​ལི་ཆང་གིས་ས་ཡོམ་གནོད་ཐེབས་ས་ཁུལ་དུ་ཞིབ་བཤེར་མཛུབ་སྟོན་གནང་བ།
发布时间:2023年12月25日 消息来源:

​ལི་ཆང་གིས་ས་ཡོམ་གནོད་ཐེབས་ས་ཁུལ་དུ་ཞིབ་བཤེར་མཛུབ་སྟོན་གནང་བ།

རྩོམ་སྒྲིག ཚེ་གཟུངས་སྐྱིད།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 


  ཟླ12པའི་ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ནམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཀན་སུའུ་དང་མཚོ་སྔོན་གྱི་ས་ཡོམ་གནོད་ཐེབས་ས་ཁུལ་དུ་ཕེབས་ནས། གནོད་ཐེབས་མང་ཚོགས་དགུན་སྐྱེལ་བདེ་འགོད་དང་གནོད་རྗེས་བསྐྱར་སྐྲུན་ལས་དོན་ལ་ཞིབ་བཤེར་མཛུབ་སྟོན་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནོད་ཐེབས་མང་ཚོགས་ལ་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ། ཡོམ་འགོག་གནོད་སེལ་གྱི་ལས་དོན་ཁག་སྟོབས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་གང་ལེགས་བྱེད་དགོས་ཞེས་གསུངས།

微信图片_20231225151606.jpg

   ལི་ཆང་སྔ་རྗེས་སུ་ཀན་སུའུ་ཞིང་ཆེན་ཆུ་མ་མཁར་རྫོང་ཏ་ཧི་ཅཱ་གྲོང་རྡལ་ཏ་ཧི་གྲོང་ཚོ་དང་ཁྲིན་ཅཱ་གྲོང་ཚོ། མེ་ཕོ་གྲོང་ཚོ། མཚོ་སྔོན་ཞིང་ཆེན་གཞོང་ཐོང་རྫོང་ཀྲུང་ཁྲོན་ཡུལ་ཚོའི་ཚའོ་ཐན་གྲོང་ཚོ་དང་མེ་དབྱི་གྲོང་ཚོ་བཅས་སུ་ཕེབས་ནས། གནོད་ཐེབས་ས་ཁུལ་ལ་ཡུལ་དངོས་ནས་གཟིགས་ཞིབ་གནང་བ་དང་། བདེ་འགོད་བྱ་ཡུལ་དུ་ཕེབས་ཤིང་གནོད་ཐེབས་མང་ཚོགས་དང་གླེང་མོལ་མཛད་པ། ས་གནས་དེ་གའི་ལས་བྱེད་པ་བརྒྱུད་དེ། མང་ཚོགས་བདེ་འགོད་དང་དངོས་ཟོག་འགན་སྲུང་། སྟབས་བདེའི་ཁང་པ་སྐྲུན་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་། ལི་ཆང་གིས་ཡུལ་དངོས་དང་པོར་རོགས་སྐྱོབ་དང་ཨར་ལས་མི་སྣར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོ་ཚོས་ཡང་འབད་བསྐྱར་འབད་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ། ཡོམ་འགོག་གནོད་སེལ་གྱི་ལས་འགན་ལྗིད་མོ་འདིར་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས་པའི་ཐུགས་རེ་བཏོན།  ལི་ཆང་གིས་མིག་སྔར་གནོད་ཐེབས་ས་ཁུལ་གྱི་མཚན་མོའི་དྲོད་ཚད་ཧ་ཅང་དམའ་བའི་དབང་གིས། བདེ་འགོད་ཆ་རྐྱེན་སྔར་ལས་ཇེ་ལེགས་སུ་བཏང་སྟེ། གནོད་ཐེབས་མང་ཚོགས་ལ་སྡོད་གནས་ཡོད་པ་དང་ཟ་མ་དྲོན་མོ་ཟ་རྒྱུ་ཡོད་པ། གྲང་ངར་གྱིས་མི་མནར་བ་བཅས་ཡོང་བར་ཁག་ཐེག་བྱེད་དགོས་ཞེས་བསྟན། ལི་ཆང་གིས་ས་གནས་དེ་གའི་ཏང་ཡོན་ལས་བྱེད་པར་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་ནུས་པ་དང་ཏང་ཡོན་ལས་བྱེད་པའི་གདོང་ལེན་མིག་དཔེ་ནུས་པ་སྔར་ལས་འདོན་སྤེལ་བྱས་ནས། གནོད་ཐེབས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཡིད་ཆེས་བརྟན་པ་དང་དཀའ་ཁག་མཉམ་སྒྲོལ་བྱ་རྒྱུའི་ཐད་ནས་སྐུལ་ལྕག་གནང་།

