རྐང་ཚ་རྫོང་གི“ཏང་འཛུགས་སྐྲུན+X”ཡིས་སྤྱི་ཚོགས་བཅོས་སྐྱོང་གི“རྨང་གཞི་དྲ་བ”བརྟན་པོར་བཏང་།
发布时间:2023年12月06日 消息来源:

རྐང་ཚ་རྫོང་གི“ཏང་འཛུགས་སྐྲུན+X”ཡིས་སྤྱི་ཚོགས་བཅོས་སྐྱོང་གི“རྨང་གཞི་དྲ་བ”བརྟན་པོར་བཏང་།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། 

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས“ཏང་འཛུགས་སྐྲུན+X”ཡི་དྲ་མིག་ཞབས་ཞུ་དཔེ་དབྱིབས་ནུས་ལྡན་གྱིས་མཐུད་སྦྲེལ་དང་ཕྱོགས་གཉིས་སུ་ཤུགས་བཏོན་པར་བརྟེན།  རྫོང་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ཐད་ཀྱི“རྨང་གཞི་དྲ་བ”བརྟན་པོར་བཏང་སྟེ། སྡེ་བའི(སྡེ་ཁུལ)སྡེ་ཚན་ཆུང་ཆུང་བཅོས་སྐྱོང་བྱེད་པའི་ཆུ་ཚད་དང་ནུས་པ་ཁྱོན་ཡོངས་ནས་ཇེ་མཐོར་བཏང་།   ཏང་འཛུགས་སྐྲུན+འགྲོ་རིམ་འཐུས་ཚང་དུ་བཏང་ནས། མཉམ་འཛིན་སྤྱི་སྒྲུབ་ཀྱི་བཀོད་སྟངས་གསར་པ་མཉམ་སྐྲུན་བྱས། “དྲ་བའི་ཁྲོད་རེའུ་མིག་ཡོད་པ་དང་རེའུ་མིག་ལྟར་ལས་གནས་གཏན་འཁེལ་བྱེད་པ། མི་རེའུ་མིག་ཁྲོད་ཡོད་པ་དང་བྱ་བ་དྲ་བའི་ཁྲོད་ཡོད་པའི”ཞབས་ཞུ་དཔེ་དབྱིབས་གཏིང་ཟབ་སྒོས་སྤེལ་བ་དང་། རྫོང་དང་ཞང་གྲོང་། སྡེ་བའི(སྡེ་ཁུལ)དྲ་མིག་གཅིག་བསྡུས་དང་དྲ་མིག་པ་སྒྲིག་སྦྱོར། ཨང་སྒྲིག་བྱ་བར་སྐུལ་འདེད་བྱེད་པ། ཡུག་ཁུལ42དབྱེ་འབྱེད་གཏན་འཁེལ་དང་། དྲ་མིག144དབྱེ་འབྱེད་བྱེད་པ། དྲ་མིག་པ246བཀོད་སྒྲིག་བྱེད་པ།  ཨང་སྒྲིག་ནུས་སྩོལ་བྱེད་པར་བརྟེན། “ཨང་ཀི་ལས་སྙན་ཞུ་དང་ཞིབ་བཤེར། ལས་སྒྲུབ། ཞབས་ཞུ་བཅས་བྱེད་པའི”དྲ་མིག་ཅན་གྱི་ཞབས་ཞུ་དོ་དམ་དཔེ་དབྱིབས་སྤྱད་ཐོག མི་སྣ་དང་གོ་རིམ། སྒྲིག་སྲོལ་བཅས་གཏན་འཁེལ་བྱས་ཏེ། བྱ་བ་སྒྲུབ་པར་དམ་འཛིན་བྱེད་མཁན་ཡོད་པ་དང་དོ་དམ་པ་ཡོད་པར་བྱས།

ཏང་འཛུགས་སྐྲུན+ལམ་ལུགས་ཚད་ལྡན་དུ་བཏང་ནས། འགན་འཁྲི་དངོས་འབེབས་ཀྱི་སྦྲེལ་ཐག་མཐུད་སྦྲེལ་བྱས། “རེའུ་མིག་དང་མི། འགན་འཁྲི། འགྲོ་རིམ། དཔྱད་ཞིབ་བཅས་གཏན་འཁེལ་བྱེད་པའི”བླང་བྱ་ལྟར། དྲ་མིག་ཞབས་ཞུའི་སྒྲིག་སྲོལ་ལམ་ལུགས16སྒྲིག་བཟོ་གཏན་འབེབས་བྱས་པ་དང་། དྲ་མིག་དོ་དམ་ཞབས་ཞུ་བྱེད་ཡུལ་གྱི་རིགས་དགར་བ་སོགས་ལ་གཞིགས་ཏེ། “འགྲོ་རིམ་བཞི”བཙུགས་པ་དང“རིས་ཤལ་ཚན་པ་ལྔ”སྒྲིག་བཟོ་གཏན་འབེབས་བྱས་པ། “རྩིས་ཐོ་རིགས་ལྔ”འཐུས་ཚང་དུ་བཏང་བ། བྱ་བའི་འཆར་གཞི་འགོད་པའི་ཚོགས་འདུ་འཛུགས་པ་དང་འགན་འཁྲི་དང་པོ་འཛིན་པ། ཆ་འཕྲིན་ཕྱིར་སློག ལྟ་སྐུལ་ལྟ་ཞིབ་སོགས་ཀྱི་ལམ་སྲོལ་ཆ་ཚང་བ་བཟོས་ཏེ། སྡེ་བའི(སྡེ་ཁུལ)དྲ་མིག་ཞབས་ཞུ་དོ་དམ་ནུས་ལྡན་ངང་སྤེལ་བར་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱས།

ཏང་འཛུགས་སྐྲུན+ནང་རྐྱེན་གསར་སྐྲུན་བྱས་ཏེ། སྤྱི་ཚོགས་བཅོས་སྐྱོང་གི་ལམ་བུ་གསར་པ་འཚོལ་ཞིབ་བྱས། སྤྱི་ཚོགས་ཀྱི་གནས་ཚུལ་སྡུད་ལེན་དང་སྲིད་ཇུས་ཁྲིམས་སྲོལ་དྲིལ་སྒྲོག འགལ་རྩོད་གྲལ་བཤེར་དང་ཐག་གཅོད། དམངས་ལ་ཕྱོགས་བསྡུས་ཞབས་ཞུ་སྒྲུབ་པ་སོགས་ཀྱི་ལམ་སྲོལ་གསར་སྐྲུན་བྱས་པར་མ་ཟད། འཁོར་རྒྱུག་དྲིལ་སྒྲོག་བྱ་འགུལ་ཐེངས45ལྷག་སྤེལ་བ་དང་།  འགལ་རྩོད་སྣ་ཚོགས117འདྲི་རྩད་དང་གྲལ་བཤེར་ཐག་གཅོད་བྱས་ལ། ཐག་གཅོད་བྱས་ཚད100%ལ་སླེབས་ཏེ། “གནད་དོན་རེར་རེའུ་མིག་རེ”དང“བྱ་བ་རེར་ཐོ་བསུབ་རེ”ཡི་རྣམ་པས་དུས་ཐོག་ཏུ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཁྲོད་གནས་པའི་དཀའ་གནད་གནད་དོན་ཚ་ཤོས་ཐག་གཅོད་བྱས། བསྡོམས་རྩིས་རགས་རིམ་ལྟར་ན། ད་ལོའི་ཚུན་དུ། སྡེ་བའི(སྡེ་ཁུལ)དྲ་མིག་གིས་མང་ཚོགས་ལ་དམངས་འཚོའི་ཁྱབ་ཁོངས་ཀྱི་ཞབས་ཞུ་ལས་དོན་སྣ་ཚོགས2400ལྷག་བསྒྲུབས་ཏེ། མང་ཚོགས་ཡིད་ཚིམ་ཚད99.5%ལ་སླེབས། །