གསར་འགྱུར་གལ་ཆེན།
གསར་འགྱུར་གལ་ཆེན། རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། ➤ཟླ1པོའི་ཚེས1ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་ལོ་གསར་གྱི་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ནས། 2024ལོ“ཀྲུང་ཁྲའོ་མཛའ་གྲོགས་ལོར”གཏན་འཁེལ་བྱ་རྒྱུ་དང་འབྲེལ་ཡོད་མུ་འབྲེལ་བྱེད་སྒོ་མགོ་བརྩམས་པ་མཉམ་དུ་ཁྱབ་བསྒྲགས་གནང་། ➤ཟླ1པོའི་ཚེས1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨ་རིའི་ཙུང་ཐུང་པའེ་ཏེང་གིས་ཕན་ཚུན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས། རྒྱལ་ཁབ་གཉིས་ཀའི་བར་དུ་ཕྱི་འབྲེལ་བཙུགས་ནས་ལོ་འཁོར45འགོར་བར་རྟེན་འབྲེལ་ཞུས། ➤ལོ་གསར་པའི་ཉིན་དང་པོར། མི་ཁྲི7.3གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་འཛོམས་ནས་རྒྱལ་དར་སྒྲེང་བའི་མཛད་སྒོར་གཟིགས། ➤འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་ལྟར་ན།གནམ་ལོ་གསར་ཚེས་ཀྱི་ངལ་གསོའི་རིང་།རྒྱལ་ཡོངས་སུ་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར1.2ལས་བརྒལ། ➤རིག་གནས་དང་ཡུལ་སྐོར་པུས་གནས་ཚུལ་ལྟར་ན། གནམ་ལོ་གསར་ཚེས་ཀྱི་གུང་གསེང་གི་རིང་། རྒྱལ་ཡོངས་ཀྱི་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར1.35ཟིན་པ་དང་། དུས་མཚུངས་ལས155.3%འཕར་ཡོད། ➤རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ཐེངས་ལྔ་པའི་ཐོ་འགོད་ལས་དོན་དེ་ཟླ1པོའི་ཚེས1ཉིན་དངོས་སུ་སྤེལ་མགོ་ཚུགས། ➤ཀྲུང་གོའི་མི་སྐྱེལ་འཇིག་རྟེན་འཕུར་སྐྱོད་ལས་གཞི་གཞུང་ལས་ཁང་གིས་གནས་ཚུལ་ལྟར་ན། ད་ལོར་རང་རྒྱལ་གྱིས་འཕུར་སྐྱོད་ལས་འགན་ཐེངས་བཞི་ལག་བསྟར་བྱ་རྒྱུ། ➤ཚེས1ཉིན། སོ་ཏི་ཨ་རབ་དང་ཨེ་ཅིབ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། དབྱི་རན། ཨེ་ཙེ་ཨོ་ཕི་ཡ་བཅས་འབོ་གསེར་རྒྱལ་ཁབ(འཛམ་གླིང་གསར་དར་ཁྲོམ་ར)ཀྱི་དངོས་གཞིའི་ཁོངས་གཏོགས་སུ་གྱུར། ➤ཚེས1ཉིན་གྱི་དུས་ཚོད15:10སྟེང་། འཇར་པན་གྱི་