སྦི་རག་ཞིམ་པོ་བསྙལ་ནས་གྲོང་གསེབ་དར་སྤེལ་བཏང་།
སྦི་རག་ཞིམ་པོ་བསྙལ་ནས་གྲོང་གསེབ་དར་སྤེལ་བཏང་།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཞིན་ཧྭ་དྲ་ཚིགས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཐོན་ལས་དར་རྒྱས་སོང་ན་མང་ཚོགས་ཕྱུག་པོར་ཆགས་ངེས། ཉེ་བའི་ལོ་ཤས་རིང་ལ། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་རྐང་ཚ་རྫོང་གིས་ཏང་འཛུགས་ཀྱིས་སྣེ་ཁྲིད་བྱེད་པར་རྒྱུན་མི་ཆད་པར་ཤུགས་སྣོན་བརྒྱབ་སྟེ། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་ལ་“འབྲས་བུ་མང་ཙམ་མངོན་པ”དང་། བོད་ལུག་གསོ་སྤེལ་དང་ནས་འདེབས་འཛུགས། སྦི་རག་བསྙལ་མ་སོགས་ཐོན་ལས་མང་པོ་སྡེ་མི“ཕྱུག་འགྱུར་གྱི་ནོར་བུར”འགྱུར་བར་སྐུལ་འདེད་བཏང་བ་མ་ཟད། གྲོང་གསེབ་ཀྱི་ཐོན་ལས་སྦྲེལ་ཐག་ཆགས་པར་བྱས་ཏེ། སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་ལ་གསོན་ཤུགས་གསར་པ་རྒྱས་པར་རོགས་འདེགས་བྱས།
སྦི་རག་གི་དྲི་ཞིམ་ཞིང་རོ་བཅུད་ལྡན། རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་ཚང་གོང་མ་སྡེ་བའི་སྦི་རག་ཐོན་ལས་ཀྱི་གྲོང་གསེབ་དར་སྤེལ་དཔེ་སྟོན་ས་ཚིགས་སུ་སྦི་རག་བསྙལ་ནས་ཐོན་སྐྱེད་ཚོད་ལྟ་བྱེད་པ་ལེགས་འགྲུབ་བྱུང་ཡོད།
ལའོ་ཁྲིན་གྲོང་ཁྱེར་གྱི་མཚོ་སྔོན་རོགས་སྐྱོར་དོ་དམ་ཚན་ཆུང་གི་ཚན་གཙོ་གཞོན་པ་དང་། རྐང་ཚ་རྫོང་འཕེལ་རྒྱས་དང་བཅོས་སྒྱུར་ཅུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། དཀོན་ལོ་ཚང་གོང་མ་སྡེ་བའི་སྦི་རག་ཐོན་ལས་ཀྱི་གྲོང་གསེབ་དར་སྤེལ་དཔེ་སྟོན་ས་ཚིགས་འཛུགས་སྐྲུན་རྣམ་གྲངས་ཀྱི་སྤྱིའི་རྒྱ་ཁྱོན་མུའུ17.08ཟིན་པ་དང་རྣམ་གྲངས་ལ་སྤྱིའི་མ་དངུལ་སྒོར་ཁྲི989བཏང་བ་ཚང་མ་ཧྲན་ཏུང་གི་འཛུགས་སྐྲུན་རོགས་སྐྱོར་མ་དངུལ་ཡིན། རྣམ་གྲངས་དེས་ལོ་རེར་སྦི་རག་ཏུན950ཐོན་སྐྱེད་བྱེད་རྩིས་ཡོད་པའི་ནང་ལྕགས་སྣོད་སྦི་རག་ཏུན475དང་ཟོ་སྣོད་སྦི་རག་ཏུན10དང་། ཟོམ་སྣོད་སྦི་རག་ཏུན465སོགས་རིགས་ཆེན་པོ་གསུམ་ཚུད་ཡོད། སྔོན་དཔག་བྱས་ན་ལོ་རེའི་ཕྱིར་འཚོང་ཡོང་འབབ་སྒོར་ཁྲི1120ཟིན་པ་དང་། ལོ་རེར་ཁེ་སྤོགས་སྒོར་ཁྲི180ཡོད་པ་དང་། མི15ཡིས་ལས་བྱེད་ཐུབ།
