ཉི་ཤར་ལ་བལྟ་ན་རྐང་ཚ་རྫོང་ལྷ་ཆབ་ཁུག་ལྗོངས་ཁུལ་དུ་ཤོག
བོད་མཁར་རྐང་ཚ། རླབས་ཕྲེང་དགུང་དུ་འཕྱོ་བའི་མཚོ་སྔོན་པོའི་བྱང་ངོགས་དང་རྐང་ཚ་རྫོང་མཁར་བར་སྤྱི་ལེ30ཙམ་ལས་མེད་པ་དང་མཚོ་འགྲམ་དུ་ཆུ་སྐྱའི་ལྡིང་སྐོར་རྒྱག་ལ་མཚོ་ནང་དུ་གསེར་ཉའི་འཁྱུག་རྩལ་ངོམ། ད་དུང་ཉི་ཤར་ནས་ཉི་ནུབ། མཚམས་སྤྲིན་དང་སྐར་ཚོམས། མཚེའུ་དང་ཆུ་བྱ་བཅས་ཀྱིས་རང་བྱུང་མཛེས་སྡུག་གི་རི་མོ་ཞིག་བཏོད་ཡོད། སྐྱ་རེངས་འཆར་ལ་ཉེ་བའི་དུས་སུ་མཚོ་སྔོན་པོའི་ཕ་མཐའ་ནི་ནམ་མཁའ་དང་མཉམ་དུ་འདྲེས་ཤིང་ཤར་ཕྱོགས་ནས་ཉི་རྩེ་འཆར་འོངས་དུས་མཚོ་ངོས་དྲོད་འཇམ་གྱི་ལི་མདོག་ཏུ་གྱུར་ནས་ཉི་འོད་དང་མཚོ་མོའི་ངོ་བོ་གཞི་གཅིག་ཏུ་འདྲེས་ཏེ་མི་སེམས་འགུལ་བའི་མཛེས་སྣང་ཞིག་སྦྱིན་ཡོང་། ལྷ་ཆབ་ཁུག་ལྗོངས་ཁུལ། ལྷ་ཆབ་ཁུག་ལྗོངས་ཁུལ་ནས་ཉི་ཤར་བལྟ་བ་ནི་དེ་འདྲའི་སྟབས་བདེ་ཟོར་ཡངས་ཀྱི་ཡུལ་སྐོར་ཞིག་གཏན་ནས་མིན་ལ་ལྷག་ཏུ་སེམས་ཁམས་ཀྱི་གཙང་བསྒྱུར་ཐེངས་ཤིག་ཡིན། རྒྱ་ཆེའི་ཡུལ་སྐོར་བ་དང་དེ་བཞིན་རྫོང་ཡོངས་ཀྱི་ལས་བྱེད་མང་ཚོགས་རྣམས་པར་གཞན་ལ་མེད་པའི་ཉི་རྩེའི་མིག་དབང་གི་དགའ་སྟོན་གཤོམ་ཆེད་ལྷ་ཆབ་ཁུག་ལྗོངས་ཁུལ་རིན་མེད་ངང་ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱུ་ཡིན། བརྩེ་ལྡན་གྱི་གྲོགས་པོ་རྣམས་པ་རྐང་ཚའི་ལྷ་ཆབ་ཁུག་ལྗོངས་ཁུལ་དུ་ཡོང་ནས་གསེར་མདོག་གི་ཉི་ཤར་བསུ་བར་དུས་བཅད་ཐེངས་ཤིག་བྱས་ནས་ཉིད་ཀྱི་གྲོགས་པོ་དག་ལྷན་ཅིག་ཁྲིད་དེ་དགུན་དུས་ཀྱི་མཚོ་སྔོན་པོའི་ཉི་ཤར་ལ་ལྟད་མོར་བལྟ། དགུན་དུས་ཀྱི་མཚོ་སྔོན་པོའི་མཛེས་སྡུག་ཉམས་སུ་མྱངས་ནས་དག་སྣང་གི་མཚོ་དར་སྔོན་མོའི་འཇིག་རྟེན་ལ་འཚོལ་སྙེག་བྱེད་དུ་ཤོག