རྒྱལ་ཁབ་ནུས་ཁུངས་ཚོགས་པས་རྐང་ཚ་རྫོང་ལ་རོགས་སྐྱོར་བྱས་ཏེ། 2023ལོའི་བོད་འབྲེལ་ས་ཁུལ་གྱི་གཞི་རིམ་ལས་བྱེད་པའི་གྲོང་གསེབ་དར་སྤེལ་ཆེད་དོན་གསོ་སྦྱོང་འཛིན་གྲྭ་འཚོགས།
རྒྱལ་ཁབ་ནུས་ཁུངས་ཚོགས་པས་རྐང་ཚ་རྫོང་ལ་རོགས་སྐྱོར་བྱས་ཏེ། 2023ལོའི་བོད་འབྲེལ་ས་ཁུལ་གྱི་གཞི་རིམ་ལས་བྱེད་པའི་གྲོང་གསེབ་དར་སྤེལ་ཆེད་དོན་གསོ་སྦྱོང་འཛིན་གྲྭ་འཚོགས།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
རྒྱལ་ཁབ་ནུས་ཁུངས་ཚོགས་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་ལས་གྲོང་གསེབ་དར་སྤེལ་གཏོང་བའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་དང་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། གཞི་རིམ་ལས་བྱེད་པའི་གསོ་སྦྱོང་བྱེད་ཚད་ལ་ཤུགས་སྣོན་པ་དང་། གཞི་རིམ་ལས་བྱེད་པའི་འགན་འཁྲིའི་བསམ་བློ་དང་། ལས་ཀའི་ནུས་པ་རྒྱུད་མཐུད་མཐོར་འདེགས་བཏང་སྟེ། གྲོང་གསེབ་དར་སྤེལ་གཏོང་མཁན་གྱི་ཤེས་ལྡན་མི་སྣའི་འགན་སྲུང་ཇེ་བརྟན་དུ་གཏོང་ཆེད། ཉེ་ཆར། རྒྱལ་ཁབ་ནུས་ཁུངས་ཚོགས་པས་དྲ་ཐོག་བརྒྱུད་དེ་དུས་ཡུན་ཉིན25ཡི་རིང་ལ། “2023ལོའི་བོད་འབྲེལ་ས་ཁུལ་གྱི་གཞི་རིམ་ལས་བྱེད་པའི་གྲོང་གསེབ་དར་སྤེལ་གྱི་ཆེད་དོན་དྲ་ལམ་གསོ་སྦྱོང་འཛིན་གྲྭ”འཚོགས། རྐང་ཚ་རྫོང་གི་གཞི་རིམ་ལས་བྱེད་པ410གསོ་སྦྱོང་ལ་ཞུགས་ཤིང་བདེ་བླག་ངང་སློབ་མཐར་ཕྱིན།
ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭར་ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)དང་སི་ཁྲོན་གནས་སྐོར་སློབ་གླིང་། ཀྲུང་གོ་མི་དམངས་སློབ་ཆེན་སོགས་ཀྱི་ཆེད་མཁས་པ་དང་དགེ་རྒན་ཆེན་མོ་གདན་འདྲེན་ཞུས་ཡོད་ཅིང་། དགེ་རྒན་རྣམས་ཀྱིས་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་དང་། གྲོང་གསེབ་གནས་སྐོར་འཆར་འགོད་དང་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས། གྲངས་འཛིན་ཅན་གྱིས་གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་གོང་འཕེལ་དང་ཐོན་ལས་དར་རྒྱས་ལ་རྒྱབ་རྟེན་བྱེད་པ། མཚོ་བོད་མཐོ་སྒང་གི་གྲོང་གསེབ་དར་སྤེལ་གཏོང་བའི་ལམ་བུ་སོགས་ཀྱི་ཐད་ནས་སློབ་ཁྲིད་བྱས།
གསོ་སྦྱོང་གི་བརྒྱུད་རིམ་ཁྲོད་དུ། ཐོས་བསམ་ཟུང་དུ་སྦྲེལ་ཞིང་། ཆབ་སྲིད་གཞུང་ལུགས་དང་། ཏང་གཤིས་སློབ་གསོ། སྲིད་ཇུས་སྒྲོག་འགྲེལ། འཕེལ་རྒྱས་ཐབས་ལམ་སོགས་ཀྱི་ཐད་དུ་ཐོབ་བྱ་མང་པོ་ཡོད་ལ། རྗེས་ཕྱོགས་གྲོང་གསེབ་དར་སྤེལ་གཏོང་བའི་ལས་དོན་ཁྲོད་དུ་བསླབ་པ་ལག་ལེན་དུ་བསྟར་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།