ཞིང་ཆེན་ཡོམ་འགོག་རྒུད་སྐྱོབ་ཡུལ་དངོས་བཀོད་འདོམས་པུའུ་ཡི་གྲོས་ཚོགས་དང་གནོད་ཕྱིའི་བསྐྱར་སྐྲུན་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།
གཅིག་བསྡུས་བཀོད་སྒྲིག་བྱེད་གནས་སུ“ཡོད་པ་དྲུག”གི་རྨང་གཞིའི་སྟེང“དོན་ཐོག་ཏུ་འཁྱོལ་བ་དྲུག”ལག་བསྟར་བྱེད་དགོས།
发布时间:2023年12月28日
消息来源:
ཞིང་ཆེན་ཡོམ་འགོག་རྒུད་སྐྱོབ་ཡུལ་དངོས་བཀོད་འདོམས་པུའུ་ཡི་གྲོས་ཚོགས་དང་གནོད་ཕྱིའི་བསྐྱར་སྐྲུན་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།
གཅིག་བསྡུས་བཀོད་སྒྲིག་བྱེད་གནས་སུ“ཡོད་པ་དྲུག”གི་རྨང་གཞིའི་སྟེང“དོན་ཐོག་ཏུ་འཁྱོལ་བ་དྲུག”ལག་བསྟར་བྱེད་དགོས།རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ12པའི་ཚེས26ཉིན། ཞིང་ཆེན་ཡོམ་འགོག་རྒུད་སྐྱོབ་ཡུལ་དངོས་བཀོད་འདོམས་པུའུ་ཡི་གྲོས་ཚོགས་དང་གནོད་ཕྱིའི་བསྐྱར་སྐྲུན་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གཉིས་པ་མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཀོན་ཐེན་གྲོང་རྡལ་དུ་འཚོགས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་སྒོས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བྱེད་པ། གནོད་ཐེབས་མང་ཚོགས་ཀྱི་བདེ་སྡུག་ནམ་ཡང་སེམས་སུ་འཛིན་པ་བཅས་ཀྱིས། གནོད་ཐེབས་མང་ཚོགས་ཀྱིས་བདེ་འཇགས་དྲོད་ཁོལ་གྱི་དགུན་སྐྱེལ་བར་སྔར་བས་འགན་སྲུང་བྱེད་དགོས། གཅིག་བསྡུས་བཀོད་སྒྲིག་བྱེད་གནས་སོ་སོར་ཆུ་གློག་དང་དྲོད་འདོན། སྤྱོད་ཁང་། འཚོ་བའི་གད་སྙིགས་སྡུད་པའི་སྒྲིག་ཆས། ཏང་དང་མང་ཚོགས་ཀྱི་བྱ་བའི་ས་ཚིགས། སྨན་བཅོས་ཞབས་ཞུ་སྟེ“ཡོད་པ་དྲུག”གི་རྨང་གཞིའི་སྟེང་དུ། བཀོད་སྒྲིག་བྱེད་གནས་སུ་གནས་དཔོན་གྱིས་འགན་འཁུར་བའི་ལམ་ལུགས་དང་བཀོད་འདོམས་བྱ་བ་དང་འཕྲིན་གཏོང་འབྲེལ་གཏུག་བྱེད་པ། བདེ་འཇགས་སྐོར་ཞིབ་བྱེད་པ། ཕན་ཚུན་རོགས་རམ་གྱི་ལམ་སྲོལ་ཡོད་པ། འགལ་བ་འདུམ་སྒྲིག་བྱེད་པ། དང་བླངས་ཞབས་འདེགས་ཞུ་བ་སྟེ“དོན་ཐོག་ཏུ་འཁྱོལ་བ་དྲུག”ལག་བསྟར་བྱེད་དགོས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཡུལ་དངོས་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་དང་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཁྲིན་ཀང་གིས་མགོ་འཛིན་བྱས་ཤིང་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་རྒྱུན་ལས་ཚན་གཙོ་གཞོན་པ་ལིའུ་ཆི་ཧྥན་གྲོས་ཚོགས་སུ་ཞུགས།གྲོས་ཚོགས་ཀྱིས་འབྲེལ་ཐག་ཆད་པའི་མི་སྣ་འཚོལ་སྐྱོབ་དང་། སྟབས་བདེ་སྡོད་ཁང་འཛུགས་སྐྲུན་དང་ནང་དུ་གནས་སྤར་བ། གནོད་ཐེབས་མང་ཚོགས་ཀྱི་སྨན་བཅོས་ཞབས་ཞུའི་འགན་སྲུང་དང་། གནོད་ཐེབས་ས་ཁུལ་གྱི་སློབ་ཁྲིད་སླར་གསོ། གནོད་ཕྱིའི་བསྐྱར་སྐྲུན་གནས་ཡུལ་འདེམས་པ་སོགས་ཀྱི་གནས་ཚུལ་ལ་མཉན་ནས་ནན་གྱིས་བསྟན་དོན། རྩ་འཛུགས་དང་མགོ་ཁྲིད་ལ་སྔར་བས་ཤུགས་སྣོན་པ་དང་འགན་འཁྲི་ནན་འགེལ་བྱེད་པ། ཕན་མཐོའི་བཀོད་འདོམས་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཚན་རིག་ལྟར་བཀོད་གཏོང་དང་ཧུར་བརྩོན་གྱིས་གདོང་གཏོད་པ་བཅས་ཀྱིས་བྱ་བ་སྒྲུབ་པའི་ཁྲོད་དུ་བྱུང་བའི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་དུས་ཐོག་ཏུ་ཞིབ་འཇུག་བྱས་ཏེ་ཐག་གིས་གཅོད་དགོས། ཆེད་ལས་སྐྱོབ་རོགས་དཔུང་ཁག་གཅིག་གྱུར་འཆར་འགོད་བྱས་ཏེ་འབྲེལ་ཐག་ཆད་པའི་མི་སྣ་མུ་མཐུད་དུ་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱེད་པ་ལས་དུས་ཚོད་སྐར་ཆ་གཅིག་ལའང་ལྷོད་གཡེང་བྱེད་མི་རུང་། གནོད་ཐེབས་མང་ཚོགས་ཀྱི་དོན་དངོས་དགོས་མཁོ་ནས་མགོ་རྩོམ་པ་དང་། པང་ལེབ་ཁང་པའི་ནང་སྡོད་པའི་བྱ་བ་ལེགས་པོར་སྒྲུབ་པ། པང་ལེབ་ཁང་པའི་ནང་སྡོད་པའི་འགུལ་རྣམ་ལེགས་སྒྲིག་གི་ལམ་སྲོལ་འཛུགས་པ། བཀོད་སྒྲིག་ཁུལ་གྱི་སྤྱི་པའི་ཞབས་ཞུ་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་བཅས་ཀྱིས་མང་ཚོགས་ཀྱི་ཆུ་མེ་བཀོལ་སྤྱོད་དང་གྱོན་བཀྲུ་ཟས་སྦྱོར་སོགས་ཀྱི་གནད་དོན་ལེགས་པོར་ཐག་གིས་གཅོད་དགོས། རྨས་མ་སྐྱོབ་བཅོས་ཀྱི་ཇུས་གཞི་ལ་ཞིབ་འཇུག་གང་ལེགས་བྱེད་པ་དང་། སྨན་བཅོས་བྱེད་ཐབས་སྣ་ཚོགས་སྤྱད་ནས། ཐབས་བརྒྱ་ཇུས་སྟོང་གིས་རྨས་མར་སྐྱོབ་བཅོས་བྱེད་པ་དང་རྨས