ཁུལ་ཡོངས་ཀྱི་ནགས(རྩྭ)དཔོན་ལམ་ལུགས་བྱ་བའི་ཚོགས་འདུ་འཚོགས་པ།
ཤ་བོ་སྐྱབས་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་། ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་།
发布时间:2023年12月07日
消息来源:
ཁུལ་ཡོངས་ཀྱི་ནགས(རྩྭ)དཔོན་ལམ་ལུགས་བྱ་བའི་ཚོགས་འདུ་འཚོགས་པ།
ཤ་བོ་སྐྱབས་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་། ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས།ཚེ་བརྟན་བཀྲ་ཤིས།
ཟླ12པའི་ཚེས5ཉིན། ཁུལ་ཡོངས་ཀྱི་ནགས(རྩྭ)དཔོན་ལམ་ལུགས་བྱ་བའི་ཚོགས་འདུ་འཚོགས། ཚོགས་འདུའི་ཐོག་ཞིང་ཆེན་རིམ་པའི་སྤྱིའི་ནགས(རྩྭ)དཔོན་ཚོགས་འདུའི་དགོངས་དོན་དང་དེ་བཞིན་ཁུལ་ནགས(རྩྭ)དཔོན་གྱི་བཀའ་རྒྱ་སློབ་སྦྱོང་ལག་བསྟར་བྱས་ནས་གོམ་སྟབས་རྗེས་མའི་ནགས་རྩྭ་དཔོན་ལམ་ལུགས་བྱ་བ་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་སྤྱིའི་ནགས(རྩྭ)དཔོན་ཤ་བོ་སྐྱབས་ཀྱིས་གསུང་བཤད་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན། ཁུལ་སྤྱིའི་ནགས(རྩྭ)དཔོན་ཀྲང་ཧྲིང་ཡོན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་།

ཤ་བོ་སྐྱབས་ཀྱིས་ནགས(རྩྭ)དཔོན་ལམ་ལུགས་ཁྱབ་གདལ་བཏང་བ་ནས་བཟུང་། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ནགས(རྩྭ)དཔོན་དང་མཉམ་ལས་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་དང་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལྟར་མཐོ་ཚད་ཐོག་ནས་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་དང་འགན་ཁུར་དོན་འཁྱོལ་ལ་དམ་འཛིན། མཉམ་ཤུགས་སྐོར་ཞིབ་དོ་དམ་སྲུང་སྐྱོབ་བཅས་བྱས་པས་ཁུལ་ཡོངས་ཀྱི་ནགས(རྩྭ)དཔོན་ལམ་ལུགས་བྱ་བར་རྩ་འཛུགས་ཀྱི་སྒྲོམ་གཞི་བཙུགས་པ་དང་འཐུས་ཚང་དུ་བཏང་ཞིང་ཕྱོགས་ཡོངས་མ་ལག་དྲིལ་སྒྲོག་བྱེད་པ། དོ་དམ་སྲུང་སྐྱོབ་ཀྱི་རྣམ་པ་གསར་བ་གཏོད་པ་སོགས་ཀྱི་ཁྱད་ཆོས་མངོན་ནས་བྱ་བ་སོ་སོར་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད་པར་བསྟན།

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན་ཏེ། གཅིག་ནས་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་གཏོང་བ་དང་ནགས་རྩྭ་དཔོན་ལམ་ལུགས་ཀྱི་བྱ་བའི་བསམ་བློའི་ངོས་འཛིན་ཟབ་ཏུ་གཏོང་དགོས། “ཆེས་ཆེ་ཤོས་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་དང་ཁུལ་གྱི་གནས་ཚུལ་དངོས་ལ་གཞི་ཚུགས་ནས། གནད་དོན་ཁྲིད་ཕྱོགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