རྒྱུས་ལོན་བྱུང་བ་ལྟར་ན། སྦི་རག་བསྙལ་མའི་ཐོན་སྐྱེད་བྱེད་སྟངས་སྟབས་བདེ་བ་དང་རང་འགུལ་ཅན་གྱི་ཆུ་ཚད་མཐོ་ལ་ནུས་ཚད་ཟད་གྲོན་ཆུང་ཞིང་། ས་ཆ་བཟུང་བའི་རྒྱ་ཁྱོན་ཆུང་བ། ཐོན་སྐྱེད་ཁོར་ཡུག་གཙང་ལ་སྦགས་བཙོག་མེད་པ་བཅས་ཀྱི་ཁྱད་ཆོས་ལྡན་ཞིང་། དཀོན་ལོ་ཚང་གོང་མ་སྡེ་བའི་འགྲིམ་འགྲུལ་ལྟོས་བཅས་ཀྱིས་སྟབས་བདེ་བ་དང་རང་བྱུང་སྐྱེ་ཁམས་ཐོན་ཁུངས་དང་དེ་བཞིན་མི་ཆོས་ཡུལ་ལྗོངས་ཕུན་སུམ་ཚོགས་པས། ཧྲན་ཏུང་མཚོ་སྔོན་རོགས་སྐྱོར་བཀོད་འདོམས་པུའི་སྣེ་ཁྲིད་རོགས་རམ་འོག་ཏུ། དཀོན་ལོ་ཚང་གོང་མ་སྡེ་བས་སྡེ་བའི་ཐོན་ཁུངས་ལེགས་པོ་བེད་སྤྱད་དེ་སྦི་རག་བསྙལ་མ་ཐོན་ལས་ཅན་གྱི་རྣམ་གྲངས་བདམས་ནས་ལག་བསྟར་བྱས་པ་དང་། ས་གནས་དེ་གའི་ནས་དང་དེ་བཞིན་ས་བབ་མཐོ་ཞིང་སྦགས་བཙོག་མེད་པའི་གཏེར་ཆུ་རྒྱུ་ཆ་བྱས་པ་དང་། ཁྱད་ལྡན་སྦི་རག་ཐོན་སྐྱེད་དང་སྙོལ་རྒྱུ་གཙོ་བོར་བྱས་ཏེ། རིགས་མི་འདྲ་བའི་ཁྱད་ལྡན་སྦི་རག་གཞན་པ་ལ་བརྟེན་ནས་སྐད་གྲགས་ངེས་ཅན་ལྡན་པའི་རང་ཡུལ་གྱི་སྦི་རག་ཚོང་རྟགས་བསྐྲུན་པར་ཤུགས་བསྣན།
ལའོ་ཁྲིན་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཆེ་གཞོན་པ་དང་། རྐང་ཚ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ། ལའོ་ཁྲིན་མཚོ་སྔོན་རོགས་སྐྱོར་ལས་བྱེད་དོ་དམ་ཚན་ཆུང་གི་ཚན་གཙོ་ཟོན་ཅན་ཏིག་གིས་ངོ་སྤྲོད་བྱས་པ་ལྟར་ན། དཀོན་ལོ་ཚང་གོང་མ་སྡེ་བའི་སྦི་རག་ཕྱིར་འཚོང་དེ་ཚོང་རྟགས་ལ་བརྟེན་ནས་མང་འདུས་རྣམ་པའི་གཉེར་འཚོང་བྱེད་སྟངས་གྲུབ་ཡོད་ཅིང་། མཐའ་སྣེའི་སིལ་འཚོང་མཁོ་སྤྲོད་ཕུད་ད་དུང་ས་གནས་དེ་གའི་ཟ་ཁང་དང་ཡུལ་སྐོར་ལྗོངས་ཁུལ། ཆང་ཁང་བཅས་ལ་ཐད་ཀར་མཁོ་སྤྲོད་དང་གཏན་འབེབས་མཁོ་སྤྲོད་སོགས་ཀྱི་ཞབས་ཞུ་སྒྲུབ་བཞིན་ཡོད། སྦི་རག་གི་ཚོང་ར་རྒྱུན་མི་ཆད་པར་རྒྱ་ཆེར་བསྐྱེད་པ་དང་ཚོང་རྟགས་ཀྱི་སྐད་གྲགས་ཆོད་ཚད་ཇེ་ཆེར་བཏང་སྟེ་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་ཇེ་མང་དང་། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་ཡོད།