་མ་དབང་བོ་སྐྱོན་ཅན་དུ་འགྱུར་བ་ཇེ་ཉུང་དུ་བཏང་སྟེ“རྨས་མ་གཅིག་ལ་སྨན་བཅོས་དཔུང་ཁག་གཅིག”ལྟར་ནུས་ཤུགས་ཡོད་རྒུས་ནད་པ་ལྗིད་མོ་མྱུར་སྐྱོབ་བྱེད་དགོས། འཕྲོད་བསྟེན་གླིང་དང་འཕྲོད་བསྟེན་ཁང་སོགས་སྤྱི་པའི་འཕྲོད་བསྟེན་མ་ལག་གང་མྱུར་གྱིས་སླར་གསོ་བྱས་ཏེ་མང་ཚོགས་ཀྱིས་རྒྱུན་ལྡན་ངང་སྨན་བསྟེན་པའི་དགོས་མཁོ་སྐོང་དགོས། བདེ་འཇགས་ཁག་ཐེག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག གྲོང་གསེབ་ཀྱི་དོན་དངོས་དང་ཟུང་འབྲེལ་སྒོས་བྱེ་བྲག་གི་བྱེད་ཐབས་གཏན་འབེབས་བྱས་ཏེ་ཡུལ་དངོས་སློབ་ཁྲིད་དང་སློབ་སྦྱོང་སླར་གསོ་བྱེད་པའི་བྱ་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། གནོད་ཕྱིའི་བསྐྱར་སྐྲུན་དང་ས་གཤིས་ཞིབ་བཤེར་དང་ས་གཤིས་གནོད་འཚེའི་གདེང་འཇོག་བྱ་བ་ལེགས་པོར་སྒྲུབ་པ་དང་། དཔྱད་འདེམས་ཀྱི་ཇུས་གཞི་ལེགས་པོར་གཏོང་བ། མང་ཚོགས་ཀྱི་བསམ་འཆར་དང་གྲོས་གཞིར་གང་ལེགས་ཀྱིས་མཉན་པ། གནས་ལུགས་གསལ་པོར་བརྗོད་པ་དང་སྲིད་ཇུས་གསལ་པོར་འགྲེལ་བ། བྱ་བ་ཞིབ་མོར་སྒྲུབ་པ་བཅས་བྱས་ཏེ། ཚན་རིག་དང་དམངས་གཙོ། ཁྲིམས་ལྟར་ཇུས་ཐག་གཅོད་པ་བཅས་ཀྱིས་མཛེས་སྡུག་གི་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་དགོས། ཚོང་ལས་དང་ཚོང་ཁྲོམ་གང་མྱུར་གྱིས་སླར་གསོ་བྱས་ཏེ། ཚོང་ཁང་དང་ཟ་ཁང་སོགས་ཀྱི་སྒོ་འབྱེད་དུ་འཇུག་པ་དང་། ཚོང་ཁྲོམ་ཧུར་པོར་གཏོང་བ། མང་ཚོགས་ཀྱི་སྣ་མང་དགོས་མཁོ་སྐོང་བ་བཅས་ཀྱིས་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་གོ་རིམ་སླར་གསོ་བྱེད་དགོས། གནོད་ཐེབས་མང་ཚོགས་རྩ་འཛུགས་ཀྱིས་ཁོ་ཚོར་སྣེ་ཁྲིད་དེ་ཐོན་སྐྱེད་དང་རང་སྐྱོབ་བྱེད་པ་དང་། ཕན་ཚུན་ལ་རོགས་རམ་བྱེད་པ། རྩོལ་ལས་ཀྱིས་རྒུད་སྐྱོབ་ཀྱི་ཚབ་བྱེད་པ། སེམས་ཤུགས་གཅིག་སྒྲིལ་གྱིས་བགྲོད་ལམ་ཤར་གཏོང་དང་ཁོར་ཡུག་བཅོས་སྐྱོང་། གད་སྙིགས་གཙང་སེལ་སོགས་ཀྱི་བྱ་བ་སྣ་ཚོགས་ལེགས་པོར་བསྒྲུབ་དགོས།ཚན་གཙོ་གཞོན་པ་དབྱང་ཧྥ་སེན་དང་ཝུའུ་ལ་ཙི་པིའེ་ཁོ·རེ་སུའུ་ལི་ཧན། ཀྲུའུ་ཞང་ཧྥེང་། ཧོ་ལུའུ་ཁྲུན་བཅས་གྲོས་ཚོགས་སུ་ཞུགས།