་ཀྱིས་སྔར་ལས་འཐུས་ཚང་དང་སྦྲེལ་མཐུད་བདེ་པོ། འགན་འཁྲི་ཁ་གསལ་བཅས་ཀྱི་ནགས་རྩྭ་དཔོན་ལམ་ལུགས་ཀྱི་རྩ་འཛུགས་མ་ལག་དང་འགན་འཁྲིའི་མ་ལག་བཙུགས་ནས་ནགས་རྩྭ་དཔོན་ལམ་ལུགས་དེ“ཁྱོན་ཡོངས་ནས་འཛུགས་པ”ནས“ཁྱོན་ཡོངས་ནས་ཕན་འབྲས་ཐོན་པའི”བར་རིམ་སྤོར་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ནགས་རྩྭ་དཔོན་ལ་སྐད་གྲགས་ཆེ་ལ་དོན་དངོས་དེ་བས་ཡིན་པ་དང་། དོ་དམ་སྲུང་སྐྱོབ་ལ་འགན་འཁྲི་ཡོད་པ་དང་ཁ་ཕྱོགས་ལྡན་པ། ནུས་པ་འཛོམས་པ་བཅས་ཡོང་བར་བྱེད་དགོས། གཉིས་ནས་འགག་གནད་དང་དཀའ་གནད་ལ་དམིགས་ཏེ་ནགས་རྩྭ་དཔོན་ལམ་ལུགས་བྱ་བའི་དམིགས་ཚད་དང་བྱ་ཐབས་འཐུས་ཚང་དུ་གཏོང་དགོས། སྐྱེ་ཁམས་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། ཡུལ་བབ་དང་བསྟུན་པ་དང་གནད་སྨིན་ཇུས་འདོན་བྱེད་པ། ཚན་རིག་དང་མཐུན་པའི་ངང་ནགས་འདེབས་ལྗང་སྒྱུར་གྱི་ལས་དོན་སྤེལ་ནས་ནགས་ཚལ་དང་རྩྭ་ཐང་གི་ས་རྒྱ་ཟམ་མི་ཆད་པར་རྒྱ་ཆེར་གཏོང་དགོས། ཐོན་ཁུངས་དོ་སྙོམས་ལ་སྣང་ཆེན་བྱེད་དགོས་པ་དང་ལྗང་མདོག་ཐོན་ཁུངས་ཀྱི་སྤྱི་འབོར་བརྟན་པོར་སྲུང་སྟེ། ཁྱབ་ཁོངས་ཡོངས་ཀྱི་སྐོར་ཞིབ་དོ་དམ་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་། ནགས་ཚལ་དང་བརླན་ས་སོགས་སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོབ་ཀྱི་སྤྱིའི་འཆར་འགོད་ལ་ཤུགས་སྣོན་དགོས་པ་དང་། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་དོ་དམ་སྲུང་སྐྱོབ་ཀྱི་མ་ལག་འཛུགས་སྐྱོང་ཇེ་མགྱོགས་སུ་གཏོང་བ། མཚོ་སྔོན་པོའི་བྱང་ངོགས་ཀྱི་རྩྭ་ཐང་བྱེ་འགྱུར་ཞན་འགྱུར་ཁུལ་བཅོས་སྐྱོང་ཉམས་གསོ་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། ཕྱུགས་བཀག་དང་རྩྭ་ཕྱུགས་དོ་སྙོམས་ཀྱི་བྱ་བར་སྐུལ་འདེད་ནུས་ལྡན་གཏོང་དགོས། ཙོང་ཆུའི་བརླན་སའི་སྤྱི་གླིང་བསྐྲུན་རྒྱུར་དམ་འཛིན་ཡག་པོ་བྱས་ནས་མཁར་ཟུར་གསུམ་གྲོང་རྡལ་དང་ནུབ་མཚོ་གྲོང་རྡལ་གཉིས་མཉམ་འདྲེས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཐོན་ལས་ལ་བརྟེན་ནས་མང་ཚོགས་ཕྱུག་འགྱུར་དང་། ལྗང་མདོག་འཕེལ་རྒྱས་ཀྱི་ཕན་ནུས་འཕེལ་བར་བྱེད་པ། ནགས་ཚལ་དང་རྩྭ་ཐང་། བརླན་སའི་ཐོན་དབང་ཁ་གསལ་བཟོ་བ། ནགས་རྩྭ་དང་རིག་གནས་ཡུལ་སྐོར། ཁམས་གསོ། ལུས་རྩལ་སོགས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་བ། ཐོན་ལས་སྦྲེལ་ཐག་ཇེ་རིང་དུ་སོང་བ་དང་། རིན་ཐང་སྦྲེལ་ཐག་མཐོ་རུ་འགྲོ་བ། འབབ་འཕར་སྦྲེལ་ཐག་རྒྱ་ཆེར་གྱུར་པ་བཅས་མངོན་འགྱུར་ཡོང་བ་བྱས་