པིན་ཀྲོའུ་ནུབ་ངོགས་ཀྱི་ཉེ་སར་ས་ཡོམ་རིམ་པ7.4བྱུང་བ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་སྟོང་སྨི30ཡིན། སྤྱི་ཚོགས། ➤ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྨུག་པ་སེར་པོའི་ཉེན་བརྡ་བཏང་བ་དང་། དེ་རིང་ཧོ་པེའི་ལྷོ་རྒྱུད་དང་ཅང་སུའུ་ནུབ་རྒྱུད། སི་ཁྲོན་གཤོང་ས་སོགས་ས་ཁུལ་མང་ཆེ་སར་སྨུག་པ་ཆེན་པོ་འཐིབ་རྒྱུ་རེད། ➤རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་གསར་པ་དེ་ཚེས1ཉིན་དོན་འཁྱོལ་བྱས་ནས་ལག་བསྟར་བྱས་པ་དང་། སྔོན་དཔག་བྱས་ན་མ་འོངས་པའི་ལོ་གཉིས་ནང་ནད་པའི་ཁུར་པོ་ཡང་དུ་གཏོང་ཚད་སྒོར་དུང་ཕྱུར400ལས་བརྒལ་རྒྱུ་རེད། ➤ཚེས1ཉིན་ནས་བཟུང་། རང་རྒྱལ་གྱིས་ཚོང་ཟོག་སོ་སོ1010ལ་རྒྱལ་ཁབ་ཀྱི་གཟིགས་སྐྱོང་ཁྲལ་ཚད་ལས་དམའ་བའི་ནང་འདྲེན་གྱི་གནས་སྐབས་གཏན་འཁེལ་ཁྲལ་ཚད་ལག་བསྟར་བྱས་པ་དང་། དེ་འབྲས་སྐྲན་འགོག་པའི་སྨན་དང་མཐོང་དཀོན་པའི་སྨན་གྱི་སྨན་རྫས་དང་མ་བཅོས་རྒྱུ་ཆ་སོགས་དང་འབྲེལ་བ་ཡོད། ➤རྒྱལ་ཡོངས་དམག་བསྡུ(བུད་མེད་དམག)2024ལོའི་ལོ་སྟོད་དུ་བསྡུ་རྒྱུའི་མིང་ཐོ་འགོད་འགོ་ཚུགས་པ་དང་། མིང་ཐོ་འགོད་པའི་དུས་ཚོད་ནི2024ལོའི་ཟླ1པོའི་ཚེས1ཉིན་ནས2024ལོའི་ཟླ2པའི་ཚེས18ཉིན་བར་ཡིན། ➤རྒྱལ་ཁབ་གནས་སྤོར་ཡུལ་མི་དོ་དམ་ཅུས་གནས་ཚུལ་ལྟར་ན། 2023ལོའི་ཟླ12པའི་ཚེས31ཉིན་བར། ཕྱོགས་རྐྱང་པའི་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ཚོད་ལྟ་ལག་བསྟར་བྱས་པའི་རྒྱལ་ཁབ6གི་ཁོངས་མི་མི་ཐེངས་ཁྲི11.8ཀྲུང་གོར་ཐོན་ཡོད། ➤ཚེས1ཉིན་གྱི་ཆུ་ཚོད21བར། 2024ལོའི་གནམ་ལོ་གསར་ཚེས་སྐབས་ཀྱི་གློག་བརྙན་སྤ་སེ་བཙོང་ཚད་སྒོར་དུང་ཕྱུར15.15ཡིན་པ་དང་། ཀྲུང་གོའི་གློག་བརྙན་ལོ་རྒྱུས་ཀྱི་གནམ་ལོ་གསར་ཚེས་ཀྱི་སྤ་སེ་བཙོང་ཚད་ཀྱི་ཟིན་ཐོ་གསར་པ་བཏོད། ➤རང་རྒྱལ་གྱིས་བཟོས་པའི་སྦྲག་སྐྱེལ་གྲུ་གཟིངས་ཆེན་པོ་ཐོག་མ་སྟེ། ཨའེ་ཏ·མོ་ཏུའུ་རྟགས་ཅན་དེ་ཚེས1ཉིན་ནས་བཟུང་། ཧྲང་ཧའེ་གྲུ་ཁར་གཙོ་བོ་བྱས་ནས་སྐྱོད་ཐེངས་དང་པོ་གཏོང་མགོ་ཚུགས། ➤ཆིན་ཧྲན