2023ལོའི་རྐང་ཚ་རྫོང་གི་གསར་འགྱུར་ཆེན་མོ་བཅུ།
发布时间:2024年01月08日 消息来源:

མིག་རྡེབ་དབང་ཙམ་གྱིས་ལོ་གཅིག་ཕར་ལ་འདས་སོང་། རྐང་ཚ་རྫོང་གི་འདས་ཟིན་པའི་ལོ་གཅིག་རིང་གི་ཐུན་མོང་མ་ཡིན་པའི་བཞུད་ལམ་དང་འབད་འབུངས་ཡར་བརྩོན་གྱི་གྲུབ་འབྲས་འགྲེམ་སྟོན་དང་། འཕེལ་རྒྱས་ཁྲོད་ཀྱི་ཁྱད་མཚར་གནས་ཚུལ་ལ་ཕྱིར་རྟོག  མི་སེམས་ལ་སྐུལ་མ་ཐེབས་པའི་མཚར་སྡུག་གི་ལམ་བུ་མངོན་པར་བྱ་ཆེད། ངེད་བོད་སྐད་ཡིག་སྡེ་ཁག་གིས2023ལོའི་རྐང་ཚ་རྫོང་གི་གསར་འགྱུར་ཆེན་མོ་བཅུ་རྩོམ་སྒྲིག་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྫོང་ཡོངས་ཀྱི་གོང་འོག་ཚང་མས་མངག་བཅོལ་ཡིད་ལ་བཅངས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱེད་པ། བསམ་བློ་བཅིངས་འགྲོལ་དང་མཐུན་སྒྲིལ་འབད་འཐབ། དཀའ་སྤྱད་དངོས་སྒྲུབ་བཅས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པས་བཏོན་པའི་དམིགས་འབེན་འགན་འཁྲི་དོན་འཁྱོལ་བྱེད་པར་སྐུལ་ལྕག་བྱས་ཏེ། 2024ལོར་རྐང་ཚ་རྫོང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱིས་ཐོད་བརྒལ་གསར་བའི་གྲུབ་འབྲས་ལེན་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་རྐང་ཚའི་ལེའུ་གསར་བ་རྩོམ་པར་སྐུལ་འདེད་བཏང་བ་ལགས།


རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།


图片

༠༡


རྐང་ཚ་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བཀོད་སྒྲིག་ཚོགས་འདུ་བསྡུས།

图片

༠༢


རྐང་ཚ་རྫོང་གི་ཟླ༦པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཏེ། དྲིན་བཟོའི་ཁྲོད་དུ་ཡར་བརྩོན་བྱེད་ཞེས་པ་བརྗོད་དོན་ཡིན་པའི་མང་ཚོགས་རང་བཞིན་གྱི་རིག་གནས་སྣ་མང་བྱེད་སྒོ་སྤེལ།

图片

༠༣


རྐང་ཚའི་ཞིང་ཕྱུགས་ལས་བསྒྱུར་བཀོད་འཕེལ་རྒྱས་ཀྱི་གོམ་སྟབས་གསར་བ་སྤོས།

图片

༠༤


2023ལོའི་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསེར་ཉ་ཚང་དུ་ལོག་པའི་གསར་འགྱུར་ཆེན་མོའི་ཐད་གཏོང་ལེ་ཚན་ལེགས་འགྲུབ་བྱུང་།

图片

༠༥


མཚོ་སྔོན་པོའི་བྱང་འགྲམ་གྱི་སྐྱེ་ཁམས་ཡུལ་སྐོར་ལ་སྒུལ་ཤུགས་གསར་བ་བསྩལ།

图片

༠༦


སྙན་ངག་གི་དགྱེས་སྟོན་དང་བསྟུན་ཏེ་རྐང་ཚར་བཅར། 2023ལོའི་མཚོ་སྔོན་པོའི་སྙན་ངག་དུས་ཆེན།

图片

༠༧ 


ཀྲུང་གོ.མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་གྱི་སྐྱེན་པོའི་མདའ་རྩལ་འགྲན་བསྡུར་སྐབས་བརྒྱད་པ་རྐང་ཚ་རུ་བསྡུས།

图片

༠༨


མཚོ་སྔོན་པོའི་སྨྱན་བྱད་གསར་རྩོམ་བརྗེ་རེས་ཚོགས་འདུ་ཐོག་མ་རྐང་ཚ་རུ་བསྡུས། 

图片

༠༩ 


རྐང་ཚ་རྫོང་བོད་སྨན་ཁང་གིས་སྐབས་དང་པོའི་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་རིན་ཆེན་སྦྱོར་བཟོའི་ལག་ལེན་ཡོངས་འགྲུབ་བྱས།

图片


༡༠


ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་རྐང་ཚའི་རྩྭ་ཐང་གི་བུ་རྒོད་མཁའ་འགྲོ་ཐར་གྱི་སྣང་ཚུལ་ཏང་གི་སློབ་ཚན་སྐོར་སྐྱོད་འཁྲབ་སྟོན་མགོ་བརྩམས།

图片

རྒྱང་སྐྱོད་གསར་བ་འབད་པས་བརྩོན།། སྟོབས་ཤུགས་སྒྲིལ་ནས་སླར་ཡང་བསྐྱོད།། ལོ་གསར་བའི་ནང་དུ། རྐང་ཚ་རྫོང་གི་རིགས་སོ་སོའི་བུ་དང་བུ་མོས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མཛུབ་ཁྲིད་དུ་བཟུང་སྟེ། དུས་རབས་ཀྱི་སྐད་སྒྲར་ཉན་བཞིན། སེམས་ཤུགས་གཅིག་སྒྲིལ་གྱིས་མདུན་དུ་བསྐྱོད་དེ། མཐུན་སྒྲིལ་དང་འབྱོར་ཕྱུག དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྐང་ཚ་གསར་བ་འཛུགས་སྐྲུན་བྱ་དགོས།

                                                            ཚེ་བྱམས་རྒྱལ་དང་སངས་རྒྱས་ཚེ་རིང་གིས་སྒྲིག་སྒྱུར་བྱས།