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་རྒྱུར་གཞོགས་འདེགས་བྱ་དགོས། གསུམ་ནས་བྱ་བའི་འགན་འཁྲི་གཟབ་ནན་དུ་བཏང་ནས་ནགས་རྩྭ་དཔོན་ལམ་ལུགས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། ཁྱོན་ཡོངས་དང་ཕུགས་ལ་དམིགས་ནས་ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དང་། ཁོངས་གཏོགས་ཀྱི་འགན་འཁུར་བ། སྡེ་ཁག་དབར་མཐུན་སྦྱོར་བྱེད་པ། འབྱུང་རྩ་ནས་བཅོས་སྐྱོང་བྱེད་པ། ས་ཁོངས་ཧྲིལ་པོར་ཁྱབ་པ་བཅས་ཀྱི་ཕུགས་ཕན་ལམ་སྲོལ་ཤར་གཏོང་ཐུབ་པར་བྱས་ནས་རིམ་པ་སོ་སོའི་ནགས་རྩྭ་དཔོན་ལམ་ལུགས་ཀྱི་འགན་འཁྲིའི་ནང་དོན་དང་འགན་འཁྲིའི་ཁྱབ་ཁོངས་ཁ་གསལ་བཟོ་དགོས་ལ། ལས་འགན་གསལ་ཐོ་བཟོ་བ་དང་དམིགས་ཚད་དཔྱད་ཞིབ་ནན་མོ་བྱེད་པ། དྲིལ་སྒྲོག་སློབ་གསོ་རྒྱ་ཁྱབ་བཅས་བྱས་ནས་རི་བོར་དོ་དམ་བྱེད་མཁན་ཡོད་པ་དང་། ལྗོན་ཤིང་བསྐྲུན་མཁན་ཡོད་པ། ནགས་ཚལ་སྲུང་སྐྱོབ་བྱེད་མཁན་ཡོད་པ། འགན་འཁྲི་འཁུར་མཁན་ཡོད་པ་བཅས་ངེས་པ་དོན་གྱིས་མངོན་འགྱུར་ཐུབ་དགོས་ཟེར།

ཀྲང་ཧྲིང་ཡོན་གྱིས་གཅིག་ནས་ལམ་སྲོལ་ཇེ་ལེགས་དང་འཐུས་ཚང་དུ་གཏོང་དགོས། “མ་ལག་ཆེ་གྲས་ལྔའི”བྱ་བའི་བླང་བྱ་དང་ཟུང་འབྲེལ་གྱིས“ནགས་རྩྭ་དཔོན+ཞིབ་དཔྱོད་མགོ་འཛིན+ཁྲིམས་ཁང་གི་ཡོན་ཀྲང+ཉེན་རྟོག་དཔོན”དང“ནགས་རྩྭ་དཔོན+ཆུ་དཔོན”སོགས་མཐུན་སྦྱོར་ལམ་སྲོལ་བཙུགས་ནས་ཁུལ་དང་རྫོང་། ཡུལ་ཚོ། སྡེ་བ་བཅས་རིམ་པ་བཞིའི་ནགས་རྩྭ་དཔོན་གྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་ནགས་རྩྭའི་སྐྱེ་ཁམས་དོ་དམ་པའི་དཔུང་སྡེ་སྟོབས་ཆེར་གཏོང་དགོས། གཉིས་ནས་བྱ་བའི་གཙོ་གནད་འབུར་ཐོན་ཡོང་བར་བྱེད་དགོས། རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ལ་དམ་པོར་དམིགས་པ་དང་། ཚན་རིག་དང་མཐུན་ཞིང་གནད་སྨིན་གྱི་སྒོ་ནས་ནགས་འདེབས་ནགས་གསོའི་བྱ་བ་སྤེལ་བ“བྱང་གསུམ”གྱི་དུས་ཐེངས་དྲུག་པའི་བཟོ་སྐྲུན་འཆར་འགོད་ཀྱི་གཙོ་གནད་ལས་གཞི་འབྲེལ་མཐུད་ཧུར་ཐག་བྱེད་པ། ས་ཆུ་ཤོར་བ་དང་རྩྭ་ཐང་ཞན་འགྱུར། བརླན་ས་སྲུང་སྐྱོབ་ཉམས་གསོ་སོགས་གཙོ་གནད་སྐྱེ་ཁམས་བཟོ་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། གསུམ་ནས་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་དགོས། རིམ་པ་སོ་སོའི་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་དངོས་སུ་ཞིབ་འཇུག་དང་ཇུས་འགོད། སྐུལ་འདེད་བཅས་བྱས་ནས་བྱ་བ་སོ་སོ་དོན་འཁྱོལ་བྱ་རྒྱུར་སྤྱི་འདོམས་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་ནགས་རྩྭ་དཔོན་གྱིས་སྣེ་ཁྲིད་དེ་སྤྱིའི་འགན་འཁྲི་སྔར་ལས་ཇེ་བརྟན་དུ་བཏང་ནས་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་། སྐོར་ཞིབ་ཀྱི་འགན་འཁྲི་ནན་ཏན་ངང་སྒྲུབ་པ། རྒྱུན་གཏན་རང་བཞིན་གྱི་སྐོར་ཞིབ་ལྟ་སྐུལ་མཛུབ་ཁྲིད་བྱེད་པ། དགུན་དུས་ཀྱི་མེ་ཁུངས་དོ་དམ་ཚོད་འཛིན་ལ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བཅས་བྱེད་དགོས་པའི་བླང་བྱ་བཏོན།ཁུལ་དཔོན་གཞོན་པ་མ་རུའུ་ཞང་གིས2023ལོའི་ནགས(རྩྭ)དཔོན་ལམ་ལུགས་བྱ་བ་ལེགས་སྒྲུབ་བྱས་ཚུལ་ཁྱབ་བརྡ་བཏང་བ་དང་། 2022ལོའི་ལོ་འཁོར་མོའི་ནགས(རྩྭ)དཔོན་ལམ་ལུགས་བྱ་བའི་སྔོན་ཐོན་ཐུན་མོང་དང་ཕུལ་བྱུང་ཐུན་མོང་། སྔོན་ཐོན་མི་སྒེར་བཅས་ལ་གཟེངས་བསྟོད་བྱས་ལ། རྫོང་བཞིས་བརྗེ་རེས་གཏམ་བཤད་གནང་། ཚོགས་འདུ་བརྙན་ལམ་རྣམ་པའི་ཐོག་ནས་རྫོང་རིམ་པ་དང་པོར་སྤེལ་ཞིང་། ཁུལ་ནགས(རྩྭ)དཔོན་ལམ་ལུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས།
全州林(草)长制工作会议召开
夏吾杰出席并讲话 张胜源主持
12月5日,全州林(草)长制工作会议召开。会议学习贯彻省级总林(草)长会议精神及州林(草)长令,对下一步林草长制工作进行安排部署。州委书记、州总林(草)长夏吾杰讲话,州委副书记、州长、州总林(草)长张胜源主持会议。
夏吾杰指出,自林(草)长制推行以来,全州各级林(草)长和各协作部门以习近平生态文明思想为指导,全面落实习近平总书记考察青海重要讲话精神和省州党代会精神,按照省委、省政府部署要求,坚持高位推动,狠抓责任落实,合力巡护管护,全州林(草)长制工作呈现出组织架构建立完善、宣传全面系统、管护模式推陈出新等特点,各项工作取得了阶段性成效。
夏吾杰强调,一要提高政治站位,强化林草长制工作的思想认识。立足“三个最大”省情定位和州情实际,坚持问题导向,构建更加完善、衔接顺畅、职责明确的林草长制组织体系和责任体系,推动林草长制从“全面建立”向“全面见效”升级,努力让林草长有名更有实,做到管护有责、管护有方、管护有效。二要聚焦堵点难点,完善林草长制工作的目标举措。坚持生态优先,夯实绿色发展根基,因地制宜、精准施策,科学开展造林绿化,不断拓展林草空间。注重资源平衡,守牢绿色资源总量,加强全领域巡护管护,强化森林、湿地等生态资源保护的整体规划,加快推动以国家公园为主体的自然管护地体系建设,突出青海湖北岸草原沙化退化区治理修复,有效推进禁牧和草畜平衡工作。着力抓好湟水湿地公园建设,推动三角城镇-西海镇融合发展。突出产业富民,激发绿色发展效能,明晰森林、草原、湿地产权,推动林草与文旅、康养、体育等深度融合,实现产业链延长、价值链提升、增收链拓宽,助力打造国际生态旅游目的地。三要压实工作责任,凝聚林草长制工作的强大合力。着眼全局和长远,畅通运行党政同责、属地负责、部门协同、源头治理、全域覆盖的长效机制,明确各级林草长责任内容和职责范围,制定任务清单,严格考核目标,广泛宣传教育,真正实现山有人管、林有人造、树有人护、责有人担。
张胜源要求,一要优化完善机制。结合“五大体系”工作要求,建立“林草长+检察长+法院院长+警长”“林草长+河湖长”等协作机制,完善州县乡村四级林草长制,配强林草生态管护员队伍。二要突出工作重点。紧扣国土空间规划,科学精准开展造林营林,积极对接“三北”六期工程规划重点项目,统筹推进水土流失、退化草原、湿地保护修复等重点生态工程。三要强化责任落实。各级党政主要负责同志要亲自研究谋划推动,统筹协调推进各项工作落实。各级林草长要进一步夯实牵头抓总责任,主动作为,认真履行巡查职责,经常性开展巡查督导,重点抓好冬季火源管控。
副州长马如祥通报了2023年林(草)长制工作完成情况,表彰了2022年度林(草)长制工作先进集体、优秀集体和先进个人,四县作交流发言。
会议以视频形式开至县一级。州林(草)长制工作领导小组各成员单位主要负责同志在主会场参加会议。