་ཉིང་རྡུལ་གློག་ཁང་རྟེན་གཞིའི་ཉིང་རྡུལ་གློག་འཕྲུལ་ཙུའུ9ཡི2023ལོའི་ལོ་འཁོར་གྱི་ཆ་སྙོམས་ནུས་པའི་རྐྱེན་ཆ96.8%དུ་ཐོན་ནས། གོ་ལ་ཧྲིལ་པོའི་འཕྲུལ་ཚན6དང་དེའི་ཡན་གྱི་ཉིང་རྡུལ་གློག་རྟེན་གཞིའི་ཁྲོད་ཨང་དང་པོར་སླེབས་ཡོད། ➤པེ་ཅིང་གི་ཧྲི་ཧྲ་མཚོ་ལྗོངས་ཁུལ་གྱི་བྱིས་པ་ཞིག་སེམས་ཆུང་མ་བྱས་པར་ཆུ་ནང་དུ་ལྷུང་བ་དང་། ལྷག་སེམས་ཅན་གྱི་གྲོང་མི་མང་པོ་བསྟུད་མར་མི་སྐྱོབ་པར་སོང་ནས་མཐར་ཉེན་རྟོག་པ་དང་མཉམ་དུ་བྱིས་པ་དེ་བསྐྱབས་སོང་། སྲིད་ཇུས། ➤《སྨན་རྫས་གཉེར་སྐྱོང་དང་བེད་སྤྱོད་སྤུས་ཚད་ལྟ་སྐུལ་དོ་དམ་བྱེད་ཐབས》ཚེས1ཉིན་ནས་བཟུང་ལག་བསྟར་བྱས་ནས། སྨན་རྫས་ཀྱི་ཁུངས་འདེད་ལམ་ལུགས་འཛུགས་པ་དང་ལག་བསྟར་བྱ་རྒྱུ་གསལ་བོར་བཏོན་ཡོད། ➤ཁྲུང་ཆིང་གིས་སྡེ་ལས་ཞབས་ཞུ་བས་གཏན་འབེབས་གཞིར་བཟུང་རིན་གོང་ཁ་གསལ་བྱས་ནས། སྡེ་ལས་ཀྱི་གྲོན་དངུལ་བསྡུ་སའི་མངོན་གསལ་དོད་སར་ཞབས་ཞུའི་ཚད་གཞི་དང་དངུལ་བསྡུའི་ལས་གཞི། གྲོན་བསྡུའི་ཚད་གཞི་སོགས་ཡུན་རིང་ཡོངས་བསྒྲགས་བྱེད་དགོས་པའི་བླང་བྱ་བཏོན། ➤ཧོ་ནན་གྱིས་ཡིག་ཆ་བཀྲམ་ནས་ས་གནས་སོ་ཞིང་ཆེན་ནང་ཁུལ་དུ་གསར་དུ་རླངས་འཁོར་ཉོ་མཁན་འཛད་སྤྱོད་པར་རླངས་འཁོར་ཉོས་པའི་རིན་གོང་གི་བརྒྱ་ཆའི5%ལྟར་ཁ་གསབ་སྤྲོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། དེ་རིང་གི་གནམ་གཤིས། ➤ནང་སོག་གི་བྱང་ཤར་རྒྱུད་དང་ཅི་ལིན་གྱི་ཤར་རྒྱུད། ཞིན་ཅང་གི་བྱང་རྒྱུད་དང་ཐེན་ཧྲན་རྒྱུད་ཀྱི་ས་ཁུལ། བོད་ལྗོངས་ཀྱི་བྱང་རྒྱུད་དང་ལྷོ་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད། ཁྲོན་ཞི་ས་མཐོའི་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་ངམ་ཁ་ཆར་འདྲེས་མ་འབབ་རྒྱུ་རེད། ལྷོ་ནུབ་ས་ཁུལ་གྱི་ཤར་ལྷོའི་རྒྱུད་དང་ཅང་ནན་གྱི་ལྷོ་རྒྱུད་དང་ནུབ་རྒྱུད། ཧྭ་ནན་གྱི་བྱང་རྒྱུད་དང་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་རེད། དེའི་ནང་། ཧུའུ་ནན་གྱི་ལྷོ་རྒྱུད་དང་ཀོང་ཞིའི་བྱང་ཤར་རྒྱུད་སོགས་ཀྱི་ས་ཁུལ་ལ་ལར་དྲག་ཆར་འབབ་རྒྱུ་རེད།