微信图片_20231225151911.jpg

  ཟླ12པའི་ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ནམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཀན་སུའུ་དང་མཚོ་སྔོན་གྱི་ས་ཡོམ་གནོད་ཐེབས་ས་ཁུལ་དུ་ཕེབས་ནས། གནོད་ཐེབས་མང་ཚོགས་དགུན་སྐྱེལ་སྐྱེལ་བདེ་འགོད་དང་གནོད་རྗེས་བསྐྱར་སྐྲུན་ལས་དོན་ལ་ཞིབ་བཤེར་མཛུབ་སྟོན་གནང་། པར་འདི་ནི་ལི་ཆང་གིས་མཚོ་སྔོན་ཞིང་ཆེན་གཞོང་ཐོང་རྫོང་ཀྲུང་ཁྲོན་ཡུལ་ཚོའི་མེ་དབྱི་གྲོང་ཚོའི་གནོད་ཐེབས་མང་ཚོགས་བདེ་འགོད་བྱེད་ས་རུ། ས་གནས་དེ་གའི་ལས་བྱེད་པ་བརྒྱུད་དེ། མང་ཚོགས་བདེ་འགོད་དང་དངོས་ཟོག་འགན་སྲུང་། སྟབས་བདེའི་ཁང་པ་སྐྲུན་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་བཞིན་པའི་ཚུལ་རེད།
    ལི་ཆང་གིས་ཀན་སུའུ་ཞིང་ཆེན་གཞོང་ཐོང་རྫོང་ཡོམ་འགོག་གནོད་སེལ་བཀོད་འདོམས་པུ་ནས། ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་དང་འབྲེལ་ཡོད་ཕྱོགས་ཀྱི་ལས་དོན་སྙན་ཞུར་གསན་ཏེ། དུས་མཚམས་གོང་མའི་ཡོམ་འགོག་གནོད་སེལ་ལས་དོན་ལ་གདེང་འཇོག་གང་ལེགས་མཛད་པར་མ་ཟད། མ་འོངས་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བཀོད་སྒྲིག་གནང་། ཁོང་གིས་གནོད་ཐེབས་མང་ཚོགས་ཀྱིས་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་ངང་དགུན་སྐྱེལ་ཐུབ་རྒྱུ་ནི་མིག་སྔར་གྱི་ལས་དོན་འགངས་ཆེན་ཞིག་ཡིན་པས། དུས་ཚོད་བརྩོན་ལེན་བྱས་ཏེ། གནོད་སེལ་དངོས་ཟོག་དང་འཚོ་བའི་མཁོ་ཆས་འཕྲལ་མར་བདེ་འགོད་བྱ་ཡུལ་དང་མང་ཚོགས་ཀྱི་ལག་ཏུ་འབྱོར་བར་བྱ་རྒྱུ་དང་། དུས་ཚོད་སྐར་ཆ་གཅིག་ཀྱང་ཆུད་ཟོས་སུ་མི་གཏོང་བར་སྟབས་བདེའི་ཁང་པ་བསྐྲུན་ཏེ། མིག་སྔར་གྱི་གུར་ནང་བདེ་འགོད་བྱས་ཡོད་པའི་གནོད་ཐེབས་མང་ཚོགས་གང་མགྱོགས་ངང་གནས་སྤོ་ཐུབ་པར་བྱེད་དགོས་པར་མ་ཟད། འཁྱག་འགོག་དྲོད་སྲུང་དང་ཟས་རིགས་བདེ་འཇགས། མེ་འགོག་སྐོར་ཞིབ་སོགས་ཀྱི་ལས་དོན་ནན་ཏན་གྱིས་ལེགས་པར་བསྒྲུབ་དགོས། ཡོམ་ཁུལ་གྱི་ཁང་པར་དཔྱད་འཇོག་བྱ་རྒྱུ་དམ་འཛིན་བྱས་ནས། བདེ་འཇགས་ཀྱི་བླང་བྱ་དང་འཚམ་པའི་རིགས་རང་མོས་ཀྱི་རྩ་དོན་གཞིར་བཟུང་ནས་མང་ཚོགས་གོ་རིམ་ལྡན་པའི་ངང་ཁྱིམ་དུ་ལོག་རྒྱུར་ཁྲིད་སྟོན་བྱེད་པ་དང་། ཞིག་གསོའི་ཆ་རྐྱེན་དང