མཚོ་བྱང་ཡན་ལག་སློབ་གླིང་གི་མལ་ཁང་དང་སློབ་ཁྲིད་སོགས་སྒྲིག་བཀོད་ཆ་ཚང་ཡིན་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཞིང་ཆེན་ཕྱི་ནང་གི་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱི་ལས་བྱེད་པའི་གསོ་སྦྱོང་བྱ་བ་སྤེལ་བ་དང་། རྒྱ་ཆེའི་དད་ལྡན་མང་ཚོགས་དང་གྲྭ་བཙུན་སྒྲིག་འཛུགས་བྱས་ཏེ“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་སློབ་གསོ་ཉམས་ལེན་བྱེད་དུ་བཅུག་ནས་མཚོ་བྱང་གི་གསར་བརྗེའི་སློབ་གསོའི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱེད་དགོས་པའི་བླང་བྱ་བཏོན།

ཁུལ་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་ཚེ་བརྟན་དང་། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ། གཞུང་ལས་ཁང་གི་ཀྲུའུ་རིན་ཝང་ཡུང་ཁྲང་། ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་གཙོ་བོས་མཉམ་དུ་བརྟག་ཞིབ་གནང་།
夏吾杰赴铸牢中华民族共同体意识海北数字化展馆和省佛学院海北分院调研
近日,州委书记夏吾杰赴铸牢中华民族共同体意识海北数字化展馆、省佛学院海北分院调研时强调,州委统战部、州民宗委要锚定民族团结创建工作走在全省前列的目标,推动实践“两个共同”“三个离不开”“四个与共”“五个认同”,全力推进宣传教育阵地建设。
夏吾杰要求,一要以铸牢中华民族共同体意识为主线,科学规划、设置数字化展馆展示内容,创新载体,凸显主题,持续扩大数字化展馆吸引力和影响力。二要全力推进海北州藏传佛教爱国爱教典范教育点建设,充分利用省佛学院海北分院的楼道墙面等空间,设置文化长廊、学习园地,讲好、宣传好藏传佛教活佛转世历史定制和宗教仪轨,让广大僧侣熟知国家在活佛转世方面的政策法规。三要注重延续历史文脉,深入挖掘海北各个历史时期各民族交往交流交融的优良传统和文化积淀,梳理海北在长征文化公园、黄河国家文化公园、丝绸之路青海道等脉络中的组成部分,用足用活西海郡、永安古城、哈尔盖古城、峨堡古城以及岗龙石窟等文化遗存,将延续历史文脉与讲好民族团结进步故事有机结合起来,不断增强各族群众对伟大祖国、中华民族、中华文化、中国共产党、中国特色社会主义的认同。四要充分发挥省佛学院海北分院食宿、教学等设施完备的优势,开展省内外统战系统干部培训工作,组织广大信教群众和僧尼接受“两弹一星”精神教育,助力海北发展红色教育事业。
州委常委、统战部部长公保才旦,州委常委、秘书长、办公室主任王永昌,以及州民宗委主要负责同志陪同调研。