མི་གཞན་ལ་བུ་ལོན་བསྐྱི་རོགས་བྱས་ན་བུན་འཇལ་འགན་འཁྲི་སུས་འཁུར་དགོས།
发布时间:2024年01月04日 消息来源:

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

图片




图片


མི་གཞན་ལ་བུ་ལོན་བསྐྱི་རོགས་བྱས་ན་བུན་འཇལ་འགན་འཁྲི་སུས་འཁུར་དགོས།


བློ་མཐུན་རྩོམ་སྒྲིག་པ་ལགས། 

2011ལོར། ངས་རང་ཉིད་ཀྱི་མིང་ཐོག་ནས་ཡིད་རྟོན་དངུལ་ཁང་ག་གེ་མོ་ནས་མི་གཞན་ལ་བུ་ལོན་བསྐྱི་རོགས་བྱས་པ་ཡིན། ཕ་རོལ་བས་དུས་བཅད་ལྟར་བུ་ལོན་གཙང་འཇལ་བྱེད་མ་ཐུབ་པས། ཡིད་རྟོན་དངུལ་ཁང་གིས་བུ་ལོན་དངོས་སུ་བཀོལ་མཁན་ཞུ་གཏུག་བྱས། ཕྱོགས་གཉིས་ཀར་ཁྲིམས་ཁང་གིས་འདུམ་སྒྲིག་བྱས་པ་བརྒྱུད། ཁྲིམས་ཁང་གིས་དམངས་དོན་འདུམ་ཁྲ་བཏོན། བུ་ལོན་དངོས་སུ་བཀོལ་མཁན་གྱིས་ཁང་ནོར་ལ་བརྟེན་ནས་ཆད་དངུལ་གཙང་འཇལ་བྱས། འོན་ཀྱང་བུ་ལོན་དངོས་སུ་བཀོལ་མཁན་གྱི་ཁང་པ་ནི་ཐུན་མོང་གི་ཁང་ནོར་ཡིན་པས། ཡིད་རྟོན་དངུལ་ཁང་གིས་ཕ་རོལ་བའི་ཁང་ནོར་དང་ལེན་བྱེད་མ་ཐུབ། ལོ་ངོ10ལྷག་འགོར་ཟིན་པས། ད་ལྟ་སྲིད་གཞུང་སྡེ་ཁག་གིས་བུ་ལོན་འདེད་ཀྱིན་ཡོད་ལ། ང་ལ་བུ་ལོན་འཇལ་དགོས་པའི་རེ་བ་བཏོན། འདིར་འདྲི་རྒྱུ་ཞིག་ལ། གནས་ཚུལ་འདི་འདྲའི་འོག་ངས་ཇི་ལྟར་བྱེད་དགོས་སམ།

                   ཞེས་ཀློག་པ་པོ་ཀུན་འགྲུབ་ནས།

བློ་མཐུན་ཀུན་འགྲུབ་ལགས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུངགི་དོན་ཚན119པའི་ནང་དུ་གཏན་འབེབས་བྱས་དོན། ཁྲིམས་ལྟར་བཞག་པའི་གན་རྒྱ་ཡིན་ན། དོ་བདག་པར་བཅའ་ཁྲིམས་ཀྱི་གཅུན་ནུས་ལྡན།

ཁྲིམས་དེའི་དོན་ཚན465པའི་ནང་དུ་གཏན་འབེབས་བྱས་དོན། ཁྲིམས་ལྟར་བཞག་པའི་གན་རྒྱ་དེར་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་པ་དང་། ཁྲིམས་ལྟར་བཞག་པའི་གན་རྒྱ་ཡིན་ན་དོ་བདག་པར་བཅའ་ཁྲིམས་ཀྱི་གཅུན་ནུས་ལྡན་ཡང་། བཅའ་ཁྲིམས་ནང་གཏན་འབེབས་གཞན་ཡོད་པ་ཕུད་དགོས།

ཁྱོད་ཀྱིས་བརྗོད་པ་ལྟར་ན། ཡིད་རྟོན་དངུལ་ཁང་ག་གེ་མོས་བུ་ལོན་དངོས་སུ་བཀོལ་མཁན་ཁྲིམས་གཏུག་བྱས་རྗེས། ཁྲིམས་ཁང་གིས་རྩ་འཛུགས་བྱས་ཏེ་འདུམ་སྒྲིག་བྱས་འོག་ཕྱོགས་གཉིས་ཀ་གྲོས་མཐུན་བྱུང་ཞིང་། ཁྲིམས་ཁང་གིས་དམངས་དོན་འདུམ་སྒྲིག་བཅད་ཁྲ་བཏོན་ཟིན་པས། འདུམ་ཁྲ་དེར་བཅའ་ཁྲིམས་ཀྱི་བཙན་ཤུགས་ལག་བསྟར་བྱེད་པའི་ནུས་པ་ཡོད། ཡིད་རྟོན་དངུལ་ཁང་གིས་བུ་ལོན་དངོས་སུ་བཀོལ་མཁན་གྱིས་དམངས་དོན་འདུམ་ཁྲའི་ནང་དོན་ལག་བསྟར་མ་བྱས་པའི་གནས་ཚུལ་འོག ཁྲིམས་ཁང་གིས་བཙན་ཤུགས་ཀྱིས་ལག་བསྟར་བྱེད་པའི་རེ་བ་བཏོན་ཆོག

ཁྱོད་རང་ཡིད་རྟོན་དངུལ་ཁང་ག་གེ་མོ་དང་དེའི་བུ་ལོན་དངོས་སུ་བཀོལ་མཁན་ལ་ཁ་ཆད་གཞན་མེད་པའི་གནས་ཚུལ་འོག བུ་ལོན་དངོས་སུ་བཀོལ་མཁན་སྡོད་སའི་ཁང་པ་དེ་ཐུན་མོང་ཐོན་དབང་ཡིན་པའི་དབང་གིས། ཡིད་རྟོན་དངུལ་ཁང་གིས་ཕ་རོལ་བའི་ཁང་ནོར་དང་ལེན་བྱེད་མ་ཐུབ་རུང་། ཁྱོད་ཀྱིས་བུ་ལོན་འདིའི་སྐྱིན་ཚབ་འཇལ་མི་དགོས། །