་མཐུན་པའི་རིགས་གང་མགྱོགས་ངང་ཞིག་གསོ་ཐུབ་པར་བྱེད་དགོས། སྒྲིག་ཆས་སྣ་ཚོགས་དང་ལྷག་པར་དུ་སློབ་གྲྭ་དང་སྨན་ཁང་སོགས་དམིགས་བསལ་གནས་ཡུལ་གྱི་ཞིག་གསོ་བརྟན་གཏོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཉེན་ཁ་རྐྱེན་ངན་མཐའ་དག་སེལ་ནས། བདེ་འཇགས་ངང་སློབ་གྲྭ་དང་བཟོ་གྲྭ། གྲོང་ཁྱེར་བཅས་སླར་གསོ་ཡོང་བར་ཁག་ཐེག་བྱེད་དགོས། དཔྱིད་ཀ་ཚེས་རྗེས་ཕྱོགས་ཡོངས་སླར་གསོ་དང་བསྐྱར་སྐྲུན་གྱི་འཆར་འགོད་སྔ་སྣུར་སྒོས་ཡག་པོ་བཟོ་བར་མ་ཟད། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། གནོད་ཐེབས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་སྔར་ལས་ཇེ་ལེགས་སུ་གཏོང་རོགས་བྱས་ནས། གནོད་འཚེ་ལ་རྐྱེན་བྱས་ཏེ་གཞི་རྒྱ་རང་བཞིན་གྱི་དབུལ་པོ་ཡང་བསྐྱར་མི་འབྱུང་རྒྱུ་སྔོན་འགོག་བྱེད་དགོས།  སྟོབས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་ཡག་པོ་བྱེད་པ་དང་། སྨན་བཅོས་མི་སྣར་གཞོགས་འདེགས་དང་སྒྲིག་ཆས་འཛད་གྲོན་འགན་སྲུང་ཇེ་དྲག་ཏུ་གཏོང་བ། སྨན་བཅོས་ཇུས་གཞི་འཐུས་ཚང་དུ་བཏང་ནས། འབད་བརྩོན་ཆེན་པོས་ཚེ་སྲོག་མྱུར་སྐྱོབ་དང་རྨས་སྐྱོན་གྱི་ཚད་ཇེ་ཉུང་དུ་གཏོང་དགོས། རྒྱུན་སྤྱོད་སྨན་གྲ་སྒྲིག་གང་ལེགས་བྱེད་པ་དང་། འཕྲོད་བསྟེན་རིམས་འགོག་གི་ལས་དོན་ཡག་པོ་སྒྲུབ་པ། དུས་ཐོག་ཏུ་སེམས་ཁམས་ཁྲིད་འདོན་སྤྲོད་བྱས་ཏེ། གནོད་ཐེབས་མང་ཚོགས་ཀྱི་ལུས་སེམས་བདེ་ཐང་ལ་ཁག་ཐེག་བྱེད་དགོས། གནོད་ཐེབས་ས་ཁུལ་གྱི་སྤྱི་ཚོགས་བརྟན་བརླིང་ལ་ངེས་པ་དོན་གྱིས་སྲུང་སྐྱོང་བྱེད་པ་དང་། གནོད་སེལ་གནས་ཚུལ་དུས་ཐོག་དང་གོ་རིམ་ལྡན་པའི་ངང་སྒྲོག་པ། སྤྱི་ཚོགས་ཀྱི་དོ་ཁུར་ལ་འབད་པས་བརྡ་ལན་སྟེར་བ། སྔོན་ཐོན་དཔེ་བཟང་དྲིལ་སྒྲོག་ལེགས་པར་བྱས་ཏེ། མི་སེམས་ལ་སྔར་ལས་སྐུལ་མ་ཐེབས་པར་བྱེད་དགོས། རིམ་པ་སོ་སོའི་ལས་བྱེད་པས་མང་ཚོགས་ཀྱི་ལས་དོན་སྔར་ལས་དངོས་གཉེར་ཞིབ་སྒྲུབ་བྱེད་པ་དང་། གནོད་ཐེབས་མང་ཚོགས་ཀྱི་དཀའ་ངལ་རེ་འདུན་དུས་ཐོག་ཏུ་ཤེས་པར་བྱས་ཤིང་། དངོས་ཡོད་གནད་དོན་ངེས་པ་དོན་གྱིས་ཐག་གཅོད་རོགས་བྱས་ནས། ཁོ་ཚོར་ཏང་དང་སྲིད་གཞུང་གི་དྲོད་ཁོལ་ཚོར་དུ་འཇུག་དགོས་ཞེས་ནན་གྱིས་གསུངས། 

ཝུའུ་ཀྲིན་ལུང་གོང་གསལ་གྱི་བྱེད་སྒོར་ཞུགས།