མཚོ་བྱང་རྐང་ཚ་རྫོང་གིས་ལས་ཞུགས་དམ་འཛིན་གྱིས་དམངས་འཚོར་གསོན་ཤུགས་བསྩལ། 
发布时间:2023年12月20日 消息来源:

    རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

ད་ལོ་ནས་བཟུང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་ལས་ཞུགས་བརྟན་པོ་དང་ལས་ཞུགས་འགན་ལེན་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་རྒྱུན་འཁྱོངས་ཀྱིས་ལས་ཞུགས་ལས་གཏོད་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་བ་དང་། མང་ཚོགས་ཀྱི་འབབ་འཕར་ལ་དམིགས་པ། ལས་གནས་བརྟན་དུ་བཏང་བ་དང་ལས་ཞུགས་ལ་དམ་འཛིན་ནན་མོ་བཅས་བྱས་པས་ལས་ཞུགས་བརྟན་པོ་ཡིན་པ་དང་འབབ་འཕར་ལ་སྐུལ་འདེད་བཏང་བ། དར་སྤེལ་ལ་རམ་འདེགས་བྱས་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

ཡོང་འབབ་དམའ་བའི་ཁྱིམ་ཚང་དམིགས་སུ་བཟུང་ནས་རོགས་སྐྱོར་དེ་བས་གཏིང་ཟབ་བྱས། དབུལ་ཐར་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་ལ་རོགས་སྐྱོར་བྱ་རྒྱུ་དེ་འགག་རྩའི་བྱ་ཐབས་ཤིག་ཏུ་བརྩིས་ནས“ངལ་ནུས་རོགས་ལས་འབྲེལ་མཐུད་ལམ་སྲོལ་རྒྱ་སྐྱེད་དང་འཐུས་ཚང་དུ་བཏང་བ་དང་། ལས་ཞུགས་རོགས་སྐྱོར་འཁོར་ཁང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་རོགས་སྐྱོར་ཤུགས་ཆེན་བྱས་པ། དབུལ་ཐར་མི་འབོར་གྱི་ལས་ཞུགས་འགན་ལེན་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་བ། དབུལ་ཐར་ཁྱིམ་ཚང་གི་གཞོན་ནུ་ཚོགས་སྤྱིའི་ལས་ཞུགས་ལ་རོགས་སྐྱོར་ཧུར་ཐག་བྱས་པ། གཙོ་གནད་ས་ཁུལ་གྱི་གཟིགས་སྐྱོང་དང་རྒྱབ་སྐྱོར་ལ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་པ”བཅས་ཀྱི་བྱེད་ཐབས་སྣ་ཚོགས་བཏོན་ཡོད། མིག་སྔའི་བར་རྐང་ཚ་རྫོང་གི་དབུལ་ཐར་མི་འབོར1531ལས་ཞུགས་གཞན་སྒྱུར་ཐུབ་ནས་ལས་འགན་ལེགས་འགྲུབ་བྱེད་ཚད100%ཟིན་ཡོད། རྫོང་ཡོངས་ཀྱི་དབུལ་ཐར་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་རྐྱང་བ་སྒོར18252.72ཟིན་འདུག 

མཐར་ཕྱིན་སློབ་མ་དམིགས་སུ་བཟུང་ནས་རོགས་སྐྱོར་དེ་བས་གནད་ལ་འཁེལ་བ་བྱས། “སྦྲང་ཆར་འཆར་གཞི+”ལས་ཞུགས་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་ཧུར་ཐག་སྤེལ་ནས་རོང་འབྲོག་ཁུལ་གྱི་ཁྱིམ་ཚང་དུ་དཔལ་འབྱོར་དཀའ་ངལ་ཡོད་པའི་སློབ་མས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་རོགས་སྐྱོར་ལོངས་སྤྱོད་བྱ་རྒྱུར་སྲུང་སྐྱོབ་བྱས། ཁ་གཏད་མཚོ་སྐྱོར་གྱི་རོགས་སྐྱོར་ལེགས་ཆ་གང་ལེགས་སྤྱད་དེ་ལས་ཞུགས་ལས་གནས་དེ་བས་མང་བ་བརྩོན་ལེན་བྱས། ད་ལོར“སྦྲང་ཆར་འཆར་གཞི”བརྒྱུད་སློབ་མ75ལ་འབྲེལ་མཐུད་ཁ་གསབ་མ་དངུལ་སྒོར་ཁྲི33.4དོན་འཁྱོལ་བྱས་པ་དང་། ཆ་རྐྱེན་དང་འཚམ་པའི་ཞིང་ཆེན་བརྒལ་ནས་ཞོར་ལས་འགྲོ་མཁན10ལ་རིམ་རྩིས་བྱས་ན་ཐེངས་གཅིག་རང་བཞིན་གྱི་འགྲིམ་འགྲུལ་ཁ་གསབ་མ་དངུལ་སྒོར་ཁྲི1དོན་འཁྱོལ་བྱས་པ། ཆ་རྐྱེན་ཚང་བའི་དབུལ་ཐར་ཁྱིམ་ཚང211ལ་ལས་ཞུགས་མ་དངུལ་གྱི་སྐྱེད་ཀ་སྒོར་ཁྲི57.94སྤྲད་པ།

གཞོན་ནུ་དར་མ་དམིགས་སུ་བཟུང་སྟེ་རོགས་སྐྱོར་ལ་དྲོད་སྣང་དེ་བས་ཆེ་བ་ལྡན་པར་བྱས། ལས་རིགས་ཀྱི་རྩལ་ནུས་གསོ་སྦྱོང་རྩ་འཛུགས་ཧུར་ཐག་བྱས་ནས་ན་གཞོན་ཚོས་ལས་གཏོད་ལ་བརྟེན་ནས་ལས་ཞུགས་ལ་སྣེ་ཁྲིད་བྱ་རྒྱུར་སྐུལ་མ་བཏང་སྟེ་ཕྱུག་འགྱུར་ལམ་བུ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་། དབུལ་ཐར་ཁྱིམ་ཚང་དང་ལྟ་ཞིབ་ཚད་ལེན་ཁྱིམ་ཚང་སོགས་གཞོན་ནུ་དར་མའི་ངལ་རྩོལ་ནུས་ཤུགས་དང་གསར་དུ་འཚར་ལོངས་བྱུང་བའི་ངལ་རྩོལ་ནུས་ཤུགས་དེ་དུས་ཐུང་གི་རྩལ་ནུས་གསོ་སྦྱོང་ནང་ཞུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་རང་བརྟེན་རང་འཕེལ་གྱི་ནུས་པ་ཆེ་རུ་བཏང་། ལོ་ཧྲིལ་པོར་འབྲེལ་མཐུད་མ་དངུལ་སྒོར་ཁྲི50བཀོད་སྒྲིག་བྱས་ནས“སྦྲང་ཆར་འཆར་གཞིའི”དུས་ཐུང་རྩལ་ནུས་གསོ་སྦྱོང་ལས་གཞི་ལག་བསྟར་བྱས་པ་དང་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་གཉིས་གཉེར་ཞིང་རིམ་རྩིས་བྱས་ན་མི་ཐེངས200ལ་གསོ་སྦྱོང་བྱས་པ་དང་མིག་སྔར་གསོ་སྦྱོང་བྱ་བ་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་ཡོད།